ནར་སོན་ཟེར་བ་ཡང་སྙིང་ཅི་ཞིག་རེད།

བྱིས་དུས་ཀྱི་ལྷད་མེད་དྭངས་གཙང་གི་རང་གཤིས་འདོར་ཐུབ་པས་ཡིན་ནམ།
དགའ་སྐྱོ་ཆགས་སྡང་གི་ཚོར་སྣང་མངོན་མི་འཇུག་པར་བསྲན་ཐུབ་པས་ཡིན་ནམ།
མི་འདོད་བཞིན་དུ་གཞན་གྱི་རྗེས་སུ་འབྲང་ཐུབ་པས་ཡིན་ནམ།
མི་དགའ་བའི་མི་ལ་འཛུམ་མདངས་སྟོན་ཐུབ་པས་ཡིན་ནམ།
ཨ་མ་ལ་ཨ་མ་ཞེས་ངག་མི་ཁྲོལ་བས་ཡིན་ནམ།
ཁེ་ཕན་གྱི་མདུན་དུ་རྩིས་ཐང་འདོར་ཐུབ་པས་ཡིན་ནམ།
དགའ་ཕྱོགས་ལ་འཇུག་མི་ཐུབ་པར་སྤྱིར་བཏང་གི་མི་ཞིག་བྱ་ཐུབ་པས་ཡིན་ནམ།
ཤི་བ་ལ་སྒུག་པ་བཞིན་བག་མེད་དུ་འཚོ་ཐུབ་པས་ཡིན་ནམ།
༢༠༢༣-༩-༣། གཙུག་རྒྱན།

ཁྱེད་ཀྱིས་བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ཀྱང་ཆོག་ལ། བོད་ལྭ་གྱོན་པར་ངོ་ཚ་ན་མ་གྱོན་ཡང་ཆོག  འོན་ཀྱང་ཁྱེད་ཀྱི་ཤ་དང་རུས་པ་ཇི་ལྟར་བྱ་རྒྱུ་ཡིན་ནམ།

ཞེས་པའི་དྲི་བ་འདི་ལ་ལན་ཇི་ལྟར་འདེབས་སམ། ཁྱེད་ཀྱིས་དྲི་བ་འདིར་བསམ་གཞིག་ཙམ་ཡང་གནང་མྱོང་ངམ།  

༅། །རྒྱ་གར་སྐད་དུ། བྷ་ག་ཝ་ཏི་པྲ་ཛྙ་པ་ར་མི་ཏཱ་ཧྲི་ད་ཡ། །བོད་སྐད་དུ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བམ་པོ་གཅིག་གོ །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། །དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། །ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པ་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། །ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། །འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་ཏིའི་བུ། །དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། །མ་འགགས་པ། དྲི་མ་མེདཔ། དྲི་མ་དང་བྲལ་བ་མེད་པ། །བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ། དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། །འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུའང་མེད་དོ། །མ་རིག་པ་མེད། །མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་་མེད། །རྒ་ཤི་ཟད་པའི་བར་དུའང་མེད་དོ། དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པའང་མེད་དོ། །ཤཱ་རིའི་བུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ་སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པར་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཕགས་པ་སྤྱན་རས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ། །ལེགས་སོ། རིགས་ཀྱི་བུ། དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། །ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྫོགས་སོ།།


