༄༅། །རྒྱ་གར་སྐད་དུ། བྷ་ག་ཝ་ཏི་པྲ་ཛྙ་པ་ར་མི་ཏཱ་ཧྲི་ད་ཡ། །བོད་སྐད་དུ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བམ་པོ་གཅིག་གོ །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། །དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། །ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པ་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། །ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། །འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་ཏིའི་བུ། །དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། །མ་འགགས་པ། དྲི་མ་མེདཔ། དྲི་མ་དང་བྲལ་བ་མེད་པ། །བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ། དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། །འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུའང་མེད་དོ། །མ་རིག་པ་མེད། །མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་་མེད། །རྒ་ཤི་ཟད་པའི་བར་དུའང་མེད་དོ། དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པའང་མེད་དོ། །ཤཱ་རིའི་བུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ་སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པར་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཕགས་པ་སྤྱན་རས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ། །ལེགས་སོ། རིགས་ཀྱི་བུ། དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། །ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྫོགས་སོ།།

心态是怎样的,生活就会怎样,命运就会怎样。

对力所能及的事全力以赴
对不可控制的事顺其自然

祈愿所有人趋入善道
祈愿所有人离苦得乐
祈愿所有人平安吉祥

ཨོཾ་ཨཱ་ཧཱུྃཿབཛྲ་གུ་རུ་པདྨ་སིདྡྷཱི་ཧཱུྃཿ
嗡啊吽 曼札厄勒 白玛悉地 吽
​​​

࿐འགྱུར་དེབ་འདིར། ལྕམ་མོ་ཅུས་ལིས་དཀའ་ཁག་སྣ་མང་ལ་མགོ་མི་སྒུར་བར<བགེགས་དང་བར་ཆད་སྲོག་གི་ངར>དུ་བསྒྱུར་ཐུབ་པའི་དཔའ་མཛངས་རྟུལ་ཕོད་ཀྱི་རང་གཤིས་དང་། རང་དབང་སྒེར་ཚུགས་ཀྱི་སྙིང་སྟོབས། ཕོ་ལན་རྒྱལ་ཁབ་ལ་ཨུ་རུ་སུས་བཙན་འཛུལ་བྱས་ཏེ་རང་གི་ཡི་གེ་སློབ་མཚམས་བཀག་ནའང་། རིགས་དོན་ལ་ཤ་ཞེན་ཆེ་བའི་ཕོ་ལན་མི་དམངས་ཀྱིས་མེས་རྒྱལ་སྲུང་སྐྱོབ་དང་ཡི་གེ་སླར་གསོ་ཡོང་ཕྱིར་མངོན་ལྐོག་གང་རུང་ནས་ཡི་གེ་སློབ་པའི་ཤ་ཞེན་དེས་ང་ལ་ཡར་སྐུལ་ཐེབས།

འགྱུར་རྩལ་གྱི་ཆ་ནས་ས་བཅད་མ་སྟོང་ཙམ་དུ་གླེང་ན། བོད་མིའི་སྐད་སྲོལ་དང་མཐུན་པར་ལོ་ཙཱ་བྱས་འདུག་ལ། སྐབས་དང་སྐབས་སུ་ཐོན་པའི་སྙན་ངག་གི་རྗོད་པ་རྣམས། ཚིག་ཉམས་ཆེ་ཞིང་ངག་སྐྱོར་བདེ་ལ། བློ་ངོར་ཡང་འབྱོར་སླ་བས་ཡིག་བསྒྱུར་གྱི་རྨ་ཤུལ་མཐོང་དཀའ།

སྒྱུར་བ་བོ་ཁོང་ནི། སྐད་རིགས་གསུམ་ལ་དབང་འབྱོར་བའི་ཤེས་ལྡན་པ་རབ་ཀྱི་གྲས་སུ་གཏོགས་ཤིང་། ལས་ཞོར་གྱི་ཁོམ་གླགས་ཅི་རིགས་ཆུད་མི་འཛའ་བར་ཡིག་སྒྱུར་ལས་ཀའི་སྟེང་ལ་བབས་ཏེ་གྲུབ་འབྲས་གཟུགས་ཅན་དུ་བྱུང་བ་ལ་རྗེས་སུ་ཡི་རངས་དང་། འགྱུར་དེབ་འདིའི་མཚན་བྱང་ལ«ལྕམ་མོ་ཅུས་ལིའི༼རང་རྣམ༽»ཞེས་གསོལ་བ་ལས་ཀྱང་། ཁོ་རང་ལྕམ་མོ་ཅུས་ལིའི་མཛད་པ་ལ་དགའ་བ་དང་སྤྲོ་བ། དད་པ་བཅས་ཡོད་པ་རྟོགས་ཐུབ།

