དྲན་པ་གཏམ་ལ་སྦྲན།
༦—༢༠


རླུང་བུ་དལ་གྱིས་ལྡང་བའི་རི་སྒང་ན།།
མིག་ཟུང་སྤྲིན་མཐར་གཏད་པའི་རི་གྲོང་དུ།།
ཞེན་ཆགས་རྒུ་ཚིགས་དཀྲིས་པའི་ཕ་ཡུལ་ཡང་།།
དྲན་པའི་མེ་ལོང་ངོས་སུ་ལམ་ལམ་གཡོས།།

རྟ་ནོར་རི་ལུང་བཀྲམ་པའི་འབྲོག་སྡེ་ན།།
རྫིང་དྲི་ལུས་ལ་བགོས་པའི་འབྲོག་མོ་ཚོས།།
བཞོ་དབྱངས་ངག་ལ་འཐེན་པའི་སྙན་འགྱུར་ཡང་།།
དྲན་པའི་འཆར་སྣང་ཞིག་གི་སྣེ་མོར་གྱུར།།

མཐིང་སྨུག་སྦྲ་ནག་ཕུབ་པའི་གཞིས་ཁྱིམ་དུ།།
མ་བཅོས་བརྩེ་བས་ཁེངས་བའི་ཕ་མ་གཉིས།།
རི་ཟོམ་ལྗོན་པ་འདི་ཡི་གྲིབ་འོག་ནས།།
དྲན་གདུང་རྟ་རྒོད་གཅིག་གིས་འཕག་ཚག་རྒྱུག།

འདས་དོན་རྡོ་རིང་བསླངས་བའི་གཏམ་རྒྱུད་དག།
ད་ལྟ་ཕལ་ཆེར་གནའ་གཏམ་ཞིག་ཏུ་གྱུར།།
སུམ་གཉིས་ས་ཡི་ལྟེ་བ་དབང་ཞེས་སྐད།།
དེ་བས་ད་ལྟ་བསམ་ན་འགྱོད་པས་མནར།།

སྐྱོ་བས་ཡིད་ཁམས་ཟོས་པའི་ལོ་ཟླའི་ཕྲེང་།།
རེ་སྒུག་ཉི་མ་བལྡེབ་པའི་དུས་ཚོད་ནང་།།
སུན་སྣང་ཨང་ཕྲག་ན་བའི་མནར་གཅོད་དག
བརྗོད་ན་ཚར་རྒྱུ་མེད་པའི་རྣམ་ཐར་ཞིག།

ཆབ࿐ཆོས་དབྱིངས།

དབྱར་ཁ་མི་སྡོད་སྡོང་ལོ་རླུང་གིས་ཟད།།
ཆུ་མོ་མི་སྡོད་ཅ་ཅོ་རྣ་ལ་གཟན།།
དུས་བཞིའི་འགྱུར་བ་ལས་ཀྱང་མགྱོགས་པ་ཡི།།
མི་ཡི་སེམས་པ་མཐའ་ནས་མཐའ་རུ་ཡལ།།
འགའ་ཞིག་དྲན་པའི་ཀློང་ནས་བོར་ཡང་སྲིད།།
གང་ཞིག་ཚོར་བའི་གསེང་ནས་ཡལ་ཡང་ཐང་།།
ལོ་ཡིས་མི་རྒས་ཟླ་བས་མ་ཟད་པའི།།
ང་ལ་ལྷག་པ་ཅི་དང་ཅི་ཞིག་ཡོད།།
#སྦྲ་སྐལ་རྡོར།#

