སྔོན་སྟོན་པ་ཞལ་བཞུགས་པའི་སྐབས་སུ་ཤཱ་རིའི་བུ་དང་མོའུ་འགལ་བུ་རྣམ་གཉིས་ལ་མཆོག་ཟུང་གཅིག་ཅེས་སྟོན་པའིཛད་འཕྲིན་སྤེལ་བའི་མཆོག་གི་ཚད་དུ་ཡང་ཡང་བསྔགས།
ད་སྐབས་ཆོས་རྗེ་མཆོག་གི་མཛད་འཕྲིན་སྤེལ་བ་ལ་ཁོང་རྣམ་པ་གཉིས་ལ་མཆོག་ཟུང་གཅིག་ཅེས་བརྗོད་ཆོག་པ་ཡིན།

སྡེར་ཐོགས་སྐྱ་ཀིས་ཤ་ཡི་ཉེས་དམིགས་གླེང་།།
རི་བོང་ཡ་ཤོས་ཤ་ཡི་ཕན་ཡོན་བཤད།།
མི་མཚུངས་ཁ་ཁར་གྱེས་པའི་འཇིག་རྟེན་འདི།།
དེ་ཉིད་ཙམ་གྱིས་འདི་ལྟར་རྫོགས་སམ་ཅི།།

མི་འགྱུར་རིན་པོ་ཆེ་ཡིས་སློབ་མ་ཞིག་ལ་སྟོང་ཉིད་ཀྱི་སྐོར་ནས་གསལ་བཤད་མཛད་པ།

ལོ་ཁ་ཤས་ཀྱི་གོང་ལ། སློབ་མ་ཞིག་ངའི་སར་ཡོང་ནས་སྟོང་ཉིད་ཀྱི་སྐོར་སློབ་ཁྲིད་བྱེད་དགོས་པར་རེ་སྐུལ་བྱས་སོང་། ངས་ཁོ་ལ་གཞི་རིམ་གྱི་འགྲེལ་བཤད་ཐོག་ནས་སློབ་ཁྲིད་བྱས་པར་ཁོ་རང་གི་སེམས་དགའ་སྤྲོས་ཁེངས་ནས་ངེད་གཉིས་ཀྱི་སློབ་ཚན་གྱི་མཇུག་དེར། འོ། དེ་ནི་ཆེས་ངོ་མཚར་བ་ཞིག་རེད་ཟེར། ང་རང་ཉིད་ཀྱི་ཉམས་མྱོང་ལྟར་ན། སློབ་ཁྲིད་ཐེངས་གཅིག་གི་རྗེས་ལ་སྟོང་པ་ཉིད་ཀྱི་གོ་དོན་རྟོགས་པ་ལས་སླ་པོ་ཞིག་མིན། ངས་གང་བསླབས་པ་དེའི་ཐོག་ཉིན་ཁ་ཤས་རིང་བློ་སེམས་རྩེ་གཅིག་ཏུ་སྒྲིམ་དགོས་པ་དྲན་སྐུལ་བྱས། ཉིན་ཁ་ཤས་རྗེས་སློབ་མ་དེའི་ངོ་གདོང་གི་མདངས་འགྱུར་ནས་ངའི་ཁང་པའི་ཕྱི་རོལ་དུ་འབྱོར། ངོ་མདངས་སྐྱ་བོར་གྱུར་ནས་འདར་ཞོར་དུ་གཟབ་གཟབ་བྱས་ཏེ་གོམ་པ་གཅིག་སྤོ་ གཉིས་སྤོ་བྱས་ནས་ངའི་ཁང་པའི་ནང་དུ་སླེབས། དེ་ནི་མི་ཞིག་གིས་ས་ལ་བརྟག་དཔྱད་བྱེད་པ་དང་འདྲ། ཁོ་རང་ང་འདུག་ས་དེར་སླེབས་པ་ན་འགྲོ་མཚམས་བཞག་ནས་རིན་པོ་ཆེ་ལགས། སྟོང་ཉིད་ལ་བློ་སེམས་རྩེ་གཅིག་ཏུ་སྒྲིམ་དགོས་པ་རིན་པོ་ཆེས་ང་ལ་བཀའ་གནང་སོང་། ཡིན་ནའང་མདང་དགོང་ང་ལ་ཁྱད་མཚར་