࿑བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས།།
མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས།།
འཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས།།
བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས།།
མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས།།
འཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས།།
བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས།།
࿑ཟང་ཟིང་འཁོར་བའི་དུག་མཚོ་ལས།།
ཐར་བའི་ཕ་རོལ་འགྲོ་འདོད་ན།།
དབེན་པ་གཉིས་ཀྱི་གྲུ་གཟིངས་ལ།།
བརྟེན་ནས་འགྲོ་བ་དམ་པའི་ལུགས།།
ཕྱི་ལ་འདུ་འཛིས་དབེན་པ་དང་།།
ནང་ལ་རྣམ་རྟོག་གིས་ཀྱང་དབེན།།
དབེན་པ་གཉིས་ཀྱི་དང་བོ་ཡི།།
བཀོོད་པ་བརྗོད་ན་འདི་ལྟར་རོ།།
ཕྱི་ལྕགས་རི་མུ་ཁྱུད་གྲུབ་ཚུལ་ནི།།
རྫ་རི་སྤང་རི་གཡའ་རི་གསུམ།།
གསེར་གྱི་མཎྜལ་བཞེངས་འདྲ་ཡོད།།
ཤིང་སྣ་སྨན་སྣའི་དྲི་བསུང་དེ།།
ལྷོ་ཕྱོགས་རླུང་དང་འགྲོགས་ཏེ་འོང་།།
རྫ་ཆབ་སྔོན་མོ་ལྷང་ལྷང་གིས།།
མི་རྟག་འཆི་བའི་ཆོས་འཁོར་སྐོར།།
དམ་པའི་བཤེས་ཀྱང་བཞུགས་དང་མཚུངས།།
རི་དྭགས་རྣམས་ནི་བག་ཡངས་རྒྱུ།།
འདབ་ཆགས་ཚོགས་ཀྱང་སྐད་སྙན་སྒྲོག།
འགྱུར་བ་མེད་པའི་གྲོགས་ཀྱི་མཆོག།
དེ་ལས་ལྷག་ཅིག་གང་དུ་ཡོད།།
དགྲ་གཉེན་གྱི་དབྱེ་བ་དེ་ན་དབེན།།
ཕྲག་དོག་གི་རླུང་འཚུབ་དེ་ན་དབེན།།
འགྲན་སེམས་ཀྱི་མུ་ཅོར་དེ་ན་དབེན།།
ད་དབེན་པ་ཟེར་ན་ཟེར་གོ་ཆོད།།
ཇེར་སྒྲོས་དང་ངག་རྒྱུན་གྱི།།
གོ་ཐོས་རྣ་ཐོས་ལ་གཞིག་ན།།
དབེན་པའི་རི་ལ་སྡོད་མཁན་དག།
གྲུབ་ཐོབ་དང་རྣལ་འབྱོར་གྱི།།
ཉམས་ལེན་ལ་ཞུགས་མཁན་ཡིན།།
བདག་འདྲ་བའི་ཉེར་གཅིག་གི།
དགེ་སྦྱོང་གི་བརྟུལ་ཞུགས་རྣམས།།
དབེན་པ་འགྲིམ་པའི་དཔའ་གདེང་མེད།།
རྣམ་དཔྱོད་ཀྱི་རལ་གྲི་མེད།།
བརྩེ་ཆེན་གྱི་སྙིང་སྟོབས་མེད།།
གནས་དབེན་པའི་ཉམས་མྱོང་མེད།།
དབེན་པའི་རི་ལ་རྒྱང་ལྟ་ཙམ།།
ཡིད་སྨོན་དང་ཡི་རང་གི།
བྱེད་པ་ཙམ་ལས་ཐབས་གཞན་མེད།།
ད་འཁོར་བའི་ལྗན་ལྗིན་སྤྱོད་བཞིན་དུ།།
གྲོང་ལ་ཆགས་ན་ཆགས་ཏེ་སོང་།།
གནས་འོག་མའི་སྨེ་སྔགས་འཆོར་བ་ལ།།
ཐག་མི་རིང་དབུགས་རྒྱུན་འགའ་ཡི་རྗེས།།
དེ་རིང་གྲུབ་པ་དུང་རྣ་ཡི།།
གནས་དབེན་པ་དེ་ལ་ལན་ཅིག་སོང་།།
ལྗོན་པའི་གྲིབ་བསིལ་གོས་སུ་གྱོན།།
གཡུ་ཡི་སྤང་ལྗོངས་གདན་དུ་བྱས།།
