དང་པོ་འཕྲད་ན་ཆོག་ཀྱང་།།
སེམས་པ་མཐུན་དགོས་མེད་ཀྱང་།།
ཡིད་སེམས་གཅིག་ཏུ་འདྲེས་སོང་།།
ཚེ་གང་འདྲིས་ཐབས་མེད་ཀྱང་།།
གྱེས་དུས་ཞེན་ཆགས་སྨུག་པ།།
རིམ་གྱིས་དྭངས་ན་བསམ་སོང་།།
སེམས་པ་མཐུན་དགོས་མེད་ཀྱང་།།
ཡིད་སེམས་གཅིག་ཏུ་འདྲེས་སོང་།།
ཚེ་གང་འདྲིས་ཐབས་མེད་ཀྱང་།།
གྱེས་དུས་ཞེན་ཆགས་སྨུག་པ།།
རིམ་གྱིས་དྭངས་ན་བསམ་སོང་།།
༈ མདོ་ལས།
མ་དུལ་ཕལ་ཆེར་འཇིག་རྟེན་ན། །
ཤིན་ཏུ་དུལ་བའི་རྟགས་ཀྱིས་སྤྱོད། །
གསེར་གྱི་གཟུགས་བརྙན་སྙིང་པོ་ལྕགས། །
ཕྱི་རོལ་གསེར་གཡོག་སུན་འབྱིན་ལྟར། །
ནང་དུ་གདུག་བཅས་ཕྱི་རོལ་དུ། །
འཁོར་དང་བཅས་ཤིང་འཕགས་ལྟར་སྤྱོད། །
མ་དུལ་ཕལ་ཆེར་འཇིག་རྟེན་ན། །
ཤིན་ཏུ་དུལ་བའི་རྟགས་ཀྱིས་སྤྱོད། །
གསེར་གྱི་གཟུགས་བརྙན་སྙིང་པོ་ལྕགས། །
ཕྱི་རོལ་གསེར་གཡོག་སུན་འབྱིན་ལྟར། །
ནང་དུ་གདུག་བཅས་ཕྱི་རོལ་དུ། །
འཁོར་དང་བཅས་ཤིང་འཕགས་ལྟར་སྤྱོད། །
སྤྲིན་དཀར་དར་ཐག་འཐེན་ཞིང་།།
ལྷོད་ཆགས་མཁའ་རུ་རྒྱུ་བཞིན།།
ཉི་ཐིག་ལྷོད་པོའི་འོག་ནས།།
སྤང་ལྗོངས་དེ་ཡི་གསེང་དུ།།
སྣ་ཚོགས་མེ་ཏོག་བར་ནས།།
སོས་དལ་བག་ལ་ཕེབས་སོང་།།
ལྷོད་ཆགས་མཁའ་རུ་རྒྱུ་བཞིན།།
ཉི་ཐིག་ལྷོད་པོའི་འོག་ནས།།
སྤང་ལྗོངས་དེ་ཡི་གསེང་དུ།།
སྣ་ཚོགས་མེ་ཏོག་བར་ནས།།
སོས་དལ་བག་ལ་ཕེབས་སོང་།།
✋热门推荐