ལོ་རྒྱུས་ལ་ས་རྒྱུས་དང་ལོ་ཚིགས་གཉིས་མེད་མི་རུང་པས་འདི་གཉིས་ཤེས་ན་དམིགས་བསལ་ཆོས་འབྱུང་ཁག་ལྟ་ཀློག་སྐབས་ཁྱེད་ལ་བློ་བསྐྱེད་གསར་པ་རེ་འབྱུང་སྲིད། དེ་བས། གཤམ་དུ་ལོ་རྒྱུས་རང་བཞིན་ཅན་གྱི་དགོན་པ་དང་རི་ཁྲོད་འགའ་རེ་ཁྱེད་རྣམ་པའི་སྤྱན་ལམ་དུ་བསྟར་ན།
པར་རིས་དང་པོ་འདི་ནི་ངམ་རིང་ཆོས་སྡེ་ཡིན་ལ། ངམ་རིང་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་བྱམས་པ་གླིང་ནི་ས་སྐྱའི་བླ་མ་ཏི་ཤྲི་ཀུན་དགའ་བློ་གྲོས་ཀྱིས་བཏབ་པ་དང་། སྤྱི་ལོ་༡༢༧༦ལོར་ཡོན་བཙུན་གྲགས་པ་དར་གྱིས་བཏབ་པའི་བཤད་ཚུལ་དང་། ལོ་རྒྱུས་གཞན་ཞིག་ལས་མི་ཉག་སེའུ་རྒྱལ་པོའི་རྒྱུད་པར་གྲགས་པ་དར་ཞེས་པས་བྱང་བདག་གི་རྫོང་གཞིས་སུ་བཏབ་པར་ཡང་བཤད། བྱང་ངམ་རིང་རྫོང་ཁོངས་སུ་ཡོད།
པར་རིས་གཉིས་པ་འདི་ནི་སྔོན་དབུས་ཀྱི་གདན་ས་ཁག་དྲུག་གི་ཡ་གྱལ་ཟུལ་ཕུ་དགོན་པའི་ཤུལ་ཡིན། འདེབས་མཁན་དང་བཏབ་ལོ་མི་གསལ། ཆུ་ཤུར་རྫོང་ཁོངས་སུ་ཡོད་པར་བཤད།

པར་རིས་གསུམ་པ་འདི་ནི་དངུལ་ཆུ་ཆོས་རྫོང་རི་ཁྲོད་ཡིན།  རྒྱལ་སྲས་དངུལ་ཆུ་ཐོགས་མེད་དང་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡབ་སྲས་རྣམས་ཀྱི་སྒྲུབ་གནས་ཡིན། བཞད་མཐོང་སྨོན་རྫོང་ཁོངས་སུ་ཡོད།
པར་རིས་བཞི་པ་འདི་ནི་ཆོས་འཁོར་ཡང་རྩེ་དགོན་ཡིན་ལ། སྔོན་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་སྐབས་བཏབ་པའི་སྙུག་ལ་ལེགས་བཤད་གླིང་གི་གནས་ཡིན། ཆུ་ཤུར་རྫོང་ཁོངས་སུ་ཡོད།

པར་རིས་ལྔ་པ་འདི་ནི་འབྲས་ཡུལ་སྐྱེད་ཚལ་དགོན་པ་ཡིན། ༡༤༤༩ལོར་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་གྱིས་བཏབ། དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོ་ཞིག་ཡིན། རིན་སྤུངས་རྫོང་ཁོངས་སུ་ཡོད།
པར་རིས་དྲུག་པ་འདི་ནི་རྟ་ནག་ཐུབ་བསྟན་དགོན་པར་གྲགས། ཀུན་མཁྱེན་གོ་བོ་རབ་འབྱམས་པས་རབ་བྱུང་བརྒྱད་པའི་ཆུ་སྦྲུལ་༡༤༧༣ལོར་བཏབ། བཞད་མཐོང་སྨོན་རྫོང་ཁོངས་སུ་ཡོད།

པར་རིས་བདུན་པ་འདི་ནི་ཐུབ་བསྟན་གསེར་མདོག་ཅན་དགོན་པ་ཡིན། པཎ་ཆེན་ཤཱཀ་མཆོག་གིས་༡༤༧༥ལོར་བཏབ། བསམ་འགྲུབ་རྩེ་རྫོང་ཁོངས་སུ་ཡོད།

