བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུ།

སོ་བཞི།
ཁ་རག་སྒོམ་ཆུང་གི་ཞལ་གདམས་ཁ་འཐོར་བ་གྲངས་ཚན་དུ་བསྒྲགས་པ། 
 བཞི་ཚན་དྲུག་ལ། མཆོག་བཞི་ལ། དྲན་པའི་ཐག་པ་མ་ཆད་ན་སྒོམ་པའི་མཆོག །འཁོར་བ་མི་རྟག་པར་ཤེས་ན་འདུ་ཤེས་ཀྱི་མཆོག །ལུས་ངག་ཐུབ་པ་སྡོམ་པའི་མཆོག །དགེ་སྦྱོར་འཕེལ་བ་བསྙེན་པའི་མཆོག །མིན་པ་བཞི་ལ། སྡིག་ལ་མི་འཛེམ་ན་ཆོས་པ་མིན། འདུལ་ཁྲིམས་མེད་ན་བཙུན་པོ་མིན། དམ་ཚིག་མེད་ན་སྔགས་པ་མིན། འཛིན་པ་མི་གཏོང་ན་དམ་པ་མིན་ནོ། །

རྩ་བ་བཞི་ལ། ཆང་བུད་མེད་ལ་དགའ་ན་ཉེས་པའི་རྩ་བ། ལས་དང་བྱ་དགའ་ན་གཡེང་བའི་རྩ་བ། ནོར་རྫས་ལ་འཛིན་པ་ཆེ་ན་འཆིང་བའི་རྩ་བ། ཁ་དྲག་ལ་འབྱོར་ལྕོགས་ཆེ་ན་སྡིག་པའི་རྩ་བ།གོལ་ས་བཞི་ལ།

བཟུང་འཛིན་མ་སྤོངས་ན་ཁ་ལྟ་ཡིན་པས་གོལ། ཉོན་མོངས་མ་སྤོངས་ན་མིང་གི་སྒོམ་ཆེན་ཡིན་པས་གོལ། ཕྱོགས་རིས་མ་སྤོངས་ན་སྤྱོད་པ་ཚུལ་ཆོས་ཡིན་པས་གོལ། བྱ་བ་མ་ཐོངས་ན་སྐྱེ་བོ་ཐ་མལ་ཡིན་པས་གོལ།

འདྲ་བ་བཞི་ལ། གཞན་ལ་ཆོས་འཆད་ཅིང་རང་མི་སྤྱོད་ན། མི་ནག་བྲོ་སྲང་འཆད་པ་འདྲ། སྔགས་ནོར་དུ་འཚོང་བ་ནི་སྨན་དུག་ཏུ་བརྗེ་བ་དང་འདྲ། གདམས་ངག་ཆེ་ལ་རྒྱུད་མ་ཐུལ་བ་ནི་རིན་པོ་ཆེ་ཐོགས་ནས་སྤྲང་བ་དང་འདྲ། མི་ཆོས་བཏང་ནས་ཁྱིམ་ལ་ཐོགས་ན་འདམ་ནས་ཐར་ནས་རྒྱ་རུ་ཚུད་པ་དང་འདྲའོ། །

དགོས་པ་བཞི་ལ། དགེ་བའི་བཤེས་གཉེན་སྡིག་པའི་གྲོགས་པོར་མ་སོང་བ་ཅིག་དགོས། ཡི་དམ་གྱི་ལྷ་བདུད་དུ་མ་སོང་བ་ཅིག་དགོས། སྟོང་ཉིད་སྒོམ་པ་ཉོན་མོངས་པའི་གཉེན་པོར་སོང་བ་ཅིག་དགོས། ཞེས་གསུངས་སོ། །

མུ་འགོད། https://t.cn/z8Ac3wc

࿐ རང་སྐྱོན་རི་བོ་ཙམ་ཡང་ཁོང་དུ་སྦས།།གཞན་སྐྱོན་ཏིལ་འབྲུ་ཙམ་ཡང་སྒྲོག་ཅིང་སྨོད།།བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས།།རང་སྐྱོན་རང་གིས་མཐོང་བར་བྱིན་གྱི་རློབས།།

འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ནས།

གཏེར་ཆེན་སྟག་ཤམ་ནུས་ལྡན་རྡོ་རྗེའི་རྣམ་ཐར་རུས་སྦལ་འགྲོས་ལས།
ཉེར་གཅིག་རྒྱ་མཚོའི་ལྟེ་བར་ཕྱིན་ཚེ་རྒྱལ་ཚོགས་ཀྱི། །
སྤྲུལ་སྐུ་པདྨ་གུ་རུས་བཤོལ་བཞིན་དུ། །
ཞག་གསུམ་བསྡད་སྐབས་སྣང་ཡུལ་ཐམས་ཅད་དུ། །
ཊུགས་རྗེ་ཆེན་པོ་ཁོ་ན་ཡིད་ལ་འཆར། །
ནུབ་མོ་ཕྱག་སྟོང་སྤྱན་སྟོང་ལམ་མེ་བ། །
ཕྱག་གཡས་མཐིལ་ནས་ཡན་ལག་བརྒྱད་ལྡན་འབེབས། །
ཕྱག་གཡོན་མཐིལ་དུ་སྤྱན་རེ་ཅེ་རེ་བ། །
སྐུ་སྨད་སྦྲུལ་འདྲ་དར་ཤམ་འཁྱིལ་བ་མཐོང་། །
སྐྱེས་པ་རྒན་སོང་མགོ་བོ་དཀར་པོ་ཞིག །
ལག་ཏུ་ལྕགས་ཤིག་འདུག་པ་ང་ལ་གཏད། །
ཁྱོད་འདྲའི་སྤྲུལ་པ་ད་རེས་མཇལ་བ་སྤྲོ། །
ང་ནི་ཐུགས་རྗེ་ཆེན་པོའི་དངོས་སློབ་སྟེ། །
ཀླུ་ཡི་རྒྱལ་པོ་ཝ་རུ་ཎ་ཞེས་བྱ། །
མགོ་བོ་སྦྲུལ་གྱི་གདེངས་ཀ་གཙུག་ནོར་ཡོ། །
ལྕེ་ལ་ཡིག་བདུན་རིགས་གསུམ་སྙིང་པོ་ཡོད། །
སྙིང་ཁར་ཆུ་མིག་དཀར་མོ་སྙིང་ཡིན་ཏེ། །
ལྟེ་བར་རྒྱ་མཚོ་ཕོ་མིག་རྩ་རིས་དང་། །
ཆུ་བོ་རྒྱུ་ཁུག་འདྲ་བ་ལྟོ་བ་ཡིན། །
ཞེས་ཟེར་བུད་མེད་དཀར་མོ་བདུན་བྱུང་སྟེ། །
ཕྱི་ལྟར་ཀླུ་རྒྱལ་ཝ་རུ་ཎ་ཞེས་བྱ། །
ནང་ལྟར་མི་མགོན་དཀར་པོ་མིང་དུ་བརྗོད། །
གསང་བ་ཐུགས་རྗེ་ཆེན་པོ་ཡིན་པས་ན། །
ཁྱོད་ཀྱིས་དག་སྣང་བཟང་པོ་ཅི་འདྲ་བྱུང་ཟེར། །