ཞིག་བྱུང་། གལ་སྲིད་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན། འདིའི་ཁང་པ་ཡོངས་རྫོགས་དང་དེའི་ཞར་ལ་ས་གཞི་འདི་ཡང་སྟོང་པ་ཉིད་ཡིན་པས། གལ་སྲིད་དེ་ལྟར་ཡིན་ན་ང་རང་ཚོ་ས་ནང་ལ་མར་ལྷུང་གི་མ་རེད་དམ། ཁོ་རང་གིས་བཤད་མ་ཚར་བར་དུ་ངས་ཁོ་ལ་བསྒུགས། དེ་ནས་ངས་སུ་ཞིག་ལྷུང་བ་ཡིན་ནམ། ཞེས་དྲིས། དྲི་བ་དེ་ལ་ཁོས་ཏོག་ཙམ་བསམ་བློ་བཏང་། དེ་ནས་ཁོའ་ིརྣམ་འགྱུར་རྦད་དེ་འགྱུར་སོང་། འོ་་་ ད་ཧ་གོ་སོང་། ཁང་པ་འདི་སྟོང་པ་ཉིད་ཡིན་ན་མི་རྣམས་ཀྱང་སྟོང་པ་ཉིད་ཡིན་པས་སུ་གང་ཡང་ལྷུང་འགྲོ་ས་ཞིག་མི་འདུག ཁོས་དབུགས་རིང་ཞིག་བཏོན་ནས་ལུས་ལ་ངལ་གསོ་ཐོབ། ངོ་མདངས་ཀྱང་ཚུར་སླེབས། གོ་བ་གསར་པ་འདིའི་ཐོག་ནས་ཡང་བསྐྱར་སྟོང་ཉིད་ལ་སྒོམ་ཉམས་ལེན་བྱེད་དགོས་པའི་སྐུལ་མ་བྱས། ཉི་མ་གཉིས་གསུམ་ཞིག་གི་རྗེས་ཡང་ཁོའ་ིངོ་མདོག སྐྱ་བོ་དང་འདར་ཞོར་དུ་ང་ཡོད་ས་དེར་གློ་བུར་སླེབས་བྱུང་། ཁོ་ནང་དུ་སླེབས་དུས་ཧལ་ནས་དབུགས་ཡང་གཏོང་ཐུབ་ཀྱི་མི་འདུག
ངའི་མདུན་ལ་བསྡད་ནས། རིན་པོ་ཆེ་ལགས། ཁྱེད་ཀྱིས་བཀའ་གནང་བ་བཞིན་ངས་སྟོང་པ་ཉིད་ལ་བློ་སེམས་རྩེ་གཅིག་ཏུ་སྒོམ་བརྒྱབ་པ་ཡིན། ཁང་པ་འདི་དང་ས་གཞི་འདི་སྟོང་པ་ཉིད་ཡིན་པ་དེ་བཞིན་དུ། ང་རང་ཉིད་ཀྱང་སྟོང་པ་ཉིད་ཡིན་པ་ཤེས་རྟོགས་བྱུང་། འོན་ཀྱང་འདི་ལྟར་བསྒོམས་ཏེ་ཨུ་ཚུགས་བྱས་ན་གཏིང་ཇེ་ཟབ་དང་། བར་མཚམས་ཤིག་ལ་ངས་ཅི་ཡང་མཐོང་མི་ཐུབ་པ་དང་། ཅི་ཡང་མི་ཚོར་བ་ཞིག་ཏུ་འགྱུར། གལ་སྲིད་ང་རང་སྟོང་པ་ཉིད་ལས་གཞན་གང་ཡང་མིན་ན་ང་ནི་ཤི་སོང་བ་དང་གཅིག་པ་རེད། ང་ལ་དངོས་གནས་འཇིགས་སྣང་སྐྱེ་ཡོང་གི་འདུག རྒྱུ་མཚན་དེར་བརྟེན་ནས་དེ་རིང་རིན་པོ་ཆེའི་དྲུང་དུ་བཅར་བ་ཡིན། གལ་སྲིད་ང་ནི་སྟོང་པ་ཙམ་ཡིན་ན། དེ་ནས་བཟུང་ང་ནི་ཅི་ཡང་མེད་པ་དང་། ཅི་ཡང་མེད་པ་ལས་ལོགས་སུ་འཛིན་རྒྱུ་གང་ཡང་མི་འདུག