མདངས།

རེ་རྐང་གླིང་།

གངས་ཀྱི་ཞུན་མ་ཐིགས་པའི་གཡུ་ཡི་མེ་ལོང་ནང་ལ
རྒྱ་མཚོ་སྔོན་པོ་ཞིག་འཆར
ལྗང་མདོག་གི་གླིང་ཕྲན་ཡོད་ཅོག་མགོ་བོ་དུད་དེ
རླབས་ཕྲེང་དཀར་པོའི་མེ་ཏོག་གི་ཟེགས་མ་རྒུམ

ཁེར་ཧྲེང་གི་ཕ་བོང་ནག་པོ་དག་གི་ལུས་ལ
འོད་ཀྱི་ལྕེ་ཐེལ་དམར་པོ་རེ་བྱུགས་པ་ནས
ལྗོན་ཤིང་གི་རྟེན་དུ་གྱུར་བའི་རྩད་པ་སྨུག་པོ་དག་གི་མཆེ་བ
རྒྱ་མཚོའི་ཕྱོགས་སུ་གཙིགས

རྒྱ་མཚོའི་རྨ་ཁ་ལས་ཟགས་པའི་ཁྲག་ཐིགས་སྔོན་པོའི་ཚོགས
དཀྱིལ་འཁོར་ནག་པོའི་དབྱིངས་ཀྱི་འཛར་པང་ངོས་ལ་ཕྲུམ་ཕྲུམ་བབས

སྐར་མའི་རལ་གྲི་མཐའ་དག མུག་ནག་གི་ཕྱོགས་སུ་གདེངས་པས
དགུ་ཚིགས་སྐྱ་མོའི་སྐ་རགས་བཅད

མཐིང་ཁྲའི་གཡབ་དར་ལྷབ་ལྷུབ་སྐྱོད་པའི་ནམ་མཁའ་ནས
ཟླ་བ་སེར་པོའི་ཟེར་ཐིག་གི་ཀ་བ རྒྱ་མཚོའི་ལྷུམས་སུ་བཙུད

ས་གཞིའི་མངལ་སྒོ་ནས་བཏོན་པའི་མེ་རིའི་རྡོ་ཞུན་གྱི་གོང་བུ
ཁེར་ཧྲེང་གི་ཕ་བོང་ནག་པོ་ཞིག་ཏུ་གྲུབ
དུས་ཀྱི་རླུང་དམར་ལྡང་ཞིང ཡུལ་གྱི་སྤྲིན་ནག་གཏིབས་པས
ཕ་བོང་ནག་པོ་དེ་རྡོ་ཡི་སེང་གེ་ཞིག་ཏུ་གྱུར

གངས་ཀྱི་ཞུན་མ་བཏགས་པའི་མེ་ལོང་སྔོན་པོ་དེའི་ནང་ལ
གཡུ་རལ་ངོམ་པའི་སེང་གེ་དཀར་པོ་ཞིག་འཆར།

August 30,2023

ལོ་ཙཱ་བ་དང་སྐད་གཉིས་སྨྲ་བ་ཞེས་པ་ནི་འདི་འདྲ་ཞིག་ཡིན་ན་འགྲིག་སྟེ། མཁར་རྨེའུ་བསམ་གཏན་གྱིས་དབྱིན་ཡིག་གི་ལམ་ནས་བརྩམས་ཤིང་། བདེ་ཁང་བས་བོད་ཡིག་ཏུ་བསྒྱུར་བར། འདི་ལ་དབྱིན་ཡིག་གི་ཚིག་འགྲོས་དང་ཤན་ཤུགས། དེ་ཡི་ཤུལ་རྗེས་ཕྲ་མོ་ཙམ་ཡང་མི་འདུག་ཅེས་ཀྱང་ཐལ་མི་ཆེ་སྟེ། ཀློག་བཞིན་པའི་སྐབས་སུ་དེབ་འདི་སྒྱུར་དེབ་ཅིག་ཡིན་པ་ཡོངས་སུ་བརྗེད་དེ། བོད་ཡིག་གི་ལམ་ནས་བརྩམས་པའི་དཔེ་དེབ་ཅིག་ལ་འཇུག་བཞིན་པའི་སྣང་བ་སྐྱེས་པ་ནི། ད་གཟོད་ལོ་ཙཱ་བའི་ཁྱད་ཆོས་དངོས་དེ་ཡིན་རྒྱུ་རེད་སྙམ། མ་བདེན་ན་ཁྱོད་ཚོས་ལྟོས་དང་ཤེས་ངེས། https://t.cn/z8c1ZnZ

