དབང་ཆེན་རོལ་པ་མཆིམས་ཕུའི་ནགས་ཁྲོད་དེ། །
ཡུལ་ལྗོངས་བཀོད་པ་པད་སྡོང་ཁ་ཕྱེའི་ཚུལ། །
རྒྱབ་རི་བློན་པོ་སྤང་གཤོངས་དགུང་ལ་སྙེག །
དེ་ཡི་རྩེ་མོ་གུར་ཆེན་ཕུབ་འདྲ་བའི། །
ཨོ་རྒྱན་གཟིམ་ཕུག་རིན་ཆེན་གཏེར་གྱི་མཛོད། །
༧རིག་འཛིན་འཇིགས་མེད་གླིང་པས།
ཡུལ་ལྗོངས་བཀོད་པ་པད་སྡོང་ཁ་ཕྱེའི་ཚུལ། །
རྒྱབ་རི་བློན་པོ་སྤང་གཤོངས་དགུང་ལ་སྙེག །
དེ་ཡི་རྩེ་མོ་གུར་ཆེན་ཕུབ་འདྲ་བའི། །
ཨོ་རྒྱན་གཟིམ་ཕུག་རིན་ཆེན་གཏེར་གྱི་མཛོད། །
༧རིག་འཛིན་འཇིགས་མེད་གླིང་པས།
གངྒཱ་བཟློག་ཅིང་མ་རུང་རྒྱལ་པོ་བཏུལ། །
ཉི་མ་བཟུང་ནས་ཡུལ་ཁམས་མྱོས་བྱེད་གསོལ། །
མྱོས་མེད་ལིངྒ་རབ་བཀས་གཏུམ་མོ་བཏུལ། །
མཐུ་སྟོབས་དབང་ཕྱུག་གྲགས་ལ་མགོས་ཕྱག་འཚལ། །
ཉི་མ་བཟུང་ནས་ཡུལ་ཁམས་མྱོས་བྱེད་གསོལ། །
མྱོས་མེད་ལིངྒ་རབ་བཀས་གཏུམ་མོ་བཏུལ། །
མཐུ་སྟོབས་དབང་ཕྱུག་གྲགས་ལ་མགོས་ཕྱག་འཚལ། །
ང་ཚོའི་ཕ་ས་ནི་འཛམ་གླིང་གི་ཡང་རྩེར་ཆགས་ཤིང་ཕྱོགས་མཐའ་ཀུན་ནས་གངས་རིའི་ར་བས་་བསྐོར་ཡོད། གངས་རི་ལས་རྒྱ་མཚོར་འབབ་པའི་གཙང་པོ་མང་པོ་ཞིག་གི་འབྱུང་ཁུངས་ཡིན་ལ་འཛམ་གླིང་གི་མི་འབོར་ཆེས་མང་བའི་རྒྱ་གར་དང་རྒྱ་ནག་སོགས། ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་གི་ཆུའི་འབྱུང་ཁུངས་གཙོ་བོ་ཡིན་པས། བོད་ཡུལ་ལ་ཨེ་ཤི་ཡའི་ཆུ་མཛོད་ཅེས་གྲགས་སོ།།
✋热门推荐