ད་ལོར་敦煌ཏུན་ཧོང་རགས་མཇལ་བྱས་པ།
ཏུན་ཧོང་།
ཞེས་པའི་མིང་འདི་ཇི་ལྟར་བྱས་ནས་ཐོག་མིན་ལ་ཟེར་སྲོལ་འགའ་འདུག བོད་ཀྱི་༼འདུ་ཁང་༽ཞེས་པ་ཟུར་ཆག་པར་འདོད་པ་དང་། འགའ་ཡིས་གནས་འདིར་ས་ཕུག་སྟོང་དང་སངས་རྒྱས་སྟོང་སྐུ་ཡོད་པས་དེ་སྐད་བཏགས་པ་རེད་ཟེར་བ་དང་། ཡང་གཞན་གྱིས་སྔོན་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་རྒྱལ་རབས་སྐབས་ལོ་བརྒྱ་ཕྲག་ལྷག་ཅིག་ལ་བོད་ཀྱི་མངའ་ཁོངས་སུ་གནས་པས། སྐབས་དེར་བོད་ཀྱི་སྟོང་དཔོན་ཞིག་གིས་ས་དེར་བཟུང་བས་༼སྟོང་དཔོན༽ཞེས་པ་ཟུར་ཆག་ནས་ཏུན་ཧོང་ཞེས་པ་ཐོགས་ཚུལ་སོགས་བཤད་སྟངས་འདྲ་མིན་འདུག་ཀྱང་ཕྱི་མར་ཅུང་བདེན་པ་ར་སྤྲོད་བྱས་འདུག
གནས་འདི་ནི་ཕྱི་ལོ་སྔོན༢༦༦ལོར་ཆིན་རྒྱལ་རབས་སྐབས་ནང་པའི་རྣལ་འབྱོར་པ་༼བློ་བཙུན༽ཟེར་བར་དག་སྣང་ཁྱད་པར་ཅན་ལས་སངས་རྒྱས་སྟོང་སྐུ་ཞིག་ས་ཕུག་འདིའི་ངོས་སུ་འཐིམ་སྣང་འཆར་བས་རྐྱེན་བྱས་ཏེ་ཡུལ་དེར་ཕུག་པ་ཞིག་བརྐོས་ཏེ་སྒོམ་སྒྲུབ་བྱས་ཏེ་ཐོག་མ་འདི་བྱུང་བ་ཡིན་ཞེས་ཡུལ་དེར་ཡོད་པའི་ཐང་རྒྱལ་རབས་སྐབས་ཀྱི་རྡོ་རིང་དེར་འདུག ཡང་འདིར་སྔོན་གཡུ་ལམ། ཆོས་ལམ། ཟ་འོག་དར་ལམ་ཞེས་སོགས་རྒྱལ་ཕྱི་ནང་བར་གྱི་ཚོང་འབྲེལ་གྱི་ལྟེ་གནས་ཡིན་པ་དང་ཐང་དགེ་སློང་རྒྱ་གར་ནས་ཆོས་བླངས་ནས་ཕྱིར་རྒྱ་ནག་རྒྱལ་ས་西安ཞིས་ཨན་དུ་ཕེབས་ལམ་ཡིན་པ་སོགས་ཀྱིས་མིང་སོ་སོར་གྲགས་པའང་ཡོད།
རྗེས་སུ་༡༨༩༩ལོར་གསར་རྙེད་བྱུང་ཞིང་ནང་དུ་ཡོད་པའི་རིག་མཛོད་སྐོར་ནི། གནའ་བོའི་སྤྱི་ཚོགས་སྐོར་གྱི་ཡིག་ཆ་དང་། ཁྲིམས་ལུགས་དང་། ཆོས་ལུགས། སྐད་ཡིག རྩོམ་ཡིག སྨན་དཔྱད་སོགས་རིན་ཐང་ཅན་ཤ་སྟག་གི་སྐོར་དང་། ཡིག་རིག་མི་འདྲ་བ་བཅུ་བདུན་ཙམ་དང་། དེ་དག་ལས་བརྒྱ་ཆའི༨༠%ཙམ་ནང་བསྟན་སྐོར་གྱི་དཔེ་རྙིང་ཡིན་པར་བཤད། འདི་དག་ནི་དུས་རབས་སྔོན་མའི་དུས་མགོ་ནས་རིམ་པར་དབྱིན་ཇི་བ་དང་ཧྥ་རན་སི་དང་ཉི་ཧོང་པ་དག་གིས་རིམ་གྱིས་ཧབ་ཐོབ་བྱས་ཏེ་ཁྱེར་བ་དང་། དེ་རྗེས་སུ་རྒྱ་ནག་གིས་ཀྱང་ལྷག་མ་དག་རྒྱལ་ས་པེ་ཅང་དུ་ཁྱེར་ཏེ་ད་ལྟ་སོ་སོའི་དངོས་རྙིང་བཤམས་སྟོན་ཁང་དུ་བཞུགས་པ་ལས་འདིར་ད་ལྟ་འཁྱེར་མི་བཏུབ་པའི་འདྲ་སྐུ་ཆེན་པོ་འགའ་དང་། ལྡེབ་རིས་རྙིང་བ། ས་ཕུག་སྟོང་པ་དག་བསྐྱར་བཅོས་རེ་བྱས་ནས་བཞག་པ་སོགས་ལས་ཅང་མི་འདུག གནས་དེར་ཕུག་སྟོང་༤༩༢ཡོད་པར་བཤད་ཅིང་ཆེ་ཆུང་ཀུན་བརྩིས་པས་ཕུག་སྟོང་དེ་ཙམ་ཞིག་ཡོད་ཚོད་གདའ།

