མ་གཞི་ང་མྱི་རྩ་མེད་ཅིག་ཡིན། ཡིན་ཙང་སེམས་སུ་ནམ་རྒྱུན་བརྗེད་དུ་མེད་པ་ནི་ཕ་དང་མེས་པོ་ཚོའི་ང་ཚོའི་ལག་ཏུ་བཞག་པའི་ཕ་ཡུལ་དང་ཡུལ་སྲོལ་གོམས་གཤིས་སྐད་དང་ཡི་གེ་དམ་པའི་ཆོས་འདི་དག་རེད། འདི་དག་ང་རང་གི་ཚེ་སྲོག་ལས་ཀྱང་གལ་ཆེ་བ་ཞིག་རེད་སྙམ་ནས་ཁེར་རྐྱང་གི་རྒྱ་སྲང་ཉུལ་དུས་དང་། སེམས་གྲོགས་འགའ་ཤས་ལྷན་ཁ་བརྡ་གློད་དུས་དང་། སློབ་གླིང་དུ་ནང་ཆོས་ཀྱི་བཀའ་པོད་སོགས་སྦྱོང་དུས་ཀྱང་འདྲ། ཐ་ན་ཇ་ཁམ་གང་འཐུང་དུས་ཀྱང་ཕལ་ཆེར་འདི་ཚོའི་ཕྱོགས་ལ་འདང་རྒྱག་ཤོར་ནས་སེམས་ངལ་དང་སྐྱོ་དུབ་ཆེ་ཟེར་ན་མི་ཆོག་རྒྱུ་མེད།

མ་འོང་པར་ཐབས་ཤས་གང་ཡོད་ཀྱི་ངའི་ཡབ་མེས་ཀྱི་ཡི་གེ་འདི་རྒྱ་ནག་གི་གྲོང་ཁྱེར་ཆེན་མོ་ཧྲང་ཧེ་ཡི་ཁང་བརྩེགས་མང་པ་ཛམ་གླིང་སྟེང་གི་ཨང་གཉིས་པ་གྲགས་པ་དེའི་ངོར་བོད་ཡིག་ཆེན་པོས་༼

ཁྱེད་ཅག་ཧྲང་ཧེ་གྲོང་ཁྱེར་ལ་ཕེབས་པར་དགའ་བསུ་ཞུ། ཞེས་པའི་སྒོ་བྱང་ཆེན་པོ་ཞིག་སྦྱར་དགོས་འདུག་སྙམ་ནས་ཧྲང་ཧེའི་གྲོང་ཁྱེར་གྱི་ལྟེ་བ་ནས་རི་དྭགས་བསེ་རུ་བཞིན་འཁྱམ་སོང་བས་ཁེར་ཧྲང་ངང་སེམས་ཀྱི་དམ་བཅའ་ཞིག་བཞག་ཡོད་ཟེར་ན་མི་ཆོག་པ་མེད།

ས་ཆ་ཆེར་མ་ཐོན་རུང་མར་རྒྱ་ནག་གྲོང་འཁྱེར་འགའ་ཤས་སོང་ཙང་སེམས་སུ་བོད་ཡིག་དང་བོད་སྐད་དྲན་ནས་བཟོད་མི་ཐུབ་པས་སེམས་ཚོར་བྱུང་སོང་ཟེར་ན་མི་ཆོག་པ་མེད་ལ། ལ་ལ་ནི་རྒྱ་གྲོང་དུ་ཐོན་དུས་རྫིག་ངོམ་དང་རྫིག་བཤད་ཡ་མཚན་ཞིག་ལ་ཐོན་སོང་སྙམ་ནས་འདྲ་པར་འགའ་དྲ་ལམ་དུ་ཁྱབ་བསྒྲགས་བཏང་རྒྱ་གཙོ་བོ་རེད། ང་ནི་འདི་ཅན་པོའི་རིགས་ལ་སྤྲོ་བ་དེ་ཙམ་མི་འདུག དགོངས་པ་མ་ཚོམས། ཡིན་ཙང་། ངའི་ཐོག་མར་ངའི་བོད་ཡིག་ཁྱབ་བསྒྲགས་བྱའི་རྒྱུའི་ཐབས་ཤས་ཕྱོགས་ལ་འདངས་མང་པོ་བཏང་གིན་ཡོད། ངའི་པོད་ཕྲིན་ནང་གི་སྤུན་ཟླ་ཚོ། ཁྱོད་ཅག་གིས་བལྟས་ན་ཇི་ལྟར་བྱེད་ན་་་རྒྱ་ནག་གི་ས་འོག་མེ་འཁོར། གནམ་འཁོར། མེ་འཁོར། གནམ་ཐང་། སྤྱི་སྤྱོད་འབབ་ཚུགས་སོགས་ལ་བོད་ཡིག་ངེས་པར་དུ་བྲིས་བཞག་པའི་དུས་ཤིག་ལ་ཐབས་ཤས་གང་འདྲ་དང་གོང་རིམ་ལ་རེ་ཞུ་ཇི་ལྟར་བྱེད་དགོས། ང་ཚོའི་གཅིག་གྱུར་གྱིས་ནུས་པ་བསྩལ་ནས་གོངརིམ་ལ་རེ་བ་ཞུ་ན་བྱ་བ་ཆུང་ཆུང་གི་དོན་དག་ཆེན་པོ་འགྲུབ་པར་ཅི་ཆ།

