ཁ་སང་ཉིན་གང་པོར་ཆར་བབས་པས། དེ་རིང་གནས་འདི་ལ་འགྲོ་ཐུབ་མིན་སེམས་ཁུར་ཅུང་ཟད་བྱུང་མོད། མདང་ཉལ་ཁར་གནམ་གཤིས་སྔོན་བརྡར་བལྟས་པས། དེ་རིང་གནམ་ངོ་དྭངས་རྒྱུ་ཡིན་པ་ཤེས་འཕྲལ། སེམས་སུ་དགའ་སྣང་ཐོལ་ལེ་བ་སྐྱེས། དེ་ལ་གནས་འདིར་འགྲོ་དགོས་དོན་རགས་ཙམ་ཞུས་ན། 2020-6-28ཉིན་ཆུང་མ་དང་མོའི་ཁོག་གི་བུ(དེ་དུས་བུ་དང་བུ་མོ་གང་ཡིན་མི་ཤེས།)དང་ངེད་ཚོ་གནས་འདིར་འོང་ནས་ལྷ་བསང་བཏང་ཞིང་། མཚེའུ་ལ་བསྐོར་བ་བརྒྱབ་ནས་མ་བུ་བདེ་ཐང་འོང་བའི་སྨོན་ལམ་བརྒྱབས། དེ་ནས2020-10-28ཉིན་བུ་ཆུང་ངུ་ངག་དང་བཅས་འཇིག་རྟེན་མི་ཡུལ་དུ་བདེ་ཐང་ངང་ཐོན། ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མས་མགོན་སྐྱབས་གནང་བ་འབའ་ཞིག་ཏུ་བསྒོམས། སེམས་ཞིག་ལ་གནས་འདིར་སླར་ཡང་ལན་གཅིག་འགྲོ་དགོས་པའི་གཡར་དམ་བྱས་མོད། དེའི་ཚུན་ལ་རིམས་ནད་ཀྱི་རྐྱེན་གྱིས་རི་བརྒྱ་ཀླུང་བརྒྱ་བསྡམས་མཐར་མལ་སར་ལུས། ད་ལོ་ནི་ན་ནིང་བསྡུར་ན་ཆར་ཆུ་མོད་པས། དབྱར་ཁ་འདིར་གང་སར་སོང་ན་ཁམས་དྭངས་པའི་སྣང་བ་བཅོས་མིན་འབྱུང་བས། དེ་རིང་བུ་དང་ཆུང་མ་ངེད་གསུམ་ཆེད་དུ་གནས་འདིར་བཏེགས་ནས་སྤྱིར་སེམས་ཅད་ཐམས་ཅད་ནད་མེད་ཚེ་རིང་ཞི་བདེ་ཡོང་བའི་སྨོན་ལམ་དང་། སྒོས་རང་གི་རིགས་དང་རང་འབྲེལ་ཕ་མ་ཤ་ཉེ་གྲོགས་མཆེད་ཡོད་ཚད་སྐུ་ལུས་བདེ་ཞིང་བཞེད་དོན་འགྲུབ་པའི་སྨོན་ལམ་ཚར་གཅིག་བཏབས། *གནས་འདི་མང་རའི་བྱེ་སྣའི་ཁ་རྒྱ་སྡེ་བར་ཡོད་པའི་ལྷ་མོ་བླ་མཚོ་དང་དཔལ་ལྡན་ལྷ་མོའི་ལབ་ཙེ་ཡིན།
王小波说:“人这一生,可以选择的事很少,没法选择怎么生,也没法选择怎么死。我们能选择的,只有两件事,这一生怎么爱,这一生怎么活。”
2023-6-18[玫瑰][太阳][咖啡]

བདག་ཉིད་ཡར་མར་ལ་འགྲོ་སྐབས་རྒྱབ་ཁུག་ནང་དུ་བཅུག་ནས་འཁུར་བཞིན་པའི་དཔེ་ཆ་གཅིག་ནི་ཝུའུ་སཱོ་ལགས་ཀྱི་རང་རྣམ<<འགྱོད་བཤགས་རེག་ཟིག>>ཅེས་པའི་གླེགས་བམ་འདི་ཡིན། མདང་དགོང་གི་ད་ཚོད་ཅིག་ལ་སྤྱི་འཁོར་ཨང35པ་ལ་བསྡད་ནས་འགྲོ་སྐབས་ཟི་ལིང་དུ་ཆར་པ་ཤག་ཤག་གིས་བབས་བྱུང་། སྤྱི་འཁོར་ནང་ལའང་མི་ཚོགས་ཚང་ཁ་ཤིག་ཤིག་གིས་ཁེངས། ཚང་ཁ་ཇི་ལྟར་འཚུབ་ནའང་། མི་རྣམས་ཀྱིས་ཁ་པར་གྱི་འཆར་ངོས་སུ་སྣང་པའི་བརྙན་རིས་