རྒྱལ་མོ་དངུལ་ཆུའི་དབྱངས་རྟ།

རྒྱལ་མོ་དངུལ་ཆུའི་མདངས་ལ།།


ནམ་མཁའི་ཉི་ཟླ་འཁོར་ཡོད།།


ཉི་ཟླའི་འོད་ཁྱིམ་དབུས་ལ།།


མེས་པོའི་རྣམ་ཤེས་ཆགས་ཡོད།།



རྒྱལ་མོ་དངུལ་ཆུའི་བཞུར་རྒྱུན།།
སྐར་མའི་གཞུང་ལ་འདྲེས་ཡོད།།
ས་ཆེན་ཧར་གྱིས་གཤག་པས།།
གཞོན་པའི་སྙིང་སྟོབས་ཁུར་ཡོད།།

རྒྱལ་མོ་དངུལ་ཆུའི་རླབས་ལ།།
སྤྲིན་དཀར་འདབ་མ་ཁུར་ཡོད།།
སྤྲིན་དཀར་འདབ་མའི་མདངས་ལ།།
ན་ཆུང་བརྩེ་བ་ཐིམ་ཡོད།།

རྒྱལ་མོ་རྔུལ་ཆུའི་གཞུང་ལ།།
མེས་པོའི་བླ་སྲོག་ཐིམ་ཡོད།།
གཙང་བོ་བཞུར་སྒྲ་སྙན་མོ།།
དབྱངས་རྟའི་གདངས་ལ་འདྲེས་ཡོད།།

རྒྱལ་མོ་དངུལ་ཆུའི་རླབས་ཕྲེང་།།
མཚམས་སྤྲིན་ཀློང་ལ་འཕྱོ་བས།།
དམར་སེར་འོད་ཀྱི་མདངས་ལ།།
གངས་རིའི་བླ་སྲོག་ཐིམ་ཡོད།།

རྒྱལ་མོ་དངུལ་ཆུའི་འོད་ལ།
གནའ་བོའི་བཙན་མཁར་ཤར་ཡོད།།
སུ་དང་གང་གི་མི་ཁོག།
མཐའ་ཡས་རྒྱ་མཚོར་འདྲེས་ཡོད།།

རྒྱལ་མོ་དངུལ་ཆུའི་རླབས་དཀར།།
དཀར་པོ་གངས་ཀྱི་བདུད་རྩི།།
བདུད་རྩིའི་བཅུད་ཀྱི་རྒྱུན་ལ།།
ཚེ་ཡི་རྨུ་ཐག་བསྲིངས་ཡོད།།

རྒྱལ་མོ་དངུལ་ཆུས་བྲིས་པའི།།
རི་ལུང་བྲག་རོང་བརྒལ་ནས།།
ནོར་བུ་དགའ་འཁྱིལ་རི་མོ།།
གངས་རིའི་མགྲིན་དུ་དཔྱངས་ཡོད།།

རྒྱལ་མོ་དངུལ་ཆུའི་འཕྱོ་ཚུལ།།
དམར་པོ་བྲག་གི་བཅད་རུང་།།
གཙང་བོའི་ཟེགས་མའི་ཕུང་པོ།།
སྔོན་མོ་མཚོ་རུ་མེར་ཆོག།།

རྒྱལ་མོ་དངུལ་ཆུའི་རླབས་སྒྲ།།
དམར་པོ་བྲག་ལ་འཕྱོ་བ།།
བྲག་ལ་འཇིག་པ་མེད་ཀྱང་།།
རླབས་ལ་འཇགས་མཚམས་མེད་དོ།།

རྒྱལ་མོ་དངུལ་ཆུའི་གཞུང་ལ།།
བསྐལ་བའི་ཆགས་འཇིག་ཐིམ་ཡོད།།
གཙང་བོའི་གླུ་སྐད་སྙན་མོ།།
སྙན་ཚིག་གདངས་ལ་འདྲེས་ཡོད།།

རྒྱལ་མོ་དངུལ་ཆུའི་དབྱངས་རྟ།།
མེས་པོའི་གླུ་སྐད་ཡིན་སོང་།།
གླུ་སྐད་དབྱངས་རྟའི་འགྱུར་ལ།།
འཚོ་བའི་རི་མོ་བྲིས་ཡོད།།