发布     👍 0 举报 写留言 🖊   
✋热门推荐
  • 旅行胶片️终于洗出来了收到还蛮惊喜的~氛围感十足胶片现在真的越来越多人喜欢了~今天给大家分享下我的胶片设备(1):我用的相机是nikon f100(喜欢胶片的朋
  • 兴发铝业门头沟总代理开店8年、广受好评打算安装断桥铝门窗的朋友欢迎来店咨询现在全产品9折优惠!而且位置就在爱玛裕建材城内逛家具的时候顺便就把家电也选好啦~真是一
  • 每当我觉得自己不行的时候,就会翻翻我们的聊天记录,有你的支持和鼓励,我想我会更加努力,我想我会坚持的久一点。今天去参加了一场婚礼 全程都感觉很舒服 流畅的流程
  • #吉田羊[超话]#210514羊相关推特更新三则:「图1/2」/#生きるとか死ぬとか父親とか 第6話放送まで あと6時間\真剣な表情でお金を見つめる、トキコ(#
  • 其实无论是相似还是互补都离不开彼此用心的经营,在不断的磨合当中成为对方眼中更好的你。其实想来,世界虽大但每个人都是独立的个体,寻找相似的人这不相当于寻找另一个自
  • 世间的美好 心灵的宁静 向往的远方 「达布逊淖尔」 一定是可以满足 浮躁城市中厌倦 喧嚣的你的胜景 自然赐予的天空之境 醉人美景、干净纯美 还有充满趣味的小火车
  • [二哈]快乐不快乐,往往都是脏腑的感受,我们可以做的让它们舒适,我们自己自然就会舒适[哆啦A梦微笑]快乐是大药“樂”指音乐的调和他能够引发内心的快乐快乐可以驱散
  • 我们经常将领导者和管理者混为一谈,尽管领导力是成为优秀管理者的必要条件,但两者之间并不能完全画等号,因为不是所有的管理者都有很好的领导力,而一个拥有领导力的人也
  • 这位哥真是闷声干大事啊[哆啦A梦害怕]说不再回应就真的不再回应然后直接告了也太厉害了[傻眼][傻眼][傻眼]比起只发律师函半天憋不出一个屁雷声大雨点小的 朱一龙
  • 灵感来源于中国占卜用的甲骨,构思7年,1400万读者翘首企盼!”剧中,黄景瑜饰演1966年生人,他表示:“跨越了几代军人,通过这部戏的时间,感受和经历国家40年
  • 水口乡开启了“上海村、过大年”系列活动,呇梦新秀场、山野浪行归、乡风民萃集等活动精彩纷呈,吸引了长三角地区为主的游客慕名而来。为推动旅游产业升级,促进夜经济发
  • #春游江淮请您来# 【打造有故事有温度的文化旅游名城——宿州市政协专题协商做强文旅产业】4月28日,宿州市政协召开“打造旅游线路,做强宿州文旅产业”月度专题协商
  • [爱心].真的好喜欢儿童文学[抱一抱]一直到初三吧还期期都买,小学时是在妈妈熟人在小巷子里开的书店里买(啊小学时还有儿童版的,是个正方形的也很好看!#每日一记录
  • 因为知识越贫乏,你所相信的东西就越绝对,因为你根本没有听过与此相对立的观点。 如果你只读过《三国演义》就永远无法了解真正的三国。
  • ?先记录下来 免得一个月以后忘了尽管过往的两年里我为我们这段感情写过无数段文字 但昨天 也是个绝对值得纪念的时刻 我终于终于 肯放过我自己了我其实蛮佩服两类人
  • 会苏绣、古琴、古典舞、剑法有汉服和jk妆照很潦草(参见图7.8.9妆基本只打了底妆描了眉[二哈])坐标南京栖霞希望可以有性格好的小伙伴互免一起去拍好看的照片和风
  •   2.求职人员供给端  在新经济新业态环境下,外卖与快递、微商电商、网络直播等行业得以快速发展,行业的发展对灵活用工人员的需求十分旺盛,以至于从事这些行业的人
  • “无限、优雅、奢华” 是人们最直观的感受,公寓毗邻佛罗里达的阳光群岛海滩,极简主义的外立面呈现简洁有力的律动,横向跨度的大阳台让室内外的联系更为紧密,达到内外无
  • 啊哈那个喊我"老太婆"的阿公怎么可能戒烟,他可是随时想"解放"的老顽固儿呀,嘿嘿,那打个折,少抽,总是可以吧,这个老顽固
  • 我真的不觉得记动作速度、专业水平、发言频率有那么重要,她有进步不就好了吗?发言频率更不是给她C的理由,我并不觉得外向的、擅长发言的、跟老师有更多互动的就是好的、