དག་ཡར་འདེད་མར་འདེད་བྱེད་པར་བྲེལ་ཅིང་། ཁ་པར་ངོས་སུ་བྲེལ་འཚུབ་ཆེ་བའི་ཉམས་བཟོ་བསྟན། བདག་ཉིད་ཀྱིས་རྒྱབ་ཁུག་ནང་ནས<<འགྱོད་བཤགས་རེག་ཟིག>>གི་དཔེ་ཆ་བླངས་ཏེ་བཀླགས་པ་ཡིན། དེ་ནས་ཅང་མ་འགོར་པའི་ཡུན་ལ། ཉེ་འཁོར་གྱི་མི་རྣམས་ཀྱིས་ཡ་མཚར་མདོག་གིས་ངེད་ལ་ཅེར་བྱུང་། ངའི་འཁྲིས་སུ་བསྡད་པའི་བུ་མོ་དེས་ངས་དེབ་ལྟ་བཞིན་པའི་རྣམ་པ་དེ་བརྙན་ལ་ཕབ་འགོ་བཙུགས། དེ་ནས་ང་ཁྲོས་བྱུང་པས། “བརྙན་མ་ལེན”ཅེས་ལབ། “ང་ནི་རྡོ་བ་ཞིག་མིན། ང་ནི་མི་ཞིག་ཡིན། ང་མོས་མཐུན་ཡོད་མེད་མ་དྲིས་པར་བརྙན་བླངས་ཏེ་དྲ་ཐོག་ལ་སྤེལ་ན་དེ་ནི་ཁྲིམས་འགལ་རེད།”ཅེས་ལབ་ཡིན། དེ་ནས་བུ་མོ་དེས”དགོངས་པ་མ་ཚོམ”ཟེར། ངས”ཁྱེད་ཀྱིས་ཁ་པར་ནང་དུ་བརྙན་བླངས་པ་དེ་གསུབ་དགོས”ཞེས་བཤད། དེ་ནས་ངས་མཐོང་ས་རུ་མོ་ཡིས་བསུབ་ཐལ། དེ་ནས་མུ་མཐུད་ནས་དེབ་བཀླགས་པ་ཡིན། ཝུའུ་སཱོ་ལགས་ཀྱིས་ཁོང་གི་མི་གཤིས་ཀྱི་ཕྱི་ནང་གསང་གསུམ་ཚིག་གི་ཕྲེང་རིམ་ལ་བརྒྱུས་ཏེ་འགྲེམ་སྟོན་བྱས་པའི་རང་རྣམ་འདི་འདྲ་ནི་འཛམ་གླིང་ལྒང་དུ་མི་སུ་གཅིག་གིས་བྲིས་མྱོང་མེད་ལ། མ་འོངས་པ་ནའང་བྲི་དཀའ་བའི་ཚོད་རེད། དེབ་འདིའི་ལེའུ་དང་པོའི་ས་བཤད་དང་པོའི་རང་གྲུབ་ཚན་པ་དང་པོའི་འགོ་ན་ཝོའུ་སཱོ་ལགས་ཀྱིས་འདི་ལྟར་བསྙད་འདུག “ “ང་ནི་འཁྲབ་སྟོན་སྟེགས་བུའི་ཐོག་ལ་ཞུགས་ཏེ། སྔར་གྱི་དཔེ་གཞི་མེད་ལ་མ་འོངས་པར་ཁྱད་འཕགས་སྐྱེ་བུ་སུས་ཀྱང་ལད་མོ་བྱེད་དཀའ་བའི་འཁྲབ་སྟོན་ཞིག་བྱ་ངེས་ཡིན། དེ་ནི་ངའི་མི་གཤིས་ཀྱི་ཕྱི་ནང་གསང་གསུམ་ཚིག་གི་ཕྲེང་རིམ་ལ་བརྒྱུས་ནས་འགྲེམ་སྟོན་བྱ་བགྱི་དེ་ཡིན།” དངོས་གནས་དཔེ་ཆ་འདི་ནི་ངས་ཀློག་འདོད་ཤོས་ཀྱི་དེབ་ཅིག་ཡིན། དཔེ་ཀློག་ལ་དགའ་མོས་ཤུགས་ཆེ་བའི་ཝོའུ་སཱོ་ཡི་ཡབ་ཀྱིས་བུ་ཕྲུག་ལ་ཆུང་དུས་ནས་དཔེ་ཀློག་གི་མོས་པ་གསོས་པ་ནི་རླབས་ཆེ་བའི་མཛད་པ་ཞིག་རེད་སྙམ།

འཇིག་རྟེན་ཆུང་དྲགས་པས,
བྱིས་པ་ཞིག་གི་ནམ་མཁའ་ཡང་ཤོང་ཐབས་བྲལ,
ལག་ཟུང་ནས་ཟགས་འགྲོ་བའི,
ཡིད་འོང་གི་སྐར་ཚོམ་དེ་དག,
སྐྱེ་བ་ག་ཙམ་གྱི་མཛེས་སྡུག་ཡིན་ནམ,
སྙིང་ཉེ་བའི་བུ་ཆུང。


发布     👍 0 举报 写留言 🖊   
✋热门推荐