ང་རང་དཀའ་ཁག་དང་འཕྲད་དུས་རང་གི་གྲོགས་པོ་ཡིན་སྙམ་གྱིས་སྡུག་གཏམ་གཉོམ་པོ་གཉོམ་པོ་དག་སེམས་ཀྱི་སྙི་ས་སྙི་ས་ནས་ལག་ཏུ་གཏད་ན།རྩ་ཡི་རྒྱུ་ལམ་དུ་གྱུར་བའི་ལག་མཐིལ་དེ་ནས་ལ་དང་ལོང་བ་མེད་པར།ས་སྤུར་གནམ་སྤུར་བྱས་པའང་མི་སྐྱོན་མོད།མེད་པ་ལ་ཡོད་པ་དང་ཡོད་པ་ལ་རྭ།རྭ་ཡང་འདོམ་པ་བཅོ་བརྒྱད་དུ་སྨྲ་དགོས་པས་རྒྱུ་མཚན་དངོས་ནས་རྙེད་མ་བྱུང་།


发布     👍 0 举报 写留言 🖊   
✋热门推荐
  • 当天早些时候,安全部长 Rosa Icela Rodriguez 表示今年 8 月至 9 月期间杀害女性的人数有所下降,并补充说政府已在墨西哥各地开设了 73
  • )这档节目旨在扶持电影“后浪”并且为了给观众呈现真实的电影市场环境节目给青年导演设置剧本创作、演员匹配、寻找投资拍摄制作、影片上映环节展现完整的电影工业化流程同
  • 陆坤显然也很识时务——常常为时尚杂志的编辑、主持人和明星设计制作衣服,而这又为他带来更多的曝光机会。他认为,在中国,一没有畅通的融资渠道,二没有国外那样成熟的商
  • 它的前身是传承百年的欧阳氏正骨,自清咸丰七年(1868)至今已传六代,自四代传人欧阳道临起欧阳正骨在继承中发展,在发展中创新,形成了独特的简单有效的骨病调理手法
  • !过期勿转!
  • #格莱美获奖名单# 第63届#格莱美#第一批获奖名单揭晓: 最佳流行对唱/组合: Lady Gaga with Ariana Grande - Rain On
  • 曾多次担任国家大型专业书画大赛评委。当代著名国画家。
  • #权志龙[超话]# @GDRAGON_OFFICIAL 一岁一礼、一寸欢喜岁岁年年、深情不减自是少年、爱你不渝生日快乐生日粗卡哈密达权志龙先生[哈哈][哈哈][
  • 而且,这还是在全球缺芯片短缺影响了ID.家族的销售和生产的情况下。明年如果芯片的产能问题得到充分的释放和解决,ID.家族在中国市场的表现应该会更好。
  • 通常会给天文学家和公众透过整合撞击机会率和破坏力成一个数值,来评估其天体撞击地球的严重性。都灵危险指数使用介乎0至10之间的整数数值,当中“0”代表其撞击地球的
  • 贰零贰壹年壹拾贰月又三分之一海风好像会说话:我头给你拧掉![摊手][摊手][摊手]打卡楼下的烤肉店,至尊宝就像童年缩影。
  • 我以前从不追星,但到你就成为一个例外了,就是被你莫名的吸引啊,发现你的优秀以及其他魅力所在。(虽然这么说有点中二哈,估计其他虾也说过,可这就是我最真挚的语言)
  • 《文钞》1“示戒善,辟人天之坦路。明因果,陈趋避之良谟”! 《太上感应篇》心得分享10-2-83a 这是说今天文字的大纲。昨天我们讲了人天道的略戒,即“诸恶
  • 除此之外,许多“内心单身”的人可能根本不在乎追寻一段长久的恋爱关系,因为一想到单身生活的快乐,他们就会告诉自己:“单身太棒了!“内心单身”的人有一个特征:即使
  • 英语按部就班!【九月十七 • 1022】20211022 出品 #带着微博去旅行# “ 且行且驻 与日俱新 Everyday Is A New Day. ”
  • 其实,真正的人脉,只是个人价值的一种映射,看过这样一个问题:“如何结交比你更优秀的人?”在这个纷繁复杂的世界,并不是所有人、所有事,都值得我们怀揣热情、深情相
  • 乙、丁、己、辛、癸属阴,又称阴干;五行属性甲乙属木,丙丁属火,戊己属土,庚辛属金,壬癸属水。《赤壁赋》中有云:“且夫天地之间,物各有主,苟非吾之所有,虽一毫而莫
  • #格力回应被判赔奥克斯1.67亿元#,称该专利的保护范围远远小于中国专利,应该被认定无效,并已向北京知识产权法院提起诉讼,不得不说,董小姐的霸气与生俱来,连法官
  • 【#转发赠书#】今天向大家推荐 @有书至美_华中艺术分社 全新古埃及探秘笔记——《#寻秘古埃及#:勇闯法老之国的艺术家与探险家》这本书由世界顶级出版社意大利白星
  • 1962年索尔仁尼琴的处女作中篇小说《伊凡·杰尼索维奇的一天》在《新世界》上刊出。1970年,索尔仁尼琴凭借作品《伊万·杰尼索维奇的一天》获诺贝尔文学奖。