࿑ཉི་མ་གཞོན་ནུ།

_________

•སོག་​སྐར།•​

དཔག་ཡ༵ས་རྒྱལ་བའི་ཞིང་ནས་བསམ་བཞིན་དུ།།
མཐའ་ཡ༵ས་འགྲོ་བའི་སླད་དུ་བྱོན་པ་ཡི།།
བགྲང་ཡ༵ས་ཚོགས་ཀྱིས་བཞེངས་པའི་སྤྲུལ་བའི་སྐུ།།
བསམ་ཡ༵ས་ཆོས་ཚུལ་སྟོན་ཕྱིར་བླ་ན་བཀུར།།

གྲངས་མེད་སྐྱེ་བོས་ཟླ་སྟེང་ལོ་བརྩེགས་ཏེ།།
རེ་བའི་སེམས་ཀྱིས་ཉིན་མཚན་བལྟས་པ་ཡི།།
ཡང་སྤྲུལ་ཉི་མ་གཞོན་ནུའི་ལང་ཚོའི་མདངས།།
ད་ལྟ་དངོས་སུ་མིག་གི་དཔལ་དུ་འཁྲུངས།།

གསེར་དངུལ་རྒྱན་གྱིས་སྤུད་པའི་ལྷ་ཡི་སྐུ།།
ཅི་ཙམ་བརྗིད་ཀྱང་ཕྱི་ཡི་བཟོ་བཀོད་ཙམ།།
བསམ་བཞིན་མི་ཡི་གར་དུ་རོལ་པ་ཡི།།
ཁྱེད་ཉིད་ངེས་པ་དོན་གྱི་རྣམ་འདྲེན་ལགས།།

འཇི༵གས་མེ༵ད་སེངྒེའི་ཁྲི་ལ་འགྱིང་བ་ཡི།།
བསྟ༵ན་འཛི༵ན་བྱེ་བའི་སྙིང་གི་ནོར་བུ་ཁྱེད།།
ཇི་སྲིད་བསྐལ་བའི་མཐའ་རུ་མ་ཐུག་པ།།
དེ་སྲིད་འགྲོ་བ་རྒྱ༵་མཚོ༵འི་མགོན་དུ་བརྟན།། https://t.cn/R2WxDx2

རྒྱལ་ཁམས་པའི་རང་སྒྲ།

མི་ཤིགས་ཁམས་སུ་ལྷུན་གྱིས་སྒེག་པ་ཡི། །
ཉམས་འགྱུར་འབུམ་ཕྲག་རྫོགས་པ་དེ་དག་བཞིན། །
སྣང་སྲིད་ཀློང་ནས་འབྱམས་པའི་གྲོང་ཁྱེར་ན། །
སྤུ་སྡུག་རྣམ་བཀྲའི་ཤེས་རིག་རྒྱལ་ཁམས་པ། །

ལྷོང་ལྷོང་སྨུག་ཞག་འཁྱིལ་བའི་ཆུ་སྤྲིན་ཚོགས། །
ཁྱུག་ཁྱུག་ལང་ཚོ་ངོམ་ནས་འདུ་བ་བཞིན། །
གསལ་གསལ་ཤེས་བྱའི་གཟེགས་མ་མ་ལུས་པ། །
ལྡེམ་ལྡེམ་གར་བསྒྱུར་ཁོ་བོའི་སྙིང་ཁར་སིམ། །

དབྱར་གྱི་མགོ་མའི་མེ་ཏོག་བཀྲ་བ་བཞིན། །
མཚར་མདངས་འཛུམ་ཞལ་གྲོལ་བའི་འདབ་ཕྲེང་ལྡེམ། །
ཡིད་འོང་སྡུག་གུའི་ངང་ཚུལ་ཀུན་ནས་འཚེར། །
ཕྱོགས་སུ་ཁྱབ་པའི་དྲི་བཟང་ཐུ་ལུ་ལུ། །

ངང་གྲོལ།

༄༅།།ཆོས་སྡེ་འདིས་མཚོན་རིས་མེད་རྒྱལ་བའི་བསྟན།།
འཛིན་སྐྱོང་སྤེལ་བའི་ཁུར་བཞེས་འདུས་པའི་སྡེར།།
འཆད་རྩོད་རྩོམ་ལ་དབང་འབྱོར་མཁས་པ་དང་།།
གྲུབ་པའི་སྐྱེས་བུ་སྐར་ཚོགས་ལྟར་འཕེལ་ཤོག།
དེ་ཡང་ཤེས་རབ་ཐོགས་མེད་པས་དད་དང་སྨོན་པས་སྦྱར་བ་དགེ། ༢༠༢༣ ༦ ༢༢