ཁོས་སྐད་ཆ་བཤད་ཚར་ དུས། ངས་སུ་ཞིག་སྟོང་པའི་ངང་ལ་ཡལ་འགྲོ་བ་ཡིན། ཞེས་དྲིས། དྲི་བ་འདི་ལ་ལན་འདེབས་པར་ཡུན་ཙམ་བསྒུགས། དེ་ནས་ངས་ཁོ་ལ་མུ་མཐུད་དེ་བཤད་དོན། ཁྱེད་རང་གིས་སྟོང་པ་ཉིད་ཟེར་བ་འདི་ཅི་ཡང་མེད་པ་ལ་གོ་ནོར་ཐེབས་འདུག དང་ཐོག་ཕལ་ཆེར་མི་ཚང་མ་ལ་ནོར་འཁྲུལ་གཅིག་མཚུངས་སུ་ཡོང་། སྟོང་པ་ཉིད་ཟེར་བ་བསམ་བློའ་ིའཁྱེར་སོ་དང་ཡང་ན་བློའ་ིལྟ་ཚུལ་ཞིག་ལ་བསམས་ནས་གོ་དོན་རྟོགས་པར་འབད་པ་གྱིས། ང་རང་ཉིད་ལའང་ནོར་འཁྲུལ་དེ་ཀ་རང་བྱུང་མྱོང་ཡོད། སོ་སོ་རང་གི་ཉམས་མྱོང་དངོས་ལ་བརྟེན་ནས་སྟོང་ཉིད་ལ་གོ་བ་ལེན་དགོས་པ་མ་གཏོགས། དེ་ལས་གཞན་ན་སྟོང་ཉིད་ཀྱི་གོ་དོན་རྟོགས་པའི་ལམ་ཁ་གཞན་ཞིག་དངོས་གནས་མི་འདུག ངས་ཁྱེད་རང་ང་ལ་ཡིད་ཆེས་དགོས་པའི་རེ་བ་མི་འདོན། ང་ལ་བཤད་རྒྱུ་གང་ཡོད་པ་དེ་ནི། རྗེས་མར་སྒོམ་ཉམས་ལེན་བྱེད་དུས་དྲི་བ་འདི་སོ་སོ་རང་ལ་ཐེངས་ཁ་ཤས་དྲིས། གལ་སྲིད་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཡིན་ན། སུ་དང་གང་ཞིག་གང་དུ་ཡལ་འགྲོ་བ་དང་། སུ་དང་གང་ཞིག་སྐྱེ་བ་དང་། སུ་དང་གང་ཞིག་འཆི་བ་དང་འགག་པ་ཡིན། ཞེས་དྲི་བ་འདི་རྣམས་སོ་སོ་རང་ལ་ཐེངས་ཁ་ཤས་དྲིས། དེ་ལ་འབད་པ་གྱིས་དང་། གཅིག་བྱས་ན་དེའི་ལན་གྱིས་ཁྱེད་རང་ཡ་མཚར་དུ་འཇུག་ཁོས་དབུགས་རིང་ཞིག་བཏོན་ནས། ཡང་བསྐྱར་དེ་ལ་འབད་པ་བྱེད་རྒྱུར་མོས་མཐུན་བྱས་སོང་། ཉིན་ཁ་ཤས་ཀྱི་རྗེས་སུ་ཞི་འཇམ་བག་ཕེབས་ངང་གདོང་ལ་འཛུམ་ཞིག་ལངས་ནས་ང་ཡོད་ས་དེར་ཕྱིར་སླེབས་བྱུང་། ཁོས་བཤད་རྒྱུར། ད་ནི་ངས་སྟོང་ཉིད་ལ་གོ་བ་ལོན་པའི་འགོ་ཚུགས་སོང་ཟེར། ངས་ཅི་བྱུང་འགྲེལ་བཤད་རྒྱག་ཏུ་བཅུག