མི་ཁ་ཤས་ལ་མཁས་པོ་ཡོད་ཀྱང་མཛེས་པོ་མེད། མཛེས་པོ་ཡོད་ཀྱང་མཁས་པོ་མེད། མཁས་ཤིང་མཛེས་ཀྱང་སྐད་ལ་ཡག་པོ་མེད་པ་མང་། རེད་དེ་དམ་པ་འདི་མཁས་ཤིང་མཛེས་ལ་སྐད་ཀྱང་ཐོས་ན་དགའ་བ་ཞིག་རེད།
བསོད་ནམས་ཆེན་པོ་ཅན་གྱི་སྐྱེས་བུ་ལ་སྐུ་མཛེས་པོ་དང་གསུང་སྙན་པོ་དང་ཐུགས་མཁས་པོ་ཞིག་ཡོད་པ་ནི་སྟོན་པ་སངས་རྒྱས་བཞིན།

མི་ཁ་ཤས་ལ་ཤེས་ཡོན་ལྡན་རུང་གོ་ཐོབ་མེད། གོ་ཐོབ་ཡོད་ཀྱང་ཤེས་ཡོན་མེད། གོ་ཐོབ་དང་ཤེས་ཡོན་གཉིས་ཀ་འཛོམ་དུས་ལོ་ན་མཐོ་བའི་དཀའ་ཁག་དང་འཕྲད། རེད་དེ་དམ་པ་འདིར་ཤེས་ཡོན་དང་གོ་ཐོབ་ཡོད་པ་མ་ཟད་ལོ་ན་གཞོན། འཇིག་རྟེན་ན་ཁོང་བཞུགས་པ་དགའ་བ་ལ།

མི་ཁ་ཤས་ཀྱིས་གཞུང་ལུགས་ཡག་པོ་ཤེས་རུང་སྐད་རིགས་མང་པོ་མི་ཤེས། སྐད་རིགས་མང་པོ་ཤེས་ཀྱང་གཞུང་ལུགས་ཡག་པོ་མི་ཤེས། རེད་དེ་དམ་པ་འདིས་གཞུང་ལུགས་ཡག་པོ་ཤེས་པ་མ་ཟད་སྐད་རིགས་ཀྱང་མང་པོ་ཤེས། དོན་དམ་པར་བོད་ཀྱི་ལོ་རྒྱུས་ཀྱི་སྟེང་དུ་ཁོང་ལྟ་བུ་ཧ་ལམ་བྱོན་མ་མྱོང་།

མི་ལ་ཤས་ཀྱིས་ཐུན་མོང་རིག་གནས་ཤེས་ཀྱང་ནང་བསྟན་ཡག་པོ་མི་ཤེས། ནང་བསྟན་ཡག་པོ་ཤེས་ཀྱང་ཐུན་མོང་རིག་གནས་མི་ཤེས། རེད་དེ་དམ་པ་འདིས་ནང་བསྟན་ཡག་པོ་ཤེས་པ་མ་ཟད་སྒྲ། སྙན་ངག ལོ་རྒྱུས། བྲིས། རིས་སོགས་ཐུན་མོང་རིག་གནས་མང་པོ་ཤེས། འདི་ལྟ་བུ་ཕུན་སུམ་ཚོགས་པ་ཧ་ཅང་དཀོན།

མི་ལ་ཤས་ཀྱིས་རྩོམ་སྙན་པོ་བྲིས་ཀྱང་འཆད་སྒྲོས་ཡག་པོ་མེད། འཆད་སྒྲོས་ཡག་པོ་ཡོད་ཀྱང་རྩོམ་སྙན་མོ་འབྲི་མི་ཤེས། རེད་དེ་དམ་པ་འདིའི་འཆད་སྒྲོས་ལེགས་པ་མ་ཟད་རྩོམ་པ་ལ་འགྲན་ཟླ་མེད། ནོར་བུ་རིན་པོ་ཆེའི་ཡོན་ཏན་ལེགས་པར་གཏམས་པ་རེ་རེ་ཙམ་ཡིན།