མཇུག་ཏུ། སྒྱུར་མཁན་གྱིས། <དེབ་འདིས་ཁ་བ་རི་བའི་གཞོན་སྐྱེས་དག་ལ་ཧུར་སེམས་བསྐྱེད་ཅིང་། འཚོ་བའི་ལམ་ཁ་ནས་སྙིང་སྟོབས་དང་ཡིད་ཆེས་ཤིག་སྩོལ་ཐུབ་པར་སྨོན>ཞེས་པ་ལྟར། ཀློག་མཁན་ངས་ཀྱང་ཀུན་ལ་ཕན་ཐོགས་པར་གྱུར་ཅིག་ཅེས་སྨོན་ནོ། །


发布     👍 0 举报 写留言 🖊   
✋热门推荐
  • 或许,我的前世是佛前的一朵青莲,等待有缘人,携一片前尘的记忆来相认,然后,一起看细水长流,一醉就是千年。我会告之,我心底里想起的不是孤单,而是波澜壮阔的海洋,以
  • 昨天我们因为说嗯的事情我已经很不开心了,争辩了一些之后我已经不想再说话了,我说我在生气了之后他没有给我任何的回复和反馈,我不想做一个每次都是自己上赶子,别人这种
  • 我知道自己因为什么发火,因为大人之间的事情却把火发到了自己孩子的身上,只因为他的手机找不到了,他爷爷说(你妈有钱,丢了让你妈给你买)。当然说这句话的根本原因是我
  • #汽职简报# 国家发改委社会司领导到汽车职校调研4月18日,国家发展改革委社会司会同教育部、财政部、国家开发银行等有关部委组成的调研组到四川省成都市龙泉驿区“成
  • [污][微风]如果说梨容是雨后阳光下的天使,那苏禾就是雨中泥土的“”但是从目前的剧情和官方透露的卡牌来看,苏禾好像并不是坏人(至少对女主是挺好的![打call]
  • 2022.10.9我好霸道,脾气好的最最最适合我,永远不生我的气,我好喜欢脾气真的好的人[泪][泪][泪]怎么教出这样的小孩呀!不管在什么境地,都在好好生活!
  • #凌总追妻有点甜[超话]##十一假期打开方式##发文一周年快乐# 讲真,虽然我家秦老板上垒了,可是小金太会了,又把我的眼泪骗走了[泪][泪][泪]太心疼秦老板了
  • 上午的微博我设为互粉好友可见免得又有人空得来吃饱了撑中午奔波办事未成随随便便就跑到外滩了其实每条马路局部维修工地灰沙[感冒]居然有人拍婚纱那就“祝你们幸福!”[
  • 任泽平关于中国经济的十大预言第一大预言:全球正处于经济大周期的末期,旧秩序开瓦解,新秩序开始建立,当前的一切动荡都是新秩序到来前的阵痛,资本的每一次疯狂都是敲响
  • 透过Areaware的制作工艺,将技术与原始思维重新电视台拍黄龙山紫砂矿,跑到对面的青龙山建筑材料矿区;那么多大师名人家的院子里、地库里几辈子用不完的优质原矿泥
  • 此外,9月28日至10月3日,珠海举办第十三届中国航展,预计航展期间,特别是10月1日至3日公众开放日的部分时段,邻近广珠西高速公路、西部沿海等路段和相关站点,
  • 如果不通过物业,谁也不可能随随便便就在小区里面装上一大排充电桩的吧?我接到物业的电话时,我很平和地去问,这一大排充电桩是谁安装的?
  • 二、31类重点人员核酸检测(一)采样对象除城关街道、河滨街道以外的13个乡镇31类重点人员(7月14日—22日已进行过核酸检测的义务教育阶段学生和高中生,可不参
  • 这对年轻情侣,也是相拥着紧紧地依偎在一起,女友双手拿着手机,一对耳机两人各塞一只耳塞在自己的耳朵里,男友也用手紧紧地抱着女友,让女友靠在自己的肩头,共同欣赏着手
  • #抓抓星球[超话]# 喜迎国庆,钜惠来袭,抓抓星球国庆钜惠开始啦,快来试试您的手气吧!转发本条微博并点赞,9月27日将由微博随机抽取1位幸运的宝子获得随机娃娃1
  • 有时候在想,我究竟在追求什么呢,好像一直嘴上叨叨想被爱被照顾而已。那大抵是我最幸福的时光,从未得到父亲的照顾,却在爷爷身上获得了许多。
  • 主要活动轨迹:4月17日,18:20在马泉营南里3号楼东侧宏状元来广营店就餐,21:00在康营家园五区南门8号楼华联生活超市(康营店)购物。4月19日,7:30
  • 包含着很多让自己快乐的道理1.总想着得失,那么就会觉得勉强自己,甚至产生心结。6.总是在意未来的事情,殊不知未来可能不会让你如愿以偿。
  • [微笑][鲜花][神马]2022.10.09这是我人生的第一台相机拍出来的照片我很开心我一直在过自己喜欢的生活在法国这一年我改变了很多我变得更勇敢也更敢想我在看
  • #任嘉伦[超话]##请君# rjl#任嘉伦请君# rjl#任嘉伦陆炎# rjl#任嘉伦火火班开课了# “未能陪嘉伦渡过最难的日子,那就见证先生荣耀的未来”“你是