《རཱ་མ་ཎའི་རྟོགས་བརྗོད》ཉེ་ལམ་རྒྱ་གར་ནས་གློག་བརྙན་དུ་ཕབ་བསྐྲུན་གཟིགས་འབུལ་ཞུས་པའི་གནས་ཚུལ་ཐོན་ཡོད་པ་རེད། གློག་བརྙན་འདི་དེ་སྔ་རྒྱ་གར་ནས《མ་ཧ་བྷ་ར་ཏ》གློག་བརྙན་སྟོད་སྨད་གཉིས་སུ་ཕབ་བསྐྲུན་ལེགས་འགྲུབ་བྱུང་རྗེས་སུ་ཡང་བསྐྱར་རྒྱ་གར་གྱི་ལོ་རྒྱུས་སྙན་ངག་རིང་མོ་ཞིག་གློག་བརྙན་དུ་ཕབ་པའི་མཛད་བཟང་ཞིག་ཡིན་པ་མ་ཟད། རང་ཅག་ཁ་བ་ཅན་ལ་མཚོན་ནའང་ཆ་རྒྱུས་ཡག་པོ་ཡོད་པའི་ལོ་རྒྱུས་སྙན་ངག་ཅིག་གློག་བརྙན་དུ་ཕབ་པའི་མིག་གི་དགའ་སྟོན་གསར་པ་གསར་རྐྱང་ཞིག་ཡིན་ནོ།།

གཞན་ལས་བཤུས་སོ།།

ན་མོ་ཨརྱ་ཏཱ་རེ་ཡེ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་དགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཊད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །ཁྲོ་གཉེར་གཡོ་བ་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམས་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་བའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམས་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱི་རྡུང་མ། །ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོལ་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རྣམ་པར་འགེམས་མ། །ཡི་གེ་བཅུ་བའི་སྔགས་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡྷ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེ། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་གྲགས་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །

གནམ་གྲུ་བརྡབ་སྐྱོན་བྱུང་ནས་ཟླ་གཅིག་ལྷག་གི་རྗེས་བྱིས་བ་བཞི་གསོན་པོར་རྙེད་སོན་བྱུང་།
འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ཁོ་ལོམ་བྷི་ཡ་ནས་གནམ་གྲུ་ཞིག་བོར་བརླག་ཏུ་ཕྱིན་ཏེ་དམག་དཔུང་དང་མྱུར་སྐྱོབ་མི་སྣས་ཡུན་རིང་འཚོལ་ཞིབ་བྱས་རྗེས། ཁོ་ལོམ་བྷི་ཡའི་ཨེ་མེ་རྫོན་(Colombia’s Amazon jungle) ནགས་ཚལ་ནས་གནམ་གྲུ་བརྡབ་སྐྱོན་བྱུང་བའི་ཡུལ་དངོས་རྙེད་ཡོད་པ་མ་ཟད། གནམ་གྲུའི་ཁ་ལོ་བ་གཉིས་དང་བྱིས་པ་བཞི་ཅན་གྱི་ཨ་མ་དེའི་ཕུང་པོ་རྙེད་སོན་བྱུང་ཡོད་འདུག ཡིན་ནའང་། བྱིས་པ་རྣམས་གསོན་པོར་གནས་ཡོད་པའི་རྗེས་ཤུལ་རྙེད་པར་བརྟེན། ཡུལ་དེའི་སྲིད་གཞུང་གིས་དམག་མི་སྔར་ལས་མང་པོ་བཏང་སྟེ་འཚོལ་ཞིབ་བྱས་པ་བརྒྱུད་ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཏེ་ཉིན་གྲངས་ ༤༠ རྗེས་སུ་བྱིས་པ་རྣམས་གསོན་པོར་རྙེད་སོན་བྱུང་ཡོད་འདུག