发布     👍 0 举报 写留言 🖊   
✋热门推荐
  • 前几天无事去长隆野生动物园。 第一次有印象地去亲近动物,上一次估计是四五岁不太记事的时候。看的第一种动物是棕熊,会游泳但是有点笨重。人在看动物的时候是不是会放松
  • 长城网讯(记者 席晓宇)10月22日,重大题材电影《青年邓颖超》在张家口清河影视基地开机。据悉,《青年邓颖超》由著名导黄山任导演,由青年演员卢佳、金靖承饰演邓颖
  • #每日一善[超话]# ☁️️#阳光信用# ☁️#每日一善# 善良是一种修养,善待他人就是善待自己,要想得到别人的爱,首先要学会爱别人,一个善良的人一定是温暖
  • 【关于进一步加强疫情期间村(居)民出行管理的通告】 为做好当前新冠肺炎疫情防控工作,最大限度减少人员流动, 最大力度控制疫情传播,最大程度保证人民群众生命健康
  • #郑州通报新增确诊及无症状感染者活动轨迹# 【关于我市新增确诊病例和无症状感染者活动轨迹的通报】截至11月7日9:00,郑州市共发现13例确诊病例和17例无症状
  • 为了打发时间+陶冶情操,我斥巨资买了张票去看话剧,然后通过实践证明了我确实是个俗人[草泥马] 演了没几分钟我就开始困,男女主沉默着尬站在一块的时候我希望他们赶紧
  • 【咆哮的风魔】#气象芝士焗# #气象科普小课堂# [并不简单] 大风刮起莫心慌,安全口诀要牢记;减少外出来避风,远离大树广告牌; 临时搭建建筑物,莫要靠近来避风
  • 为什么有的人拼命工作,努力奋斗,从早忙到晚,就是不见钱,有的人轻松工作却很容赚到钱。钱,这东西,虽然不是万能,但在现在的经济时代,没有钱确实是万万不能。 阴债
  • --在时光中读生命 时间过得真快啊,转眼之间就来到了2021年11月。新冠瘟疫从去年初延续至今,仍肆无忌弹的不断变着花样在消灭人类。死的死了,没死的大多在
  • 烧掉照片这一幕实在让人翻来覆去心绞痛。 你会看到背着血债的大哥原来也藏着私人幻想,幻想她被永远包裹在糖衣谎言里,飞到地球的另一端。那儿有他准备好的她谈及的理想
  • Day9:10月17日 体重:107.9!!牛逼!坚持宝!你一定可以 早餐:两片抹茶红豆吐司(终于吃完了,近期不会再买吐司了,要吃太多天好烦) 午饭:糙米饭➕芹
  • #徐子未[超话]# [爱你]腾讯音乐由你榜校园热live碎碎念: 1⃣️为了奔赴这场十六分钟的线下会面:坐车四小时(我晕车[泪])、排队换票两小时、等隐形眼镜一
  • #读书##读书笔记# 这三本系列的《大英博物馆世界简史》到着看完了的,最后一本就是第一本。不舍呀,看完了仍意犹未尽。用100件藏品就能把世界的过去说明白,也只
  • 19年7月接的来图定制,还有一套爱与死还是啥和一个什么来着,另外两套图已经找不到了[允悲] 娃娘已经要到lo店授权了的,勿撕 看着这样的亲子返图,真是美妙不过了
  • 虽然我不怎么喜欢金钱,但我对金钱非常敬畏。 发现有朋友帮我续了7年的会员以后,我特意发表了微博对这位不知名的土豪朋友表示了感谢。 以前参加过付费讲座的朋友,哪
  • #宋茜[超话]##宋茜正能量# 骄傲不,自豪不,开心不[好喜欢][好喜欢][好喜欢]找宝贝 我是相当开心 自豪 骄傲了,我的宝贝宋茜@宋茜 ,根正苗红祖国好青
  • #阿钦甜品店[超话]##阿钦甜品品牌创始人# 冬日暖"甜" 脆皮梦龙卷 一口治愈|一口惊喜|一口回味 六层口感递增: ❶绵软的可可蛋糕胚 ❷酸甜树莓果(
  • 到底是什么心态?嗯,好,我来告诉你,首先,挽回的过程中你要有坚定的信念,相信我是可以挽回的她(他)的,只是我们现在的暂时分开而已。其次,一定要搞懂或者清楚他为什
  • #博鱼体育电竞# #博鱼体育# 今天是老帅拉涅利的70岁生日,沃特福德官方为其送上生日祝福。 拉涅利出生于1951年10月20日,他于本月初正式成为英超沃特福
  • 浮力通知[给力]|今天又是周二啦!【上周】单周互动送 |奖| 名单出来了哦, 恭喜@全糖去冰芊墨白截至此微博现已累计3个兑换名额啦),获.奖的小伙伴小窗敲我私