མི་ལ་ཤས་ལ་མཁས་པོ་ཡོད་ཀྱང་། ཐུགས་དྲང་པོ་སོགས་ཀྱི་ཡོན་ཏན་མེད། ཐུགས་དྲང་པོ་སོགས་ཀྱི་ཡོན་ཏན་ཡོད་ཀྱང་མཁས་རྒྱ་མེད། རེད་དེ་དམ་པ་འདི་ཤེས་བྱ་ཡོན་ཏན་ལ་མཁས་པ་མ་ཟད་ཐུགས་དྲང་པོ། གཟུ་བོ། སྤོབས་སེམས། ཆོད་སེམས། ལར་ཞེན། གུ་ཡངས། ཕུང་རྒྱང་རིང་པོ། དད་པ། སྙིང་རྗེ། སྤྱི་སེམས་སོགས་སྐྱེ་བུ་དམ་པ་ལ་ཚང་དགོས་པའི་སེམས་དང་སེམས་བྱུང་ཆ་ཚང་ལྡན། རླབས་ཆེན་གྱི་སྣེ་ཁྲིད་པ་ཞིག་ལ་འགྱུར་བར་སྨོན།

ཆ་རྐྱེན་དེ་དག་དང་ལྡན་པས། ཁོང་ལ་འཇོན་ནུས་ཡོད། ཁོང་ནི་རེ་བ་ཡིན། ཁོང་ནི་ཡིད་ཆེས་ཡིན། ཁོང་ནི་བླ་སྲོག་ཡིན། ཁོང་ནི་བློ་མིག་ཡིན། ཁོང་ནི་བླ་མ་ཡིན། ཁོང་ནི་དེད་དཔོན་ཡིན།

དེས་ན། ང་ཁོང་ལ་དགའ་ཞིང་གུས། ཁོང་གི་གསུང་ལ་དགའ་ཞིང་གུས། ཁོང་གི་ཐུགས་ལ་དགའ་ཞིང་གུས། ཉིན་དྲན། མཚན་དྲན། མི་ཞིག་གི་ནང་ནས་ངས་དགའ་གུས་ཆེ་ཤོས་བྱེད་ས་དང་དྲན་མང་ཤོས་ཀྱི་གྲས་སུ་གཏོགས།

ཁྱེད་རང་ཆེན་པོ་ཞིག་གི་སྐྱེ་བ་ཕྱི་མ་མིན་རུང་ཆོག ཁྱེད་མཐོན་པོ་ཞིག་གི་སྐྱེ་བ་སྔ་མ་མིན་རུང་ཆོག

ཁྱེད་རང་ཁྱེད་རང་ཡིན་པ་དེས་མ་ཆོག་པ་གང་ཡང་མེད་ལ། ཁྱེད་རང་ཁྱེད་རང་ཡིན་པ་དེས་མ་འཐུས་པ་གང་ཡང་མེད་དོ། །

ཁོང་གིས་ང་ཚོར་ལེགས་སྐྱེས་ཡང་ཡང་གནང་། ད་དུང་ཡང་གནང་བར་འགྱུར། ངའི་ཉིན་རེ་འཚོ་བའི་ནང་ཁོང་གི་ལེགས་སྐྱེས་དང་ཁ་འབྲལ་ཐབས་མེད།

བཀའ་དྲིན་བླ་མེད་དུ་ཆེ། ངའི་སེམས་ཀྱི་ནོར་བུ།

བན་དེ་འགྲོ་ཕན།


发布     👍 0 举报 写留言 🖊   
✋热门推荐
  • 非今臣下所能有增益,昔与文若奉事先帝,事有数者,有似于此。非今臣下所能有增益,昔与文若奉事先帝,事有数者,有似于此。
  • 保佑我初平安顺遂故事的小黄花从出生那年就飘着童年的荡秋千随记忆一直晃到现在Re So So Si Do Si LaSo La Si Si Si Si La Si
  • ——他是我的好朋友。跟我爸无聊点播重温了五军之战,经典永不过时,索博怎么那么好嗑,国王被影响成那样也没有怀疑过飞贼老爷,看到摊开手心上的榛子只想着那是我们的信物
  • 一些人拿到大的会抱怨酸,拿到甜的会抱怨小;而有些人拿到小的就会庆幸它是甜的,拿到酸的就会感谢它是大的。所以,有些缺憾并不是缺憾,就看你的心态好不好,就看你的感觉
  • 【西安咸阳国际机场运管委创立“大管理”运行新模式 】9月2日,陕西日报“全媒体行动”走进西部机场集团调研采访活动启动。【陕西日报“全媒体行动”走进西部机场集团】
  • #微观民生#【泰州市中医院8月份外院专家坐诊表出炉】泰州市中医院8月份专家门诊新鲜出炉,将请来一批省内外知名专家,为有需要的患者提供特色诊疗服务。大会将邀请60
  • 我没有那么好的记性,但是我很高兴,这一路走来我都在棚里,老大,月饼吃了吗中秋节快乐,棚里的家人们中秋节快乐!#摩登兄弟的棚妃们绝不认输[超话]##刘宇宁MyOM
  • 这也是第一本我那么喜欢却这么久都没有买的书 因为我觉得比起买全它的几部曲 和你的拼凑在一起会更有意义 更让我开心可我也许等不到了我自己买了。告诉自己 要好好读书
  • [微风]与国旗同框,国之和平安宁乃吾辈之幸,要懂得惜福感恩!吾辈当自强,于国于家,必奋而不衰,尽吾辈之责。
  • 接触的制药厂的客户,我们也了解到,霉菌容易在湿度大温度适宜的地方生产繁殖,要在制药生产车间彻底杀灭霉菌除了环境条件要控制好外使用合适的杀菌剂也很重要。  6、在
  • 哪怕是养了Mike最不喜欢的老鼠,Phoebe问他会不会觉得她很怪,他笑着说不啊,我只觉得你超级善良。#老友记[超话]##老友记# Mike真的是长我苏点上了吧
  • 爱情是需要恋人共同经营的,矛盾和纠纷也不会只是单方面,感情没有对错,所以不必对自己或者对方过多的责怪,自怨自艾怨天尤人暴饮暴食茶饭不思都是万万不可的,这样只会
  • 嘴唇软不拉叽的,脸也软软嫩嫩的。他家の纸巾很软,洗完脸用这个hin舒服[太开心],尺寸和厚实度都干湿两用的,吸水性很不错,毛巾放在卫生间很容易潮湿,用多了对脸部
  • “你每一次的温柔我都想炫耀我们绕了这么一圈才遇到我比谁都更明白你的重要这么久了我就决定了决定了你的手我握了不会放掉”闲时与你立黄昏,灶前问你粥可温人生遇到的人来
  • 起起落落,浮浮沉沉,我们都在微博的海浪里漂浮,有时候大浪打来,会看不清周围的形势,一片茫然,但请抬头望望天空,白日里他是最耀眼的太阳在帮我们指明方向,黑夜中他也
  • 于北京儿童医院皮肤科完成3年住院医师规范化培训,师从国内知名儿童皮肤科专家,擅长儿童皮肤疾病的诊治。“医美人才尽在医聘网(www.ymzhaopin.com),
  • 今年的中秋节,洋河派出所的民警、辅警们,一如既往的坚守在岗位上,用忠诚与担当,让飘然出尘的月光朗照人们的心里,为大家带来更加为大家带来更加谵远明彻、祥和风轻的平
  • #语文课[超话]#《古代文化常识》Day109: 【三教九流】(我之前看过一本书,名字大概叫《中国近代三教九流研究》其中有一部分讲的是江浙一带的一派黑社会,书
  • 【时刻预售】9月主题刊#时刻·勇者无惧#现已预售[心][心][心][给你小心心]本期有#海龟先生#乐队的独家专访,他们的音乐就像海浪一样,永不停止,恣意前行。创
  • 糊剧居然也来剧一播完就拆cp提纯这种操作,又不是大热剧,才几个粉丝啊,蚊子腿也是肉吗[微笑][二哈]作为cpf被圈的我爱的是两人在一起的状态,如果他俩不在一起了