རྒྱུགས་སྤྲོད་དང་ཤེས་ཡོན།

————///—-དྲེད་པོ་ཧོར།
ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཨེན་ཌི་ལཱོ་ལ་རྒྱུད་པ་བུ་མོ་གཅིག་ཁེ་རུ་མ་ཡོད་པ་དང་། བུ་མོ་དེ་ཁོ་རང་དགུང་ན་ལྔ་བཅུ་ང་གཅིག་ལ་སོན་པ་དང་གཟོར་སྐྱེས་པ་ཡིན། ཁོང་གི་ཆེས་བྱམས་ཤོས་དང་རྩ་ཆེ་ཤོས་ཀྱི་མི་དེ་ནི་རང་གི་བུ་མོ་གཅིག་པུ་དེ་ཡིན་ཞིང་། ཁོས་བུ་མོ་དེ་ལ་གཞན་སུས་ཀྱང་མ་ཐུབ་པའི་ལྟ་རྟོགས་ལྷག་མ་ཅི་ཞིག་བྱས་ཡོད་རྒྱུ་རེད་ལབ་ན། རང་གི་བུ་མོ་དེ་ཡིག་རྒྱུགས་གཏོང་མི་དགོས་སའི་སློབ་གྲྭ་ཞིག་ཏུ་མངགས་འདུག རྒྱུ་མཚན་ནི་རང་གི་བུ་མོར་རྒྱུགས་སྤྲོད་ཀྱི་གནོན་ཤུགས་དང་དཀའ་ངལ་མྱོང་བཅུག་འདོད་མེད་པས་རེད། རླབས་ཆེན་གྱི་སྐྱེས་བུ་ཁོང་གིས་གནང་སྟངས་འདི་ལ། དཔྱད་བརྗོད་པ་མང་པོ་ཞིག་གིས་སྒྲུབ་ཕྱོགས་ནས་ལྟ་ཚུལ་བཟུང་འདུག ངོ་མ་ཕྲུ་གུ་ལ་བསམ་བློ་གཏོང་སྟངས་དེ་ཧང་སངས་བ་ཞིག་ཡིན་པ་དང་། དེང་སང་གི་ཕྲུ་གུ་རྣམས་ཀྱིས་མྱོང་བཞིན་པའི་རྒྱུགས་སྤྲོད་ཀྱི་གནོན་ཤུགས་དང་། འཇིགས་སྐྲག་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ། དེང་གི་སློབ་ཐོན་པ་དང་སློབ་མ་ཕལ་ཆེ་བ་ལ་རྒྱུགས་སྤྲོད་གནོན་ཤུགས་ཀྱིས་སེམས་ཁམས་ནད་པ་བཟོས་ཡོད་པ་ཞིབ་འཇུག་པ་དག་གིས་བཤད་ཀྱི་ཡོད།

སྤྱིར་རྒྱུགས་སྤྲོད་ནི་གཞུང་དང་སྒྲིག་འཛུག་དག་གིས། དགོས་དབང་ཞིག་གིས་ལས་ཀ་ལྷག་མ་ལྟ་བུ་ཞིག་ཆེད་དུ་བཟོས་བཞག་པ་ལས། མི་སྒེར་གྱི་ཤེས་ཡོན་དང་སློབ་སྦྱོང་ལ་དེ་ཙམ་འབྲེལ་བ་མེད་པ་ལྟར་ཆགས་ཡོད། ད་དུང་འགའ་རེས་ཟེར་ན་རྒྱུགས་སྤྲོད་ཀྱིས་ཤེས་ཡོན་དངོས་ལ་གནོད་ཚུལ་གྱི་བསམ་འཆར་འདོན་མཁན་ཀྱང་དགེ་རྒན་ཆེན་མོ་མང་པོ་ཡོད། ལྷག་པར་ཤེས་ཡོན་སྲིད་ཇུས་ཀྱི་ལམ་ལུགས་དམ་པོ་ཡོད་སའི་རྒྱལ་ཁབ་རེ་ཟུང་གི་ཕྲུ་གུ་རྣམས་ལ། དམིགས་གསལ་ནས་རྒྱུགས་སྤྲོད་ཀྱི་གནོན་ཤུགས་ལྕི་དྲགས་ཚུལ་གྱི་དགག་པ་བརྗོད་མཁན་དེ་བས་ཀྱང་ཤིན་ཏུ་མང་། ཁྱིམ་བདག་ཕ་མ་དང་། དགེ་རྒན། སློབ་གྲྭ། སྲིད་གཞུང་ཀུན་གྱིས་འདིའི་སྐོར་ལ་དེང་སྐབས་བསམ་གཞིག་ནན་མོ་གཏོང་རན་ཡོད་པའི་གནས་ཚུལ་ཞིག་ཆགས་ཡོད། རང་གསོད་དང་། མི་དམངས་ནང་མེ་མདག་རྒྱག་པ། སྨན་རྫས་རིགས་སྤྱོད་པ་སོགས་ཀྱི་སྤྱི་ཚོགས་ཀྱི་དཀའ་རྙོག་མང་པོ་ཞིག་ཀྱང་རྒྱུགས་སྤྲོད་ལམ་ལུགས་དང་འབྲེལ་བ་སྒོ་ཀུན་ནས་མེད་པ་ཡང་ཆགས་མེད།

ང་ཚོ་ལ་དགོས་པ་དང་བརྩོན་ས་ནི་ཤེས་བྱ་དང་ཡོན་ཏན་ཡིན་པ་ལས། གནོན་ཤུགས་དང་མནར་གཅོད་སེམས་ངལ་དེ་ཚོ་ནི་གཏན་ནས་མིན། ཤེས་ཡོན་སློབ་སྦྱོང་ནི་དེ་བས་ཀྱང་འདི་དག་གི་མཚོན་པའི་སྡུག་བསྔལ་དེ་དག་སེལ་ཐབས་སུ་འགྲོ་དགོས་པ་ལས། དཀའ་ངལ་བཟོ་བྱེད་དང་། སྡུག་བསྔལ་འདྲེན་བྱེད་དུ་གྱུར་མི་རུང་། དེ་ལྟར་གྱུར་ན་ཁ་ཟས་དུག་ཏུ་སོང་བ་དང་ཆ་ཡིན། དེ་ཕྱིར་འཇར་པན་དུ་ཉམས་མྱོང་དེ་དག་དངོས་སུ་མངོན་མྱོང་ཐོབ་ནས། འཛིན་རིམ་གང་མཚམས་མཐོན་པོ་ཞིག་ལ་མ་སླེབས་བར་རྒྱུགས་སྤྲོད་མེད་པ་བཟོས་ཡོད་ཚུལ་ཐོས། ང་ཚོ་འགྲོ་བ་མི་འདི་བལྟས་ཚོད་ལ་སྤྱང་གྲུང་དོད་ཤོས་ཀྱི་སེམས་ཅན་གྱི་རིགས་ཤིག་ཡིན་ཡང་། སྐབས་རེར་ནང་ཆོས་ལས་གསུངས་བ་བཞིན་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་སྒྲུབ་མི་ཤེས་ཟེར་བ་ལྟར། བདེ་སྐྱིད་ཀྱི་ཆེད་དུ་ཐོབ་པ་ལས་ཀྱང་ཤོར་བ་མང་དྲགས་འགྲོ་མཁན་ཞིག་ཡིན་པས། ངེས་པར་དུ་བདེ་སྐྱིད་ཅི་ཞིག་ལས་ཐོབ་མིན་རང་གི་ཀླད་པའི་ནང་རྩིས་གསལ་བོ་སྐོར་ཐུབ་པ་ཞིག་དགོས་སོ།། ༡༢/༧/༢༠༢༣

སྤང་ལྗོངས།
མ་བཅོས་རང་བྱུང་གི་སྤང་ཐང་།
ཉི་མས་རིང་པོར་བསྲིངས་པའི་གྲིབ་གཟུགས།
རླུང་སྤྲིན་གྱི་འདུ་འགོད་སྐྱེན་པའི་ནམ་མཁའ།
ཆུ་བུར་ལྟ་བའི་འཚོ་གནས་ཀྱི་འགྱུར་བ།
གས་ཆག་སླ་བའི་མིའི་འབྲེལ་ལམ།
ངས་ཡོད་ཚད་བཟོ་བཅོས་མེད་པའི་རང་བཞིན་དངོས་མ་རུ་མཐོང་བྱུང་། https://t.cn/A6tCn4m0


发布     👍 0 举报 写留言 🖊   
✋热门推荐