རིན་པོ་ཆེའི་སློབ་ཁྲིད་གནང་བ་དེའི་རྗེས་སུ་ཞུགས་ནས་དམིགས་པ་འདིའི་ཐོག་དུས་ཡུན་རིང་པོར་བློ་སེམས་རྩེ་གཅིག་ཏུ་སྒྲིམ་དུས། སྟོང་པ་ཉིད་ནི་ཅི་ཡང་མེད་པའི་དོན་མ་ཡིན་པ་ངས་ངོས་ཟིན་པར་གྱུར། གང་ཡང་སྣང་དུ་རུང་བ་ཞིག་ངེས་པར་དུ་ཡོད་དགོས་ཀྱི་འདུག དེའི་རྐྱེན་པས་ཅི་ཡང་མེད་པ་རེད་མི་འདུག སྟོང་པ་ཉིད་ཟེར་བ་ནི། རྟོག་པའི་ཡུལ་དུ་བྱར་རུང་བའི་མི་སྲིད་པ་མེད་པ་དང་། སྲིད་པའི་ཆོས་ཀུན་ལ་འཇུག ང་རང་ཚོའི་རང་བཞིན་འདི་སྟོང་པ་ཉིད་ཡིན། དོན་དམ་ པར་སྐྱེ་འཆི་ཡོད་པ་སུས་ཀྱང་བཤད་མི་ཐུབ། དེའི་རྒྱུ་མཚན་ནི། འབྱུང་བར་སྣང་བ་བདེན་གྲུབ་ཏུ་ངེས་པ་དང་མ་གྲུབ་པར་ངེས་པའི་རང་བཞིན་འདི་གཉིས་ཀ། ད་ལྟ་ད་ལྟའི་གནས་སྐབས་ན་ཟུང་འཇུག་ཏུ་ཡོད་པ་རེད། ཅེས་བཤད་སོང་། ཤིན་ཏུ་ལེགས། ད་ནི་ཁྱེད་ཀྱིས་གང་བཤད་པ་དེ་དག་ཀུན་གྱི་མིང་ཚིག་རྣམས་བརྗེད་པར་གྱིས། གང་ཡིན་ཞེ་ན། ཁྱེད་ཀྱིས་གང་བཤད་པ་དེ་ཀ་རང་དྲན་པའི་ཡུལ་དུ་བཟུང་ན། ཁྱེད་ཀྱིས་གང་སྦྱངས་པ་དེ་སྒྲ་རྟོག་གི་ཡུལ་དུ་བསྒྱུར་བར་བྱེད་པས་འཆར་སྣང་རྟོག་བློ་དེ་སླར་ཡང་འབྱུང་ངེས།
ཞེས་དགའ་བའི་འཚོ་བ་ལས་སྨུག་ཞགས་ཀྱིས་དྲངས།[抱抱]


发布     👍 0 举报 写留言 🖊   
✋热门推荐
  • 然后三个人因为三个渣男一起上北京创业,最后女主角和遇到的富二代一起开了首都新夜店的故事[可爱]过程之中卷入了富二代所在财阀集团的内部斗争,斗争的内容是财阀夫人婚
  • 如果包皮能说话,绝对会很委屈,因为人家的作用真的有很多,比如:1、保护丁丁。我并不觉得这些是女性带给男性的,或者是男性带给女性的,在这些压力下纠缠于性别视角真的
  • 猴人生于六月,小暑之时,清和日炎,风调气温,爽气满身,乐而无忧,惟粗衣淡食不缺,珍菜美肴难得,吉凶祸福平均,婚姻自由美满,子孙贤贵兼能。猴人生于丑日,月德照命,
  • “独怜京国人南窜”是这首诗的中心所在,从前两句的忆春、伤春转入叙事抒情,感慨自己从京都流贬到荒僻的南地。管世铭《读雪山房唐诗序例》说:“初唐七绝,味在酸咸之外,
