心态是怎样的,生活就会怎样,命运就会怎样。

对力所能及的事全力以赴
对不可控制的事顺其自然

祈愿所有人趋入善道
祈愿所有人离苦得乐
祈愿所有人平安吉祥

ཨོཾ་ཨཱ་ཧཱུྃཿབཛྲ་གུ་རུ་པདྨ་སིདྡྷཱི་ཧཱུྃཿ
嗡啊吽 曼札厄勒 白玛悉地 吽
​​​

སྟོན་པ་ཐུགས་རྗེ་ཅན་གྱིས། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་གཞི་རྩའི་མངོན་འདོད་འདིའི་ཆེད་དུ་སྐྱེ་འཆི་བྲལ་བའི་གཏན་བདེའི་ལམ་བུ་འཚོལ་བའི་སྐྱེ་བོ་རྣམས་ལ་བདེ་སྡུག་གི་འབྱུང་རྩ་དང་། དགེ་སྡིག་གི་བླང་དོར་དང་གཉུག་མའི་བདེན་དོན་སོགས་མདོར་ན་ཡིད་ཚིམ་པའི་ནང་སེམས་ཀྱི་ཞི་བདེ་འཚོལ་ཐབས་སུ་བདེན་པ་བཞི་ཡི་ཆོས་ཚུལ་འདི་གསུངས་པ་ཡིན། དེ་ཡང་རྗེ་བདག་ཉིད་ཆེན་པོས། “བདེན་བཞི་ནི་ཐེག་པ་ཆེ་ཆུང་ཀུན་ཏུ་ལན་དུ་མར་གསུངས་ཤིང༌། འཁོར་བར་འཇུག་པ་དང་དེ་ལས་ལྡོག་པའི་གནད་རྣམས་བདེ་བར་གཤེགས་པས་བསྡུས་པ་ཡིན་པས་རྣམ་གྲོལ་བསྒྲུབ་པ་ལ་ཤིན་ཏུ་གལ་ཆེ་ཞིང༌། ཉམས་ལེན་གྱི་འགག༌སྡོམ་ཡང་ཆེ་བས་རིམ་པ་དེ་ལྟར་དུ་སློབ་མ་འཁྲིད་དགོས་ཏེ། སྡུག་བདེན་བསམས་པའི་སྒོ་ནས་འཁོར་བ་ལ་ཞེན་ལོག་རྣལ་མ་ཞིག་མེད་ན། ཐར་པ་ཐོབ་འདོད་ཚིག་ཙམ་དུ་འགྲོ་བས་ཅི་བྱས་ཀུན་འབྱུང་དུ་འགྲོ་ལ། ཀུན་འབྱུང་བསམས་པའི་སྒོ་ནས་འཁོར་བའི་རྩ་བ་ལས་དང་ཉོན་མོངས་པ་རྣམས་ལེགས་པར་མི་ཤེས་ན། འབེན་མ་མཐོང་བའི་མདའ་བརྡེག་པ་ལྟར་ལམ་གྱི་གནད་རྣམས་ཆད་ཅིང་སྲིད་པ་ལས་གྲོལ་བའི་ལམ་མ་ཡིན་པ་ལ་ཡིན་པར་བཟུང་ནས་ངལ་བ་འབྲས་བུ་མེད་པར་འགྱུར་བའི་ཕྱིར་དང༌། སྤང་བྱ་སྡུག་ཀུན་མ་ཤེས་ན། དེ་ཉེ་བར་ཞི་བའི་ཐར་པའང་ངོས་མི་ཟིན་པས་ཐར་པ་དོན་གཉེར་ཡང་རློམ་པ་ཙམ་དུ་ཟད་པའི་ཕྱིར་རོ། །” ཞེས་གསུངས་པ་ལྟར་དང་།

