࿑ ཁྱེད་ཀྱིས་ད་དུང་འུ་ཅག་གི་མི་ཤེས་པ་ཇི་སྙེད་སྦས་པ་ལྟ་བུ། ཧ་ཅང་རྟོགས་པར་དཀའ་བའི་ལོ་རྒྱུས་ཟབ་ཅིང་རིང་། མི་ཚོས་ཁྱེད་ནི་༼ གསང་བ་ཆེན་མོའི་ལུང་། ༽ ཞེས་འབོད་དེ་བདེན་ནམ།
࿑རང་གིས་རང་ལ་ངེས་པར་ཤ་ཚ་ན།།
རང་བསྡད་མེད་པར་ཁོམ་པ་ཡོད་པའི་ཚེ།།
རང་གིས་ཚོད་ཀྱིས་སློབ་སྦྱོང་བྱས་གྱུར་ན།།
རང་ལ་ཕན་ཐོགས་ཆེ་འོ་སྤུན་ཟླ་ཚོ།།
___དགེ་བཤེས་གསུང་རབ་རྒྱ་མཚོའི་སྙིང་གཏམ།
རང་བསྡད་མེད་པར་ཁོམ་པ་ཡོད་པའི་ཚེ།།
རང་གིས་ཚོད་ཀྱིས་སློབ་སྦྱོང་བྱས་གྱུར་ན།།
རང་ལ་ཕན་ཐོགས་ཆེ་འོ་སྤུན་ཟླ་ཚོ།།
___དགེ་བཤེས་གསུང་རབ་རྒྱ་མཚོའི་སྙིང་གཏམ།
࿐ཀུན་མཁྱེན་བླ་མ་༧མི་ཕམ་རིན་པོ་ཆེས་ཞལ་ནས།
࿑རིགས་གསུམ་རྒྱལ་བ་འདུས་པའི་ངོ་བོ་ཡི་བླ་མ། །
མཚན་ཙམ་དྲན་པས་བྱིན་རླབས་ཆར་སྤྲིན་དུ་གཡོ་བ། །
བོད་ལ་བཀའ་དྲིན་ཆེ་བ་རིག་འཛིན་ཀྱི་སློབ་དཔོན། །
མཚོ་སྐྱེས་རྡོ་རྗེའི་ཞབས་པད་འདོད་འབྱུང་གི་ནོར་བུ། །
སྤྱི་བོའི་གཙུག་ཏུ་སྒོམ་པའི་སྐལ་བཟང་འདི་ཐོབ་པ། །
ལྷ་སྐལ་ཆད་པའི་དད་མེད་འགའ་ཞིག་ལ་བསམ་ན། །
དད་པའི་གནས་ལ་དད་པ་རྙེད་པ་འདི་རྙེད་པའི། །
མཆོག་ཏུ་ཡིད་ཆེས་དེའི་ཕྱིར་སྐྱིད་པོ་རང་འདུག་གོ །

✋热门推荐