ཁོ་ལོམ་བྷི་ཡའི་སྲིད་བློན་གྷོ་སི་ཊ་ཝོ་པེ་ཌོ་ (Gustavo Petro) ལགས་ཀྱིས་བྱིས་པ་དེ་རྣམས་ནི་ནགས་ཚལ་གྱི་བྱིས་པ་ཡིན་ལ། ཁོ་ལོམ་བྷི་ཡའི་བྱིས་པ་ཡང་ཡིན། ཞེས་བརྗོད་དེ་ཁོང་ཚོར་སྨན་བཅོས་གང་ལེགས་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། བྱིས་པ་བཞི་དེས་ད་ལྟའང་ཟ་མ་བཟའ་ཐུབ་ཀྱི་མེད་ཀྱང་། ཁོ་ལོམ་བྷི་ཡའི་རྒྱལ་སར་ཡོད་པའི་དབུས་དམག་མིའི་སྨན་ཁང་དུ་བསྐྱལ་ཏེ་གསོ་སྨན་གྱིས་ལུས་ཕུང་གསོ་བཞིན་ཡོད་འདུག་ལ། བྱིས་པ་རྣམས་ལ་འཚོ་བཅུད་ཀྱིས་མ་འདང་བའི་ནད་དང་། འབུ་སྲིན་རིགས་ཀྱིས་རྨུག་པ་སོགས་རྨས་སྐྱོན་ཕྲན་བུ་མང་པོ་བཟོས་ཡོད་འདུག
མྱུར་སྐྱོབ་རུ་ཁག་གིས་ཐེངས་དང་པོ་བྱིས་པ་རྣམས་རྙེད་སྐབས། རང་ལོ་ ༡༣ ཅན་གྱི་བུ་མོ་ལི་སི་ལེ་ (Lesly)ཡིས་ལོ་གཅིག་ཡིན་པའི་བྱིས་པ་ཆུང་ཆུང་དེ་པང་དུ་བཟུང་ནས་རྒྱུག་ཡོང་སྟེ། གྲོད་ཁོག་ལྟོགས་ཀྱི་འདུག ཅེས་བརྗོད་ཡོད་པ་དང་། བྱིས་པ་གཅིག་སར་བསྡད་ནས་མགོ་བོ་སྨད་དེ་སྐྱོ་སྣང་དང་བཅས་ངའི་ཨ་མ་ལགས་གྲོངས་སོང་ཞེས་བརྗོད་ཡོད་སྐོར་བཤད་འདུག
བྷི་བྷི་སི་གསར་ཁང་གི་གནས་ཚུལ་ལྟར་ན། སྲོག་ཉེན་ཆེན་པོ་ལས་ཐར་བའི་བྱིས་པ་རྣམས་ནི་རང་ལོ་བཅུ་གསུམ་དང་། དགུ། ལྔ། གཅིག་བཅས་ཡིན་ཞིང་། ཁོང་ཚོ་གནམ་གྲུ་བརྡབ་སྐྱོན་ནས་ཐར་བ་མ་ཟད། ཉིན་གྲངས་ ༤༠ རིང་ནགས་ཚལ་ཁྲོད་བཀྲེས་སྐོམ་དང་ཆར་རླུང་། གཅན་གཟན་གྱི་འཇིགས་པ་སོགས་ལས་རྣམ་པར་ཐར་བ་དེ་ངོ་མཚར་བའི་ངང་གླེང་སློང་བྱེད་བཞིན་འདུག་ལ། ལྷག་པར་དུ་འཚོལ་ཞིབ་པ་ཚོའི་ཡུན་རིང་དཀའ་སྡུག་མང་པོར་གདོང་ལེན་བྱས་ཏེ་བྱིས་པ་རྣམས་རྙེད་སོན་བྱུང་བ་དེ་ནི་ཆེས་ཚད་མཐོ་བའི་མྱུར་སྐྱོབ་ཀྱི་གྲུབ་འབྲས་ཤིག་ཏུ་ངོས་འཛིན་བྱེད་བཞིན་འདུག
བྱིས་པ་ཚོས་གསར་འགོད་པར་བརྗོད་པ་ལྟར་ན། གནམ་གྲུར་དོན་རྐྱེན་བྱུང་ནས་ཉིན་གྲངས་བཞི་ཡི་རྗེས་སུ་ཨ་མ་འདས་གྲོངས་སུ་གྱུར་ཡོད་ཅིང་། ཁོང་མོ་མ་གྲོངས་གོང་དུ། བྱིས་པ་རྣམས་ཀྱིས་ཕན་ཚུན་བདག་སྐྱོང་དང་གཅེས་སྤྲས་བྱེད་དགོས་པ་མ་ཟད། ནགས་ཚལ་ནས་ཐོན་ཐབས་དང་མི་གཞན་གྱི་རོགས་སྐྱོབ་འཐོབ་རྒྱུར་རེ་བས་ཁེངས་དགོས་པའི་མངག་བཅོལ་བྱས་ཡོད་འདུག འདས་པའི་ཉིན་གྲངས་བཞི་བཅུའི་རིང་བྱིས་པ་ཚོས་བརྡབ་སྐྱོན་བྱུང་བའི་གནམ་གྲུ་ལས་རྙེད་པའི་ཟས་རིགས་དང་། ནགས་ཚལ་ཁྲོད་ཀྱི་ཤིང་འབྲས་སོགས་ཟོས་ནས་འཚོ་ཐབས་བྱས་ཡོད་སྐོར་བཀོད་འདུག