དེ་བཞིན་བླ་མ་བདག་ཉིད་ཆེན་པོས། "བདེན་བཞི་འདི་ནི་ནང་བའི་ལྟ་བ་དང་ཉམས་ལེན་གྱི་རྩ་བའི་སྒྲོམ་ཡིན།" ཞེས་གསུངས་པ་དག་གིས་མཚོན། བདེན་པ་བཞི་ནི་ནང་པ་སངས་རྒྱས་པའི་རྩ་བའི་ཆོས་ཀྱི་སྡོམ་ཆེན་པོ་དང་ཉམས་ལེན་གྱི་རྨང་གཞི་བཏིང་ས་ཞིག་ཡིན་ལ། དེ་བས་ང་ཚོ་ནང་པའི་གྲལ་དུ་ཐེ་བའི་མི་ཞིག་ཡིན་པའི་ངོས་ནས་བདེན་བཞིའི་ཆོས་ཚུལ་འདི་ལ་དམིགས་ཀྱིས་བཀར་ནས་སློབ་སྦྱོང་བྱས་ཏེ་ཆ་ཡོད་རྒྱུས་ཡོད་བྱེད་རྒྱུ་དང་། གཙོ་བོར་ནང་སེམས་སུ་བདེན་བཞིའི་འཇུག་ལྡོག་འབྲེལ་བའི་ཉམས་ལེན་རྨང་གཞི་བཏིང་ནས་བདེན་བཞིའི་སྐོར་ལ་མི་ཚེའི་འཚོ་བ་དངོས་ཀྱི་ནང་དུ་མྱོང་ཐོག་ནས་གོ་རྒྱུ་དང་ཚོར་རྒྱུ་སླེབས་དགོས་རྒྱུ་ནི་གནད་ཀྱི་དོན་པོར་སྣང་ངོ་། །

བདག་ལ་མཚོན་ན་བདེན་བཞིའི་ཉམས་ལེན་ཕར་ཞོག་གོ་བ་ཡང་དག་པ་ཞིག་མེད་ཀྱང་བདེན་བཞི་ལ་ངོས་འཛིན་བྱེད་རྒྱུ་དང་དོན་སྤྱི་རགས་པ་ཤར་བ་ལ་ཕན་ཐོགས་དང་གོ་བ་སྟེར་ཚབས་ཆེ་ཤོས་ནི། “ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །”ཞེས་རྒྱུད་བླ་མའི་ཚིགས་བཅད་འདི་ཡིན། དེ་ཡང་ཚིགས་བཅད་འདི་ལམ་རིམ་ཆེན་མོའི་བདེན་བཞིའི་ཐད་དུ་དྲངས་ནས་འགྲེལ་བཤད་གནང་བ་ཡོད་པ་དེས་ཡིན་ནོ། །

དེ་དུས་ཀྱི་ང་ཚོར་རྨི་ལམ་ཡོད། རྩོམ་རིག་དང་བརྩེ་དུང་། ད་དུང་རྒྱལ་ཁམས་ཕྱོགས་མེད་དུ་མྱུལ་བའི་ཕུགས་བསམ་དེ་ཡོད། ད་ལྟ་བའི་ང་ཚོས་མཚན་གུང་ཆང་ལ་རོལ། པུ་ཙེ་དང་པུ་ཙེ་ཕྲད་པ། རྨི་ལམ་ཆག་པའི་སྒྲ་ཁོ་ནའོ།།