པར་རིས་བརྒྱད་པ་འདི་ནི་རྭ་ཁ་བྲག་ཡིན། རྗེ་བླ་མས་བཏབ་སྟེ་དྲང་ངེས་བརྩམས། གཡས་གཡོན་དུ་མཁས་གྲུབ་རྒྱལ་ཚབ་གཉིས་ཀྱི་སྒྲུབ་ཕུག་ཡོད། རྭ་ཁ་ཞེས་པ་ནི་རྗེ་ཙོང་ཁ་པ་ཏཱ་མིང་རྒྱལ་པོས་གདན་འདྲེན་ཞུས་པའི་སྐབས། ཕོ་ཉ་བ་ལ་གཡོལ་ཆེད་གནས་དེར་མཚམས་ལ་བཞུགས། དམ་ཅན་ཆོས་རྒྱལ་གྱིས་རྗེས་དེད་དེ་དེར་ཡོད་པར་ཤེས་ནས་རྭ་བྲག་ལ་བརྡར་བས་དེ་སྐད་དུ་ཐོགས་པར་བཤད། བྱམས་ཆེན་ཆོས་རྗེས་དགའ་ལྡན་ལྔ་མཆོད་ཐོག་མར་འཚོགས་ས་ཡང་ཡིན། ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་ཡོད།

པར་རིས་དགུ་པ་འདི་ནི་དཔལ་རི་དགོན། དཔལ་རི་ཐེག་ཆེན་གླིང་ནི་ཐོག་མར་ཀརྨ་པ་དུས་གསུམ་མཁྱེན་པའི་བླ་མ་རྒྱ་གར་བཻ་རོའི་རྣམ་སྤྲུལ་འཕྲེང་པོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱིས་ཕྱག་བཏབ། རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་ཡུལ་ཡང་གནས་དེ་ཡིན། སྔོན་རྡོར་སྨིན་དཔལ་གསུམ་ཞེས་རྙིང་མའི་གྲྭ་ས་ཆེ་ཤོས་སུ་གྲགས། འཕྱོངས་རྒྱས་རྫོང་ཁོངས་སུ་ཡོད།

པར་རིས་ཁ་ཅིག་དང་སྦྲགས་གནས་སྐོར་ལམ་ཡིག་བོད་ཁམས་གཏམ་གྱིས་འགྲིམས་པའི་ཡུལ་སྐོར་ཟིན་ཐོ་ཞེས་པ་ལས་བཏུས་ཏེ་གནས་སྐོར་དང་གནའ་ཤུལ་རྒྱུས་ལོན་ལ་སྤྲོ་བ་ཡོད་མཁན་ཚོར་ཕུལ།

སྐད་ཆ་གཞན་ཞིག་ལ་འདི་ལྟར་བཤད་སྲོལ་ཡང་འདུག
བོད་ཀྱི་འགྲེམས་སྟོན་ཁང་གི་ས་ཁྲའི་འགྲེམས་སྟོན་གྱི་ནང་། ཞིབ་འཇུག་གཏིང་ཟབ་མེད་པ་དང་། འོལ་ཚོད་ཀྱིས་སྐད་ཆ་མང་པོར་བཤད་འདུག། ༼༡༽ བོད་ཀྱི་ས་ཁྲའི་ལོ་རྒྱུས་སྐོར་ཅི་ཡང་བྲིས་མེད་པ་འདྲ། ༼༢༽ས་ཁྲའི་ལོ་རྒྱུས་ནོར་འདུག། དུས་རབས་བཅུ་བདུན་པའི་སྨད་མ་རེད། མགོ་རེད། ༼༣༽ གྲྭ་བ་གཉིས་ཀྱི་”བླ་མའི་ས་ཁྲའི” ནང་བོད་ཨ་ཞང་ཚང་གི་ཆ་ཤས་སུ་བྲིས་མེད། ༼༤༽ xining ནི་ཤིན་ནན་མ་རེད། ཟི་ལིང་རེད།

࿐གལ་ཏེ་ཁྱོད་ཀྱིས་བླ་མ་དྲན་ནས་མིག་ཆུ་ཞིག་ཤོར་ན།
如果你因为想念上师而掉了一滴眼泪
མིག་ཆུ་དེ་ནི་དགེ་བ་ཐམས་ཅད་ཀྱི་ནང་ནས་ཆེས་ཆེ་བའི་དགེ་བ་དེའོ།
那这滴眼泪将是所有善业中最大的善业。
——འཕགས་པ་ཀླུ་སྒྲུབ་  龙树菩萨