  • 在科幻小说虚构的世界里,秦桧和慈禧太后都被杀了,岳飞和邓世昌都还好好活着,读者觉得很爽,有什么问题吗?这本小说用这种方式告诉大家,坏人就应该被后人骂,就应该被杀
  • 经咨询医美机构,小夏采取热敷疗法后,病情加重。专家们耐心、热情的对社区居民科普医疗常识,指导他们一些在日常生活中可以用到的急救应急措施,并向老年居民讲解关于养生
  • 谢命运让你我相遇,于千万人之中,在时光的荒野里,不早也不晚 。星眸璀璨,令人着迷,在脑海里久久不散#每日宜善[超话]##阳光信用# 像错过一辈子 我才学会了爱余
  • 但是后面有那么几首是全场都嗨起来的,我们后面这里的人也都在蹦,我跟着蹦了一阵之后发现,幸好我没在前面,蹦久了是会累的,我还是只适合晃一晃[允悲]再就一句题外话,
  • 因为你,我有了留在北京的勇气,也有了努力去面试航空的勇气,是你给了我勇气,也给了我底气,你要照顾好自己,出门记得戴口罩,我呢要为了自己的梦想去努力了,你呢,会
  • #肖战魏无羡# 肖战 #肖战时影##玉骨遥 等不及#他是那个丰神俊朗,潇洒不羁的少年英雄魏无羡;他是那个腰间佩笛,笛尾悬穗从乱葬岗回来的魏无羡;他是那个凭一自己
  • 我觉得吧,修行这个词,特别不适合往大了说,越大越虚无缥缈,越大越无从下手,尤其对于我们这些,每天浸泡柴米油盐里的普通人来说,把家庭事业抛诸脑后来谈修行,额…怕不
  • #情调艺术漫游日#盐田千春被认为是当今最知名的纤维艺术家,第一个将线用到极致的人,她创造复杂庞大的沉浸式线条经脉般的结构装置作品,并用鞋子、钢琴、椅子等日常物品
  • 炒股经常会发生计划不如变化的事,比如今天早盘在隔夜外盘上涨的氛围下直接高开,把本来在今天逢低做短线的计划打乱了,那怎么办?对于这样的情况,有三种处理方式: 一是
  • 婚姻生活是大部分人都所需要经历的,相信每个人都希望自己可以拥有一段很幸福,很顺利的婚姻,可以跟自己所爱的人白头到老吧,但是有的人感情不顺,他们其实已经很努力的,
  • 这就是我们每个人的念头,要天天犹如神秀国师所说的"时时勤拂拭",不要让自己的贪嗔痴慢侵染我们的心,保持绝对的纯然和平等,将这颗心好好地用在道
  • 具体如下:1、 线路情况(1) 停运线路54条:165路、176路、180路、251路、256路、269路、283路、298路、291路、3路、302路、315
  • 西门庆:“因为她漂亮,这叫关注”。我见证过太多这样的惨剧了,最惨的故事不亚于小说里的武大郎和潘金莲,在这里我真的不禁说一句,不结婚不会死,但是结错了婚真的会死,
  • (后续会介绍养号具体方法哦第二步选品,上架商品这一步从第四天开始就可以操作!!!注意一点,每天只能上架3个产品,不适合过多也不适合太少。千万不要直接,上传50个
  • ” 于是,她成为夏则言的女朋友。羽翼膜布,隐形丝薄,薄如蝉翼,云般轻柔 马上就快七夕了,去Sephora逛逛挑选适合的礼物吧#Sephora开瓶记[超话]#
  • 3.因为杨坚的帝位是来自于外孙的禅让,所以后世都认为他是乱臣贼子,但却忘了他结束了中国自魏晋南北朝长达370年的分裂与乱世。每个故事中的女性,都和不同的花有