མདོར་ན་ངའི་ཆེན་པོ་མ་ཐུབ་རུང་། ཧྲང་ཧེ་གྲོང་ཁྱེར་དུ་བོད་ཡིག་གི་སྒོ་བྱང་ཆེ་བས་བོད་ཟས་ཁང་ཅིག་ལ་འབད་པ་བྱ་རྩིས་ཡོད། [飞机]

རེ་བ་དེ་འགྲུབ་སོང་ན་ང་ལ་ཡོང་སྒོ་སྐར་གང་མེད་རུང་བོད་ཡིག་ཅིག་རིགས་ཐུབ་སོང་ན་ཡིད་ཚིམ་ཡོད།

༼གཟའ་མཇུག་གི་ལེ་ཚན།༽

སྒང་དང་སྦྲུལ་ཚང་།

སྒང་ཞིག་གིས་སྡོད་གནས་ཡག་པོ་ཞིག་འཚོལ་བཞིན་ཡོད། ཐ་མ་དེར་ཁོས་སྦྲུལ་ཚང་ཡོད་སའི་བྲག་སྐྱིབས་ཆུང་ངུ་ཞིག་རྙེད་དེ། ཁོ་ཚོ་དང་མཉམ་དུ་གནས་བཅའ་ཆོག་པའི་གནང་བ་ཞུས་པ་དང་སྦྲུལ་ཚང་གིས་ལྷག་བསམ་ཟོལ་མེད་ཀྱིས་མོས་མཐུན་བྱས།
ཡུན་རིང་མ་འགོར་བར་སྦྲུལ་ཚང་གིས་ཁོ་གནས་དེ་རུ་མི་སྡོད་པའི་རེ་བ་བྱས། སྒང་སྒྲོ་ཚེར་མ་ལྟར་རྣོ་བ་དག་གིས་ཁོ་ཚོར་སུན་གཙེར་ཚད་མེད་བྱས་པས། མཐར་ཐུག་ཁོ་གནས་སྤོར་བྱ་དགོས་ཚུལ་གུས་བཀུར་དང་བཅས་ཏེ་བཤད། སྒང་གིས། ཐུགས་རྗེ་ཆེ། ང་འདིར་གནས་བཅའ་བ་དེ་འདོད་བློ་དང་མཐུན་པ་ཞིག་རེད་ལ། ང་ད་དུང་འདི་ནས་བསྡད་རྩིས་ཡིན་ཟེར་བ་དང་། ཁོས་ཡ་རབས་སྤྱོད་བཟང་གི་ཟོལ་གྱིས་སྦྲུལ་ཚང་གི་སྒོ་སྲུང་སྐྱོབ་བྱས་པ་ན། ཁོ་ཚོའི་ལུས་ཕུང་སྲུང་སྐྱོབ་བྱེད་པར་གནས་ཡུལ་གཞན་ཞིག་བཙལ་དགོས་བྱུང་བའོ།།

གནད་ཚིག
མཛུབ་མོ་གཅིག་བྱིན་དང་ལག་པ་གཅིག་འཆོར་རྒྱུ་རེད།
༢༠༢༣-༩-༢
སྒྱུར་མཁན། ཀ་ར།

འོག་གི་ཟ་ཁང་དེའི་གནང་སྟངས་ནི་ལག་ལེན་གྱི་ཐོག་ནས་བོད་ཡིག་ལ་་བདག་པོ་རྒྱག་སྟངས་ཤིག་རེད། གཞན་ལས་བཤུས། ༼བོད་ལྗོང་ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་གི་ཇ་ཁང་ཞིག་ཏུ་འདི་ལྟར་འདུག

ད་ནི་ཁ་བཤད་ཙམ་མ་ཡིན་པར་ཚང་མས་རང་ཐོག་ནས་འགོ་བརྩམས་ཏེ་ཕ་སྐད་མ་ཡིག་འདི་ཅིས་ཀྱང་གང་སར་བཀོལ་སྤྱོད་མཛད་པར་རེ་ཞུ་ཞུས་པ་ཡིན། ཁ་དྲོ། [玫瑰][玫瑰][玫瑰]