发布     👍 0 举报 写留言 🖊   
✋热门推荐
  • 新增本土1947+2384,在这些地方!
  • 肖战我喜欢你,天地可鉴,爱你不变,肖战我支持你。】#关注静安# “我是党员,群众工作我有经验,让我去。
  • 很有哲理的人生感悟句子,是你的躲也躲不过,不是你的求也求不来生活万万千01/22 09:18关注一 * 人生短暂,不要让自己活得太累,挤不进的世界,不要硬挤,难
  • 【常问问题汇总】首尔丽格磨骨案例,海峡切下颌做的好不好怎样,仁爱医院下颌角削骨术后效果怎么样,上海颜鉴医疗美容医院,上海首尔丽格正颌手术效果评价怎样好不好,玉之
  • 所以从数据方面体现的就是挺差的,但具体到场上表现,波特防守的积极性还不错,尤其是有球防守方面,压迫,跟防,干扰,都做出来了,主要的毛病都集中在挡拆防守这块,整个
  •   (三)演练期间,将对部分区域实施封闭措施,可能会短暂影响群众生产生活和交通出行,演练结束即恢复正常秩序,请予以理解和配合。  (四)演练期间,请广大市民不必
  • 雪公引东汉包咸的批注说,“知者”就是智慧的人,他能够将他的才智发挥出来,用来治世,就像水流不断的意思。 朱子在《集注》中说,“知者达于事理而周流无滞,有似于水
  • 后世有人评价这是说这是芈月的床笫外交,但正是这种外交政策,让当时根基不稳的芈月和嬴稷,在接下来的三十多年里,再无后顾之忧,东征西讨,成为战国一霸。说真的疫情爆发
  • 因为都是个人物品,那边房子也不大总是要自己整理才知道要什么不要什么所以,我真心的回复“不需要”结果...就是有一种帮忙让我意想不到有朋友不是问我需不需要帮忙直接
  • ” ——维克多·雨果 ​法国驻华大使馆好像历史知识没有学好,1861年,雨果好像还在一封信中写到:“有一天,两个来自欧洲的强盗闯进了圆明园。其他活动也即将展开,
  • 作品欣赏:这首诗被誉为"千古咏梅绝唱",尤其是诗句"疏影横斜水清浅,暗香浮动月黄昏"虽为诗人化用“竹影横斜水清浅,桂香浮
  • 游戏地址:周边购买:爱发电➡️你沉住气♡总有人会说,‮人你‬缘好人‮广脉‬才能做什‮都么‬好……你又没事‮然当‬有时间……​‎ ͏ 笑‮不到‬想说话[微笑]人脉
  • #JJDC##JJ斗地主冠军杯#1月27日(今天)18:00S3总决赛A组最后一战!海南四海VS河北源斗团两队曾在S3秋季赛8强赛相遇,当时的战绩是河北源斗团4
  • ✨最佳分享奖-美食赛道-£10 M&S礼卡 2人✨最佳分享奖-其它赛道-£10 M&S礼卡 1人参与话题晒晒玛莎好物,抽3人送10镑玛莎购物券#
  • [憧憬][憧憬]#日清杯面高级玩法##日清杯面50周年##安仔测评# 之——合味道杯面真的是我小时候的回忆了,每次吃它都会被它的体贴和周到感动到,据说合味道还是
  • 落日被云遮,松柏知心说…该作品的诞生源于在这个世界上,人们在介绍一些法王、大仁波且的成就时,动辄就说某某大仁波且在石头上留一个足印,这样一来把至高无上的佛教说成
  • 什么面相的女人具备帮夫的命任何男人,都希望找一个旺夫的女人;能够帮夫则当然更好;对于女人来说,自己也希望能够“旺夫”。自古以来,中国男人对妻子有无“帮夫运”似乎
  • 来“瑞园茶餐室”(Restoran Swee Yen)吃最正宗道地的卤面吧!#雪兰莪旅游# #发现雪兰莪之美# #在地旅行玩转雪州##赵美延POWER主唱#[女
  • 我客观的说,85花粉现在太心比天高了,时代真的不同了,古偶市场在逐渐抛弃85花,人老了就要服输,演都市剧不好吗?”这个回答让很多观众炸了锅,要说你和刘欢比,很多
  • 9、南山控股(002314)现价:3.67 市盈率:19.8核心题材:国防军工+破净资产公司业务:南山控股系一家以房地产为核心,集成房屋、船舶舾装相结合的综合性