རྒྱལ་མོ་དངུལ་ཆུའི་དུངས་བ།།
ནམ་མཁའི་རླུང་ལ་བསྐུར་ཡོད།།
རླུང་ལ་ཟད་མཐའ་མེད་ན།།
ཚིག་ལ་རྫོགས་མཐའ་མི་འདུག།

མི་ཤིགས་ཐིག་ལེས༢༠༢༣:༩:༧ལ།

གཞན་གྱིས་བཤད་སྒྲོས་སྣང་དོགས་དེ་ཙམ་མི་བྱེད་པར།
རང་ཉིད་ཀྱི་ཤེས་རབ་ལ་རྟེན་ནས་ང་ཚོའི་གསལ་རིག་གི་སེམས་སུ་འོད་སྣང་སྦར་ཐུབ་རྒྱུ་གལ་ཆེན་པོ་ཡིན། དེ་ལྟར་བྱས་ནས་བླང་དོར་གྱི་ཐབས་མ་ནོར་བ་ལ་ལ་རྟེན་ནས་རང་རྒྱུད་དུ་སྐྱོན་སྣ་རེ་སྤངས་པ་དང་ཡོན་ཏན་སྣ་རེ་སྒྲུབ་པ་དེ་ནི་ཆོས་ལ་སྐྱབས་སུ་འགྲོ་ཚུལ་ངོ་མ་དེ་རེད།

ཁྲི་ཤེར་གྱིས།

པང་ཁུག་གི་མེ་ཏོག

དབལ་སྙུག་ནས།
ཁྱོད་ཀྱི་པང་ཁུག་གི་མེ་ཏོག
ངའི་བདག་འཛིན་གྱི་རྣམ་ཤེས་ལ་འཁྱིལ།
ང་ཡི་ཡ་ཆུང་དུ་དགོད་པའི་མེ་ཏོག་མ།

འཚམས་ཞུ་བྱེད།
དེ་ནི་ངོ་མ་ཞེན་ཆགས་ཞིག་གམ་ལས་སྐལ་གྱི་མེ་ཏོག་ཡིན་ནམ།
སེམས་པ་དེས་ཧམ་སེམས་དང་བསམ་གཞིགས་ཡང་འཁོར་བྱུང་།
ཡང་ན་ལོ་མང་འདྲེས་པའི་བརྩེ་ཞེས་དེ་ལན་ནམ།
ཁྱོད་ཀྱི་པང་དུ་སླེབས་པར་འདོད།
ང་རང་བླུན་སོང་ངམ་འཁྲུལ་སྣང་མང་པོ་དེས་བདག་འཛིན།
ཁྱོད་ཀྱི་པང་ཁུག་གི་མེ་ཏོག་ཡིན།
ད་དུང་སེམས་ཞེས་དྭངས་མོ་ཞིག་དང་བཤད་འཕྲོ་ལས་པ་གང་ན་ཡོད་དམ།
ང་ཡི་མི་ཚོགས་འདུ་སའི་བརྩེ་ཞེས་ཀྱི་མེ་ཏོག་མ།
དྲན་པ་དེ་ཅི་འདྲའི་མགྱོགས་པ་ལ།
སྟོན་རླུང་གྲང་ལྷགས་རྒོད་པའང་མ་ཚོར།
དེ་ནི་སེམས་ལ་བཏེགས་པའི་དགའ་ཞེན་ནམ།
ཡིད་ཚོར་ཆུང་ཆུང་ཞིག་འདི་རུ་བྲིས་ཡོད།


