ལོ་རྒས་སོང་ཟེར་ནས་སློབ་གཉེར་གྱི་སེམས་ཤུགས་ཉམས་པ་དེ་ཡང་སློབ་གཉེར་གྱི་བཀག་རྡོ་ཆེན་པོ་ཡིན། ད་རྒས་སོང་སློབ་གཉེར་མི་བྱེད་ཉམས་ལེན་བྱེད་ཟེར་མཁན་དག་གིས་སློབ་གཉེར་གྱི་ཆོས་དང་ཉམས་ལེན་གྱི་ཆོས་སོ་སོར་ཕྱེ་བ་དེ་ནོར་འཁྲུལ་ཆེན་པོ་ཡིན། གང་ལ་སློབ་གཉེར་བྱས་པའི་ཆོས་དེ་ཉིད་ཉམས་སུ་ལེན་དགོས་པ་ལས་ཉམས་ལེན་གྱི་ཆོས་ཡན་གར་བ་ཞིག་གཏན་ནས་མེད། སློབ་གཉེར་ཅི་ཙམ་མང་བ་དེ་ཙམ་གྱི་ཉམས་ལེན་གྱི་ཆོས་མང་བ་ཡིན། ཡང་ལ་ལས་སློབ་གཉེར་མི་བྱེད་ཁ་བཏོན་བྱེད་ཟེར། སློབ་གཉེར་མེད་པའི་ཁ་བཏོན་ཕལ་ཆེར་རྣམ་གཡེང་དང་ཆགས་སྡང་གིས་འཁྱེར་བ་སླ། དཔེ་ཆ་ལྟ་དུས་མ་མཐའ་ན་ཡང་རྣམ་གཡེང་འགོག་ཐུབ། ཡང་ལ་ལས་ད་རྒས་ཏེ་རིག་པ་ཉམས་སོང་བས་དཔེ་ཆར་ལྟས་ཡང་མི་ཤེས་ཀི་སྙམ་པ་ནི་སློབ་གཉེར་གྱི་བཀག་རྡོ་ཡིན། ལོ་རྒས་ན་རིག་པ་དེ་ཙམ་མི་མྱུར་ཡང་རིག་པ་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པས་རྒས་ནས་དཔེ་ཆར་བལྟས་ན་ལྷག་པར་གོ་བ་ཡག་པོ་ཆགས་ཐུབ། རྒྱུ་མཚན་དེ་དག་གི་ཕྱིར་དཔེ་ཆར་ལྟ་བ་ཉམས་ལེན་གྱི་མཆོག་ཏུ་འཛིན་རྒྱུ་ནི་ཤིན་ཏུ་གལ་ཆེ།མི་ཚེ་གང་བོར་སློབ་གཉེར་བྱེད་པ་དང་། འཆི་དུས་དཔེ་ཆ་དང་འགྲོགས་ཏེ་འཆི་རྒྱུ་དམ་བཅའ་བརྟན་པོ་ཡོད་ན་བློ་ངན་འདི་བཟློག་ཐུབ། ལོ་ཅི་ཙམ་རྒས་ཀྱང་དཔེ་ཆ་མ་བཏང་ན་དཔེ་ཆ་བ་བཟང་བོ་ཞིག་ཏུ་འགྱུར་བར་ཐེ་ཚོམ་མེད།

༼༣༧༽
ཕུགས་བསམ་གྱི་གཤོག་པ་རང་དབང་གི་
ནམ་མཁར་རྐྱོང་རྒྱུའི་སེམས་ཤུགས་མ་ཉམས་པའི་ཡར་སྔོན་དུ།
དངོས་ཡོད་ཀྱི་འཚོ་བ་དང་སྤྱི་ཚོགས་ཀྱི་འགལ་འདུ་ཡིས་
ཉམ་ཆུང་བའི་རང་ཉིད་ཀྱི་ཚིགས་ཀ་མ་མཐོང་བའི་ཡར་སྔོན་དུ།
ངོ་སོ་དང་རྒྱུ་འབྱོར་གྱིས་རྣམ་ཤེས་ཀྱི་རྒྱུ་བ་མ་འགག་པའི་ཡར་སྔོན་དུ།
ངས་ཅིས་ཀྱང་ཁྱེད་ལ་སྙན་ངག་ཅིག་འབྲི་དགོས།

འདང་བརྩེ་ཡི་རི་མོ་དེ་
ངའི་རྣམ་ཤེས་ཀྱི་གཏིང་རུམ་ནས་མ་སུབ་གོང་།
མཛའ་དུང་གི་སྣང་བ་དེ་
ངའི་ཤ་གསེང་གི་ཁྲག་རྒྱུན་ནས་མ་སྐམ་གོང་།
ངས་གཞོན་པའི་ཁ་སྟབས་དང་སྣང་བའི་མཐོ་རླབས་ཀྱི་བར་ནས་
ཕྱིས་ཀྱང་སྙན་ངག་ཅིག་འེ་འཁྱོངས་ལྟ་དགོས།

དེ་མ་གཏོགས
ད་ལྟ་ངས་ཅི་ལའང་འགྱུར་བ་གཏོང་མི་ཐུབ་པ་ཤེས་ལ།
ད་ལྟ་ང་ཁྱེད་རང་ནང་བཞིན་རང་ཉིད་ལ་ཡིད་ཆད།