  • )“反正不想开什么派对之类的,考个好成绩就算是对生日的庆祝了”和灰羽永乐是竹马竹马单方面崇拜小蓝(并且极想超越对方)经常问小蓝数学题烦灰羽(会向永乐或极光吐槽灰
  • 山寨为什么那么强,因为sb机构做市商太多,一帮20来岁30出头根本没经历过熊市或者根本没拿自己钱玩的人创造出各种盘子,现在这帮货手里都是毫无价值的山寨(包括烧饼
  • ” 离婚这事,女子原本只是口头说说,并没有下定决心要和老公离婚,但闺蜜这样一说,女子觉得有几分道理,自己现在还年轻,还可以找个好的下家,如果继续这样下去,很可能
  • 2004年,百汇医疗进入中国是在上海较早开设医疗机构的外资品牌之一,在上海、苏州、成都、香港设有10处交通便利的医疗机构拥有近100位具有海外教育/工作背景的医
  • 南加徒步者遭山狮尾随,近在咫尺险被扑倒...在阳光明媚的下午到郊外徒步远足是南加最享受的事情之一,但如果被山狮咬伤,那可能就不那么愉快了。”由于栖息地遭到破坏,
  • 云南旅游攻略 昆大丽➕版纳9️⃣天仅1k+冲来一场说走就走的旅行吧‼️9天时间,玩转昆大丽➕版纳妈妈再也不用担心,我一次玩不转云南了预算:1k+天数:9天地点:
  • 某种意义上的自介04男高三早六人,平时时间不多 网上平日叫星柒,小名是康康(熟了才能叫) 人格是ISFP 射手座 社恐有一点严重,但一般说了一句话开头能聊
  • 现在进入了公开投票环节,将选择权交给各位玉米粒,现在就选出一张你最心怡的作品吧[鼓掌][鼓掌][鼓掌]投票链接:投票时间截止今日下午1️⃣8️⃣时,届时请大家统
  • 今天和嗷呜一起吃火锅啦,我的料碗里有一只小猪!每次跟她一起吃饭,我的碗里都是满满当当的真的没办法形容嗷呜有多好虽然有的事情过去了就过去了,过段时间我也会忘掉当时
  • 我口味重 所以直接买了加辣加臭的 第一次吃把辣椒油全到锅里了 结果拉的我嘴唇发烫 不过很过瘾我对“臭”没那么爱 所以酸笋我只放了一少半 对于我来说刚刚好
  • 一名共和党策略师告诉《国会山报》德桑蒂斯“必须参加”2024年的竞选,基于他担任州长的四年时间和在连任选举中获得的压倒性胜利,他有很好的理由这样做。曾任前总统小
  • 你知道吗,我想那悄悄塞进我兜里的一大把糖,想念二十六个人在车程四小时的寒冷深山里玩的狼人杀,想那天郊游时我们盖着衣服挡着太阳一起看的剧,我记得那天他在轻轨急停时
  • 3. 天风证券研报表示军工板块中报预计将反应行业的高景气,同时部分企业或出现超预期带动业绩上修,板块估值或因中报表现出现估值上修/切换。消息面:1. 天风策略指
  • 2014年妮可和姜智英退出,许英智作为新成员加入,再次变成了4人组。2004年,他第一次出任克拉约瓦1948俱乐部主帅,但很快下课。
  • #预告# 关于爱媛橙的验货试吃报告~暂时有15个妹子给到反馈,剩下几个还没写完,后续我跟上,大家有先参考,地址我先放,还是那个丑橘店主,品控挺好的没啥毛病 今
  • [浮云]在哈工大校内科技展上,718、HERO、ROVER&SEVO和智能船实验室等校内科创平台共同展示了他们自主设计的智能车、机器人和无人船智能船,还
  • (穆从田)@安徽政法湘东区红十字会应对新冠肺炎疫情接收社会捐赠情况公示㈠湘东区接受社会募捐公告 面对突如其来的疫情,湘东区红十字会在区委、区政府的统一安排和部
  • 更绝的来了!!
  • 【智慧交通亮相世界互联网大会“数字赋能共同富裕”成果展】公共自行车、助力电单车与公交融合无缝换乘,到站精准预报,无人驾驶汽车随叫随到,交通管理“最强大脑”智能车
  • 刘备在庞统的劝说下,早就有意荆州,这下正是张飞斗李逵——不可能客气。”刘备仍然不愿冒险,也不愿退缩,便选择了中计,出兵偷袭了葭萌关。