发布     👍 0 举报 写留言 🖊   
✋热门推荐
  • #诗词古风今韵[超话]# 精典之作美文欣赏[鲜花][鲜花][心][心][给力][给力] ❤️把你的脸迎向阳光 ❤️就能感受温暖 ❤️把你的脸迎向微风 ❤
  • 人但凡被欺骗過後便很難再談信任, 特別是女孩子, 無關改不改過, 只是以後無論他說什麼做什麼第一感覺就是懷疑。 經常删除社交網絡論壇寫過的貼文的人, 原因是:
  • 我喜欢拍照 但也知道真实的自己什么样子 我希望你从我的照片认识我 又希望你先认识我这个人 我能做到的 只是坦然接受我自己真实的样子 告诉你 当然我要做到的是成
  • #NGV# #维多利亚州国立美术馆# 19世纪好像看似遥不可及,但是在墨尔本完全可以看得见甚至摸得到。如果站在这些墨尔本的街,你无法忽略这些矗立百年的老建筑,
  • #古代中国# 【清明上河图】 中国十大传世名画之一。为北宋风俗画,北宋画家张择端仅见的存世精品,属国宝级文物,现藏于北京故宫博物院。 清明上河图宽24.8
  • 我跟家人们交流,哥哥的骨子里是偏乐观的,而弟弟的骨子里是偏悲观的;哥哥平和却更开放,弟弟看似热情外向实则敏感且轻微封闭。 我的结论得到的反应比较一致:什么?你
  • 记一段即将消失的感情 关于77。 大家都来得非常不容易。29号于之一在微信里说,他前一天晚上才找到一个乐迷大哥的顺风车,她女朋友坐十几个小时的火车,无座。听
  • 今日份✍️ 见面前一天我俩都梦见了对方见面之后我们俩都晕车前后花了一个多小时在缓解[衰]我终于吃到了想了大半个月的小龙虾太满足啦!!
  • !保存图三到VX扫码下单购买方式:①:【N【保存图片微信扫描下单】】‼️②:点击@趣评测詹志斌 置顶微博,进入V店搜索相关关键词。
  • 【平常语·甘露味】人的成熟不是年龄,而是心态;心的成熟不是遇事的多少,而是对待事情的态度。佛心容天容地容一切,不思量过去,不恐慌未来,不紧张现在,善观自心,自然
  • 这时,张韶等人已经冲进了清思殿,登上了皇帝的宝座,和苏玄明一边吃东西,一边说道:“你的占卜,果然灵验,我已经做过皇帝,你也做过了宰相,我们赶快出去吧。苏玄明又道
  • 希望我的最忠实粉丝就是我自己...#朴薄韩语# 各位晚安啦~[心]相反,如果对我自己不满的话对周围人也很不满。
  • 如果您想要向需要帮助的牠们伸出援手,请点击下方链接,启明小动物保护中心,感谢您的援助[心] 启明编辑组 猪猪 #布偶猫[超话]##布偶猫# 从去年9月蹲到现在,
  • 慈叶的稿费就是40r/k,商稿双倍,我从来没有骗过人,而且慈叶本人说清楚了是她自己记错(p2),我给她支付的稿费从来从来都没有达到160,更不存在刻意压价的问题
  • ‍♂️前幅的蕾丝设计,我觉得是有起到聚拢效果的,让胸型更有型。 这款绝对是四季通用的经典款裸感内衣,很推荐你们!
  • 其中,亚马逊首席执行官杰夫·贝索斯(Jeffrey Bezos)是最大卖家,他在2月份第一周抛售了价值34亿美元的股票,如果他持有这些股票到3月20日出售,损失
  • 我永远不会忘记,我老公第一次把我带到他家的时候,他哥哥嫂子是看不上我的,一直用家乡话说找了一个山东佬。但每次大嫂都耍赖,只要婆婆帮我做什么她就闹,比如婆婆帮我洗
  • 第三名:《天龙八部》刘亦菲版的《天龙八部》在豆瓣上的评分是8.3分,这也是张纪中改编的金庸武侠中,比较经典的一部。第三名:《天龙八部》刘亦菲版的《天龙八部》在豆
  • 我的意志力可以顶得住,但就怕身体扛不住,就跟我之前三个月减掉30斤一样,我的意志力告诉我还能再来十斤,但我的身体却告诉我,你特么赶紧去医院…还有很多可以玩的东西
  • 其实,每个人在各方面各有各的优势有的人,往往看到别人比自己好的那些东西,而忽略了自己那些,令别人羡慕的东西,好攀比,甚至嫉妒别人。 有的人活在过去,这类人往