发布     👍 0 举报 写留言 🖊   
✋热门推荐
  • 不管你有多么的不愿意,在你的生活中总有一些或大或小的遗憾存在着。这本书的编辑被邀请来寻找失踪的老板小女儿,两个星期的时间里,她跟很多人谈话,内容真假难辨,明显地
  • 在我解说过的电影里《异形》系列、《普罗米修斯》、《怪形前传》都是根据克苏鲁神话为创作基础的。【女排队员的手指】排球运动员实属不易,排球运动员他们所经历的磨炼和困
  • 而且这次陈好扮演的角色年龄跨度也很大,据黄晓明所说他们两人扮演老年黄旭华和李世英时,光化妆就要花去六个小时的时间,非常的辛苦。 随着献礼剧《功勋》的热播,观众们
  • 居然之家武昌店四楼的管理员介绍,方太柏厨为方太旗下品牌,入驻该商场两年了,近几个月该商户确实存在几次延迟交付的情况,但目前商家还在正常运营。居然之家武昌店四楼的
  • 他也有个连他自己到现在还不太明白的道理,那就是他一旦接到病人的时心情总是有些紧张,特别是治根上的病,久治不愈的内科病。后来,他就用我给他的这方法(他会灵活用
  • 2006年,由人民出版社出版的《郑奎飞传奇》一书,其中有一个章节是专门讨论郑奎飞将来会获得诺贝尔奖,曾经就有诺贝尔奖获得者指出,20年内中国人获得多项诺贝尔
  • 还有一点的就是,并不是所有人都会伏吟之年面临生死之灾,往往可能发生在伏吟逢合,恰恰合后之五行,又同属于伏吟之五行,也是应期。但是人们认为,这些论述,或者理论性太
  • 当前,乡村振兴河南实践中存在的突出问题主要表现在“人钱地”三大关键瓶颈上,要从抓实乡村规划、产业振兴等方面,有针对性地进行解决,努力让农业成为有奔头的产业,让农
  • 法则3:对自己和结果负责执行得不好,说到底其实是一个人对自己和结果不负责任的表现,而这样的人在职场中是很难提升自己的竞争力的。因为竞争力的基础是执行力,执行不到
  • 看完这部电影,觉得很受感触,我几乎可以笃定我的这一生也遇不到这样的爱情,这大概是不会存在于现实生活中的美好,正如有人说的这部电影给我们一个理想主义的理由。祝各位
  • 死んだ人间(にんげん)はきっと谁かの心へと旅立(たびだ)ち、思い出となって生き続(つづ)けるのだ。一度あったことは忘れないものさ。
  • 网络购票的游客都可以领取武当山景区纸质票,线上可联系景区官方客服采用邮寄的形式领取,线下可在游玩当日联系景区客服当面领取纸质票。武当山景区现已实行全网实名制预约
  • 突然心生出一些莫名其妙的感叹在我以为对方没有给我偏爱没有给我想要的 我在失望的同时 对方是不是也因为我做出的一些事也同样在失望当我是我的视角的时候我觉得是对方给
  • 但这一款重新回到巅峰的《密特罗德》又使我感受到了难以言表的喜悦。有一个小插曲挺逗的,刘嘉卓演奏原创曲目《异邦骑士》前,特意对曲名解释了下:是异类的异,城邦的邦。
  • 澳大利亚洛伊解读者网站说,“在美中角力之际,华盛顿正寻求在印太地区建立一个紧密联系的安全网络。”利斯特还说,一开始他并不知道麦克米伦也在研究同一课题,“当看
  • #赵露思的露珠呀[超话]#正在播放《我喜欢赵露思》━━━━━●───────5:20⇆ㅤ◁ㅤ❚❚ㅤ▷ㅤ↻你可以错过黄昏的末班车,可以错过雨后彩虹 ,你可以错过流
  • 我的小郡主现在比我大四岁,是我的姐姐,我的前辈,第一次宴会相见,我便觉得莫名熟悉,直至我记起一切,我很努力的拿下与你相同品牌的代言,渴望与你相识相交,可我现在麻
  • ” “小姑娘,你也要更努力的发光。甚至我家这只趁我不注意,自己偷偷跑到了江南的酒窖躲了半个月喝了个爽,才想起来世上还有我这么号人……结果回家冲我打了个酒嗝儿,就
  • 十一她逃不了,不能连累族人,仇人近在咫尺却不能杀,痛苦至极,在师父死后的四日从城墙一跃而下,时宜只是南辰王府的十一,今生换他来先娶她周生如故极致的be美学,现在
  • 哪一天都没办法面对一个将就的人。哪一天都没办法面对一个将就的人。