发布     👍 0 举报 写留言 🖊   
✋热门推荐
  • 要做的事⭐1. 吃爆米花是必须的我姐给我拍的ㅎㅎ+昨天!!
  • ‮旧新‬太岁替换之间也会造成运势动荡,是非频发,生活不得安宁,事业上遇到瓶颈无法突破,财运上投资遭遇失败,感情上则会与爱人产生矛盾,甚至面临分手,在身体健康上小
  • ”Chat从他故作轻松的语气里能听得出来他有些生气了,那一晚他并未回房间,在后院里站了一宿,浇死了阁主亲自种的一排花后终于在天将破晓之际想明白了,他很确定,他喜
  • 所谓岁月静好,不过是家中的那碗热汤,和始终为你点亮的那【THJ】上赛季的结局对我们今年的表现起了很大作用——在一场失利后,我们尽最大努力让我们不连输两场,也不让
  • ✅第三就是胆碱能性荨麻疹,皮肤一受热就起一块块的风团,一般一个小时后它也会自己消掉的,如果痒的受不了,可以口服西替利嗪片等抗组胺药物。你没见过的偏方、验方#中国
  • #任嘉伦[超话]# ❥ 『任嘉伦』ᥫᩣᥫᩣ❤️ᰔᩚ̶̶̶̶̶̶̶̶̶̶̶̶ 你是我最喜欢的人,像小熊喜欢蜂蜜,小朋友喜欢棒棒糖一样的@任嘉伦Allen
  • 在我国,居家养老仍是无数眷恋家庭老人的首选,而智能化、适老化改造无疑将大大提高居家老人的养老质量。智慧养老不仅时刻保护老人的安全,还能全方位监测老人的健康状况。
  • 抖音热推主角小说PB3U 书名:《王爱龄陆韶平》陆韶平王爱龄 主角:《王爱龄陆韶平》陆韶平王爱龄 《安枝予简奕阳》简奕阳安枝予《姜昀念陆时谦》陆时谦姜昀念 《司
  • ”“莫高窟一直在等着,必然要来到它身边的人”今天一起走进影院感受敦煌之美。”“莫高窟一直在等着,必然要来到它身边的人”今天一起走进影院感受敦煌之美。
  • 我起身,不免有些好笑,“楚宇轩,你不知道这种地方四处都有监控吗? 我起身,不免有些好笑,“岑曦,你不知道这种地方四处都有监控吗?
  • 无创孕期亲子鉴定优势:1.采样简单:只需前往当地医院内的亲子鉴定采样中心进行采样,采样过程正规安全,且仅需抽取10-15ml样本,无需进行任何手术;2.六周可做
  • 最后的最后,还有小鹏看家本领:xngp,作为小鹏G6 pro车主,这次增购,必须上max版。带着家里人开这个出行,我觉得真的非常舒服,非常期待X9的交付能早上到
  • ” 徐雯倩:“有一次我比妈妈都吃的快呢” 看到肖皓阳和徐雯倩都吃完了,王禹霖也不再左看右看、开始埋头吃饭了。肖皓阳都吃一半了” 徐雯倩:“我也吃了好多了”
  • 人生的容错率,超出你的想象,最后我希望你快乐做自己就好,更好地成为自己,而不是成为更好的自己。已经想不起来你是怎么解决的一个又一个的难题,怎么一个人面对的那么多
  • 古之圣人,其出人也远矣,犹且从师而问焉;今之众人,其下圣人也亦远矣,而耻学于师。惑而不从师,其为惑也,终不解矣。
  • “以色列部长们承认核武器的存在,应该对其(这一情况)进行调查,”他说道,“如果有核弹在国际原子能机构的控制下走私出去,那它必须被揭露,不仅是为了我们的地区,也是
  • 我想说的是,当你和网球在一起二三十年,她对于你的意义,也会发生改变。周五上着班摸鱼本来在和某位素未谋面的基友聊着他的感情史上一秒他还在和我分享刚和八年的男友分手
  • )哦然后之前的翻牌:“别急你慢慢来 那个S老师吐槽你太慢了我告状一下” xswl……一开始我解释过,现在因为跳进黄河也解释不清我已经不解释了[可怜] 本来以为不
  • 老吕下午快五点才进家门我迷迷糊糊听到他拎了不少东西回来我问他买什么去了他说看我咳嗽老不好就买了梨看我免疫力总这么低就买了橘子补充维C看我上次在水果店看到脆柿子摸
  • 2、裱花袋装入喜欢的花嘴,装入适量的豆乳奶酪糊表面挤满花3、最上面再筛上一层黄豆粉即成,马上可以吃了,放在冰箱里2小时后再吃味道更好。清凉感拉满,饼干部分酥酥脆