__པའེ་ཏའོ་ཡི་<<ཁང་བ་སྔོན་པོ།>>་ལས།


发布     👍 0 举报 写留言 🖊   
✋热门推荐
  • 不知道以后你会不会有反派类型的角色,我太喜欢那种“衣冠禽兽”型的人物了[允悲][允悲][允悲](老片的画质实在差,不是为了你我是真看不下去[嘻嘻][嘻嘻][嘻嘻
  • &百达翡丽星空3500000元 VIP定制款(欢迎全球比价) 礼尚往来名表实体店现货(重磅来袭:不议价) 【镌刻双P印记 二手(以实物为准)百达翡丽
  • 早上一直在刷抖音,累了就闭目养神等着歪歪起床(昨天约好了今天中午我去接她然后一起去吃饭,中午某人的ipad到了,偷偷的先去把快递拿了再去接她,见面的时候和她说“
  • 一组海报带你速览《新时代的中国青年》白皮书的亮点内容,了解新时代中国青年的风貌和担当↓↓↓ (CGTN)#新时代的中国青年白皮书#【#一起了解中国青年的风貌和担
  • 今年要当一个元气满满的酷盖,少年感拉满的那种,这种想法来自又想剪短头发的某人#三联美食# 30多年来,我的记忆从未褪色。是一晚上接收三个外卖的小刘各种零食,牛奶
  • 另外,继马斯克在得州工厂大爆料之后,特斯拉 2022 年更具体的发展规划、产品研发,以及网络扩展,也都在今天的财报电话会议上被提及。不过根据官方描述,得州工厂的
  • 生活中在我们的人生路途中会经常接触到各种形形式式的人、有的人品德高尚、有的人龌龊不堪、有的人热情豪爽、有的人小肚鸡肠、还有的人自私狂妄!总之不管遇到什么人、都必
  • #肖战正能量艺人##肖战##哪一刻你意识到要多读书# 每时每刻,越是读书多,越是能发现自身的不足,也更谦虚低调,凡事都不会轻易去下定论,因为心里很明白,这个世界
  • 特别后悔当初中奖去换的时候选了大刀川美美款而不是八神太一款[允悲][允悲][允悲](本来选的城户丈款,后来流团了店家说只能换)美美款设计倒是不丑,就是浅豆绿色非
  • 期待下次见面哦[心]BTW,克茗冰室算是踩雷了,味道很一般,不推荐。[浪]【0点开拍】上次的兔兔还没吃完,多多又想吃兔兔了[二哈]兔小冷 四川特产麻辣兔腿150
  • 5.最好的友情各自忙碌 互相牵挂6.要比肩而立 一起成为更好的大人7.不分青红皂白 我永远站在你这边8.好朋友是柔软剂 充电器 是糖果巧克力9.喜欢固定的位置
  • !!
  • 感觉老板是故意的 然后大家花钱买冰镇饮料[费解]还有赠一份生菜 包肉解腻,可以自己烤也可以服务员帮烤 ,服务员像要喂猪一样飞快的烤完赶紧撤了[允悲] 两个人吃了
  • 我就在烟火最盛的地方买套房子,不是很大,一个人生活,简简单单的装成自己喜欢的样子,然后再养一只高冷的猫,写字画画养鱼养乌龟,在把父母照顾好,不用刻意去迎合别人,
  • 花見全線受得起美譽埼玉テルビ 埼玉電視臺做花見專訪-花見全球頂尖酵素口碑王,隨著被美人百花評選為最適合斷食酵素在日本大幅度曝光後,掀起新一輪時尚潮。(*^o^*
  • 上次缴费,我还到船山区公园口办公地2楼综合办公室问了他带我找了她查询,明确说:有这账户,什么都对,却缴不了费,我也不懂了......上网显示ip地址 并不会让那
  • ”“啵~”“嘶……”唉,小姑娘能有什么坏心眼呢,她只是想亲亲你吖╮( ̄▽ ̄)╭ 【悄咪咪来补个后续】本来凌肖平时是睡在床左边的,结果今天要睡觉的时候非要把已经在
  • 回家终于有机会拆快递,迫不及待看了moku老师的本,然后………………狠狠被殇到了,全程心理活动就是:☺️但是神是真的神,我是无脑moku吹,从画面到分镜到台词我
  • [鲜花]#易烊千玺无懈可击# [鲜花] [鲜花]#易烊千玺王者荣耀品牌代言人# [鲜花] 易撩撩超话组欢迎你 [鲜花][鲜花][鲜花][鲜花][鲜花][鲜
  • 海就是这样,人们给予的,不全要,苹果壁纸它留下该留的,动漫壁纸你永远也看不到我最寂寞时候的样子,因为只有你不在我身边的时候,我才最寂寞。小编相信,自信且豁达的她