སྐྱོ་སྐྱོས་རིན་པོ་ཆེའི་ཚོང་ཁང་ཞིག་གི་སྒོ་འགྲམ་ནས་ཤོག་བུ་ཞིག་གི་ངོས་ལ་ཁྲག་དམར་ཆི་ལེར་སྙན་ངག་ཚན་པ་ཞིག་བྲིས་ཏེ་ལྷ་སྐྱིད་ལ་སྤྲོད་ཞོར་དུ། “ངས་ཁྱོད་ལ་མིང་དང་ཚིག་གིས་སྦྱང་རྡུང་བྱས་པའི་རྡོ་རྗེ་ཕ་ལམ་གྱི་མཛུབ་དཀྲིས་འདི་སྟེར”ཞེས་སྨྲ་བ་ན། ལྷ་སྐྱིད་ཀྱིས་གད་མོ་ཐག་གེར“还是留给下一任”ཟེར། [允悲]


发布     👍 0 举报 写留言 🖊   
✋热门推荐
  • 发源于浙赣边界的信江河,默默无言从东向西穿城而过,浇灌了两岸的农田,养育了两岸的百姓,见证了数千年的历史变迁。《弋阳县志》记载:“弋市米为之食水多,软而适口,省
  • #井柏然[超话]#|#井柏然温莎森林forvil全球代言人# 220520的晚安分享井宝语录——谁再说井柏然是小鲜肉,我跟谁急!“洋洋爱不完的井宝”系列之饭修朋
  •   28.花总是表里不一,而我不年轻了,不知道该怎么守护她。  43.我在想,星星发亮是否为了让每个人有一天能找到自己的星星。
  • 没目标的人睡不醒,努力才是人生的应有态度,睁开眼就是新的开始。 #重庆婚纱照##每日一善[超话]##阳光信用# [可爱]#每日一善# 感恩是一种善行,我们要感
  • 江西南昌:第一时间、第一地点实行“落地检”近14天中高风险地区和本土病例报告地区人员,须提前3天向社区(村)或单位报备,携带24小时内核酸检测阴性证明。自5月5
  • 不孝顺父母的人,没有生而为人最基本的感恩之心,在婚姻里,会让伴侣感到寒心,在教育上,无法让孩子懂得感恩。少之又少,不负此生也只不过一种美好的表像罢了,油枯灯灭时
  • 很多人说凡事都顺的话,是愚孝,可我不这个认为,老人是不可复制的文物,说没就没了,他那种个性已经持续那么长时间,教育他也该是他父母的事情,我是个晚辈,是孩子,我只
  • 真的,从我住进来,隔壁这对小情侣吵架砸东西就不间断发生虽然我没什么资格评头论足,但我还是想说爱的这么不耐烦真的别爱了降噪耳机不是用来享受音乐的而是降你俩的吵架的
  • 当然,陈田华强北,仅仅是就供应链而言,驻马店有更伟大的期许,国际产业园将成为“中国农业硅谷”。按照正在准备进入国际产业园区的河南尚品食品公司的说法,“以前我们在
  • 第2章 不要悲伤,不要难过 花园酒店,临街雅座。林小玥随一面生男子进入,看到熟悉的背影,脑中还搜索着像谁。 “姗姗,面包借我一个。”好巧不巧,林小玥也来了,那
  • (我没有说都没错)吃饭间,妞:妈妈,我最喜欢喝这个粥了,希望每天都能喝到她。妞:对,是的,妈妈,我希望喝到我喜欢的大碴子粥,妈妈,谢谢你给我换粥,我先吃饭去了,
  • 操作上,短线看形态,找低位突破出现右侧追涨信号的,中长线看趋势,买已经形成新的上涨趋势的,或者躺进行业ETF,也是不错的选择。操作上,短线看形态,找低位突破出现
  • 那是我一直希望的事情,在某个世界他说他这段日子真的很开心,他说他过得很充实.......他很幸福,而且依旧是远坂时臣本身,不是套了个皮的幸福;(唉,月球还是很厉
  • 来深业上城吴系、文华东方,确认你们都好好的,前者依旧亲民可人,后者依然优雅迷人,让我好放心。爱凌重返滑雪场也算给大家一个信号,她现在依然是一名运动员!
  • “我始终坚持把不锈钢的延伸与发展作为自己的主业,坚信专业的人做专业的事,深耕一定会有收获,”马杰诉说着对不锈钢行业的理解,“客户需要我,我才存在,客户需要我,我
  • 找不到她好难受,太想她太想关注她了,求告诉,10月19号和20号在总决赛广州站现场欧莱雅展台那cos风女和大元素使的,从十月20号晚上到现在找了很久了想关注她
  • 来自虚拟区高级运营_Official哔哩哔哩动态: ​互动抽奖 ‍为感谢大家一直以来对虚拟UP主的支持与陪伴,‍虚拟酱又来送福利啦[打call]~【转发+关注@
  • 我在公园开会,佑仔跟爸爸来找我,见到我的同事一脸害羞,人家跟他打招呼他也不吭声,问什么都说,你说妈妈,跟我说什么都要加一句妈妈,比如我问他想妈妈了没,他说想了,
  • #阴阳师手游[超话]#出个冬之雪华为渠道账号资源:真全图(sp辉夜姬可以上线直接用签到领,也可以抽)签到sp未收录未用,8万+勾玉,6万体力顶级pve御魂:破荒
  • 不过水瓶很聪明,他们的智慧是你无法想象的,就算你看着他们反复无常,但他们其实一直在努力创新,很少会考虑外界因素,只会按照自己想做的一往无前。不过水瓶很聪明,他们