发布     👍 0 举报 写留言 🖊   
✋热门推荐
  • 技术点评:天图欧元收大阳线,价格大幅冲高,多头有所增强,短期底部多头首度维稳,但MACD仍位于0轴之下,空头仍在,日内更多以逢高看空为主?技术点评:天图英镑收大
  • ”一个君子说话必定有其道理,他们会要求自己谨言慎行,凡事讲求合乎礼仪、不随随便便,每当有所行动,必定有其用意,此即所谓不妄动,动必有道。君子所言,都是有意义的话
  • 懒人必备的黑糖姜茶每个月的亲戚来访日,总会给自己煮一些姜糖茶。统一小野黑糖姜茶 是偶然发现的,开罐即可饮用的姜糖茶,省下了去煮姜糖茶的时间,而且还比自己煮的好喝
  • 想emo的时候就看看最近取关粉丝列表吧我看到一个200多天的女孩子取关我了取关日期是9月22日我是真的会去看我那天发了什么微博真的会想是不是哪句话惹别人不开心了
  • 流水账回忆之短暂的常州之旅原因是今天理东西的时候突然翻到一张去年国庆去常州看音乐节的门票,还有为了上回杭州高铁一个人坐很远的公交车拎着行李箱去常州第一人民医院做
  • #光与夜之恋[超话]#[doge]就以往经验看来,虽然别的游戏累氪卡会很香,但我觉得光头要真出了累氪卡还挺可怕的,本来佛系氪金,到时候肯定会有部分人变成想要拿卡
  • 可是,这尘世原本就是一个两两相忘的江湖,哪里有什么可以永垂不朽,哪里有什么能够地久天长?人生总不过是一朵花开的际遇,有人懂得,一季芳华,无人懂得,一地滂沱。当有
  • 但朱兴明从小喜欢画画,2013年跟随母亲来到深圳后,他看到了很多残疾人自力更生的例子,他被触动了,开始在街边作画卖画的生活,一画就是4年。但朱兴明从小喜欢画画,
  • 中秋真是超级充实的一天!经历了走错楼层和漫长排队后终于吃到了点都德,经历了走错大楼和绕来绕去后终于撸到了猫和狗,打卡了多抓鱼的小小避难所,没有淘到喜欢的书但拍到
  • 灵魂染香,是一生不绝的诗意;红尘相遇,是岁月难酬的期许,也曾听雨生情,闻风柔软,也曾感时花溅泪,恨别鸟惊心,也曾为赋新词强说愁,也曾奢望夜永远不要黑,星子永远不
  • 从此你解决你往后余生里所有的困境,都有一个最后的路径依赖:如果你遇到绝境了,大不了再赌一把。一个说“这就是我,这就是我的选择”的时刻所谓人生,大概就是不停滚动,
  • #TFIRE_伟妹[超话]##一周安利伟妹挑战# 【Day 6】伟妹带给我什么改变喜欢上伟妹虽然是机缘巧合还有因为他长的帅哈哈哈,我闺蜜以前喜欢阿泰,天天看他的
  • #刘宇[超话]#永远高贵路人的我,第一次跑到微博超话里追星[打call][打call][打call]不太懂饭圈的规矩,发帖只是想和鲨姐鱼丸们分享我喜欢他的心情很
  • 其它:★G20青银高速太旧段:因治超设备维修,晋中北站禁止货车驶入高速。★太原绕城高速东环段,节假日期间车流压力大,建议从大同忻州回太原方向的车辆,可以从大盂和
  • 果然只有动手了才能感受到制作美食的快乐呢[打call]烤羊腿,二次元糖霜饼干,三色布丁,烤生蚝,水果圣诞树,木糠杯,草莓大福……大哥你看呀!你想吃吗[喵喵]@华
  • 所以,从这一系列操作可以看出,陈萌是个孝顺孩子,大衣哥出手阔绰,相信在未来的岁月里,朱家会是一团和气!就拿大衣哥朱之文来说吧,这几年,他投入最多,或者最关心的事
  • 【纳米贴售后相关】❗️纳米贴售后仅限9月21日前发货的订单,9月21日后发货的特典会随单附上纳米贴故不纳入售后范围❗️纳米贴售后采取三种方案:方案一:退款1r方
  • “学渣”与“学霸”从互相看不顺眼到越走越近,这种很“古早”的爱情故事近期在电影院里蛮少见,而不狗血、不做作、够真实是曾经很多人在《草样年华》里找到情感投射的原因
  • 循序渐进belike▶️感觉平常不怎么动 综艺里也都是被欺负的角色⏩️好MJ风啊⏩️开始出现各个舞种而且跳的都很好⏩️仔细想想他同时还在唱歌诶⏩️请不要若无其事
  • 【橡皮泥王国】#小故事# 有个艺术家,忽然心血来潮,喜欢上了橡皮泥。有一天,他弄来一大堆橡皮泥,开始捏起来。他捏了个小人,这小人胖乎乎的,圆眼睛、翘胡子,一副傲