  • 请移步剧超和争强好笙的超话❗️毕竟我们宇宙宋歌甜的很[doge]休斯敦世乒赛开赛在即相关物料增多国胖热度又会迎来新的小高峰比赛期间也可能会出现混双相关话题rs在
  • 享受一个人在路上的感觉,即使去时已有些迟到,也希望出租师傅能开得再慢一点。希望陪伴你的时间更长一些,也有一部分原因是想让自己衰老的慢一点吧。
  • 命里有这种情况的人始终感觉到无论做什么都处处受制,与上层领导或者是周围的人处不好关系,因此工作或事业总也干不起来。食伤星一个是食神星,一个是伤官星,这两个星是专
  • 珀莱雅我用过一个试用装,肤感蛮好的,应该也没闷痘,但是我还是对摇摇乐心有戚戚。悦木之源之前提过,也是物理防晒加了很多抗氧化剂,提亮肤色同时有一定油脂,粉饼绝配。
  • 他在乎的是他想做的事和喜欢的人。比如妈妈和丹中尉跟他提到的命运,他搞不懂命运是什么,他只知道按照生活给他的安排去生活。
  • #绝对演绎# 一个关于剧本的吐槽篇。[杰瑞]闲着无聊看完了一个剧本,现代都市言情。
  • 一些高级文艺的短句子 1、想去快乐里躲一躲。 2、内不愧心,外不媚俗。 3、橘子不是唯一的水果。 4、隐藏野心,悄悄发光。 5、再见面时送我一束花吧。
  • (诗语)红色的枫白色的云黄色的菊花蓝色的海橙色的橘子绿色的橄榄在这寒冷的冬天 因为五颜六色汇集世界显得格外的美丽而妙趣横生看枫的人跑去登山 看云的人原地望天
  • 高台县依托丰富的盐硝资源,以盐池工业园区为载体,积极引进精深加工企业,提升资源开发和综合利用率,衍生和拓展芒硝、原盐产业,重点发展以农药、医药、新材料等加工为主
  • 该报告由毕马威赞助,CBBC会员编写,探讨了第26届联合国气候变化大会的主题,并分析了中国和英国企业为在2050年和2060年实现净零和碳中和目标所能发挥的作用
  • 开始有一段路况比较差,因为在修路,当地人说这路已经修了几年了…继续往里开会经过『伍须村』过了伍须村很快就能看到一个分岔路,右手边的小亭子就是景区的入口,买完门票
  • 这本富于洞察力的著作一针见血地指出了美国经济危机的真正根源,揭示了美国是如何向全世界其他国家“出口”其并非放之四海而皆准的思想、政策和做法,是如何在市场最终崩塌
  • 有的人虽然与富贵无缘,却过着心安理得的日子,倒也逍遥一生;有的人虽然腰缠万贯,却提心吊胆,惶惶不可终日。#风水建筑[超话]#《日子》人到中年,忽然有了一种感觉,
  • #迷惑行为大赏#作为CEO,你不可能有充足的时间搜集所有的信息,然后再做决定。 各种团购套餐可登录点评,美团和到店均可预订使用……更多项目的钜惠活动可供选择德赫
  • 很喜欢她也是因为,她是那个坚持了十年也倔了十年却依旧坚信应该用实力打动人的小孩。lls lls的叫,好像她完美到什么地步都是正常的。
  • #和善虞乐[超话]#[小红花]#每日一善# [小红花]#阳光信用# 心善则美,心纯则真,持有一颗平常心,坐看云起云落,花开花谢,用平常的心去生活,用宁静的心来领
  • 其实,能否挽回婚姻还是要看自身的心态,世界上没有完美的人,每个人都会犯错,如果你真的爱对方并想要挽回,那么就要更加理智的看待丈夫出轨这件事,要避免冲动行事造成不
  • 耕而陶聊茶:十八,汤鲜叶美看绿茶(西湖龙井、二) 现如今龙井茶已走出狮峰山、翁家山、杨梅岭、满觉陇、云栖等这些耳熟能详的西子湖畔山水之间,迈向萧山、余杭、富
  • 总之是暂且不会回购的东西。这个种草好久了,之前在姐姐家她从冰箱里拿出来给我敷,感觉冰冰凉凉的好舒服,但自己用的时候好像并没有觉得有多么神奇。
  • 早上11時左右,Edan和Locker亦在化妝間換上校服準備出發拍攝。早上11時左右,Edan和Locker亦在化妝間換上校服準備出發拍攝。