ཚིག་ཆ་ལེ་ཆོ་ལེ་འདི་ལྟར་བྲིས།། ༢༠༢༣\ ༦\ ༨\ ཉིན་རྒྱོའུ་རྒྱ་རི་ཁྲོད་ནས་རྨ་པྲཛྙཱས་ཐོལ་བྱུང་དུ་བྲིས།
ཐར་བའི་ཕ་རོལ་འགྲོ་འདོད་ན།།
དབེན་པ་གཉིས་ཀྱི་གྲུ་གཟིངས་ལ།།
བརྟེན་ནས་འགྲོ་བ་དམ་པའི་ལུགས།།
ཕྱི་ལ་འདུ་འཛིས་དབེན་པ་དང་།།
ནང་ལ་རྣམ་རྟོག་གིས་ཀྱང་དབེན།།
དབེན་པ་གཉིས་ཀྱི་དང་བོ་ཡི།།
བཀོོད་པ་བརྗོད་ན་འདི་ལྟར་རོ།།
ཕྱི་ལྕགས་རི་མུ་ཁྱུད་གྲུབ་ཚུལ་ནི།།
རྫ་རི་སྤང་རི་གཡའ་རི་གསུམ།།
གསེར་གྱི་མཎྜལ་བཞེངས་འདྲ་ཡོད།།
ཤིང་སྣ་སྨན་སྣའི་དྲི་བསུང་དེ།།
ལྷོ་ཕྱོགས་རླུང་དང་འགྲོགས་ཏེ་འོང་།།
རྫ་ཆབ་སྔོན་མོ་ལྷང་ལྷང་གིས།།
མི་རྟག་འཆི་བའི་ཆོས་འཁོར་སྐོར།།
དམ་པའི་བཤེས་ཀྱང་བཞུགས་དང་མཚུངས།།
རི་དྭགས་རྣམས་ནི་བག་ཡངས་རྒྱུ།།
འདབ་ཆགས་ཚོགས་ཀྱང་སྐད་སྙན་སྒྲོག།
འགྱུར་བ་མེད་པའི་གྲོགས་ཀྱི་མཆོག།
དེ་ལས་ལྷག་ཅིག་གང་དུ་ཡོད།།
དགྲ་གཉེན་གྱི་དབྱེ་བ་དེ་ན་དབེན།།
ཕྲག་དོག་གི་རླུང་འཚུབ་དེ་ན་དབེན།།
འགྲན་སེམས་ཀྱི་མུ་ཅོར་དེ་ན་དབེན།།
ད་དབེན་པ་ཟེར་ན་ཟེར་གོ་ཆོད།།
ཇེར་སྒྲོས་དང་ངག་རྒྱུན་གྱི།།
གོ་ཐོས་རྣ་ཐོས་ལ་གཞིག་ན།།
དབེན་པའི་རི་ལ་སྡོད་མཁན་དག།
གྲུབ་ཐོབ་དང་རྣལ་འབྱོར་གྱི།།
ཉམས་ལེན་ལ་ཞུགས་མཁན་ཡིན།།
བདག་འདྲ་བའི་ཉེར་གཅིག་གི།
དགེ་སྦྱོང་གི་བརྟུལ་ཞུགས་རྣམས།།
དབེན་པ་འགྲིམ་པའི་དཔའ་གདེང་མེད།།
རྣམ་དཔྱོད་ཀྱི་རལ་གྲི་མེད།།
བརྩེ་ཆེན་གྱི་སྙིང་སྟོབས་མེད།།
གནས་དབེན་པའི་ཉམས་མྱོང་མེད།།
དབེན་པའི་རི་ལ་རྒྱང་ལྟ་ཙམ།།
ཡིད་སྨོན་དང་ཡི་རང་གི།
བྱེད་པ་ཙམ་ལས་ཐབས་གཞན་མེད།།
ད་འཁོར་བའི་ལྗན་ལྗིན་སྤྱོད་བཞིན་དུ།།
གྲོང་ལ་ཆགས་ན་ཆགས་ཏེ་སོང་།།
གནས་འོག་མའི་སྨེ་སྔགས་འཆོར་བ་ལ།།
ཐག་མི་རིང་དབུགས་རྒྱུན་འགའ་ཡི་རྗེས།།
དེ་རིང་གྲུབ་པ་དུང་རྣ་ཡི།།
གནས་དབེན་པ་དེ་ལ་ལན་ཅིག་སོང་།།
ལྗོན་པའི་གྲིབ་བསིལ་གོས་སུ་གྱོན།།
གཡུ་ཡི་སྤང་ལྗོངས་གདན་དུ་བྱས།།
ཚིག་ཆ་ལེ་ཆོ་ལེ་འདི་ལྟར་བྲིས།། ༢༠༢༣\ ༦\ ༨\ ཉིན་རྒྱོའུ་རྒྱ་རི་ཁྲོད་ནས་རྨ་པྲཛྙཱས་ཐོལ་བྱུང་དུ་བྲིས།
࿑ ཉིན་སྔོན་མར་གཟའ་མཇུག་གི་སྐབས་སུ་རི་སྐོར་དུ་ཕྱིན། གཙོ་བོ་རི་སྒང་དེར་སྔོན་ཀརྨ་པའི་དགོན་ཤུལ་ཞིག་ཡོད་པ་ཐོས་པས་འགྲོ་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེ་བྱུང་། ཞོར་དུ་ཡུལ་དེར་སྙན་པ་གྲགས་པའི་བླ་མ་ཞིག་གིས་མཛད་པའི་པོ་ཏི་ཆུང་ངུ་ཞིག་ཡོད་པ་སྟེ་ལས་གྲོགས་ཀྱིས་ཕྲན་ལ་གཟིགས་སྐལ་དུ་བསྩལ།།
✋热门推荐