དེ་རིང་གྲོགས་པོ་ཁ་ཤས་དང་མཉམ་དུ་རྒྱ་གར་གྱི་ཟ་མ་ཟ་རུ་སོང་བ་ཡིན།
འོན་ཏེ
སྔོན་འདུ་གོམས་པའི་བག་ཆགས་ཀྱི་རྐྱེན་ཟབ་པས་མིན་ན།
འབྲོག་པའི་གཡོ་སྐོལ་གྱི་ཟས་རིགས་ལས་བྲོ་བ་ལྷག་མ་ཞིག་ཡོད་པ་གཞི་ནས་མ་ཚོར།[微笑]

དགུ་ཚིགས་ཁྱིམ་རྒྱུད་ཀྱི་འཇིག་རྟེན་ཆགས་ཚུལ།

༡ དགུ་ཚིགས་ཁྱིམ་རྒྱུད་ཀྱི་དབྱིབས།
༢ དགུ་ཚིགས་ཁྱིམ་རྒྱུད་ཀྱི་གྲུབ་ཆ།
༣ དགུ་ཚིགས་ཁྱིམ་རྒྱུད་ཀྱི་འགུལ་སྐྱོད།

༡ ༽དགུ་ཚིགས་ཁྱིམ་རྒྱུད་ཀྱི་དབྱིབས།

དགུ་ཚིགས་ཁྱིམ་རྒྱུད་ཀྱི་འཇིག་རྟེན་ཆགས་ཚུལ་སྐོར་ནས་རོབ་ཙམ་ཞུས་ན། འགྲོ་བ་མི་ཆགས་སའི་འཇིག་རྟེན་འདི་ས་གོ་ལ་ཞེས་འབོད་ཀྱིན་ཡོད་པ་དང་། ས་གོ་ལ་འདི་ཉི་མའི་ཁྱིམ་རྒྱུད་ནང་གི་སྐར་མའི་གོ་ལ་ཞིག་ཡིན་པ། ཉི་མའི་ཁྱིམ་རྒྱུད་འདི་དགུ་ཚིགས་ཁྱིམ་རྒྱུད་ཀྱི་ནང་གསེས་ཤིག་ཡིན་པ་རེད། དེ་ན་དགུ་ཚིགས་ཁྱིམ་རྒྱུད་ཅེས་པ་འདི་གང་འདྲ་རེད་ཅེ་ན། ཧ་ཅང་གི་འཇིག་རྟེན་ཆེ་པོ་ཞིག་ཡིན་པར་བཤད་སྲོལ་ཡོད། རྒྱང་རིང་ཞིག་ནས་ཕར་བལྟས་པ་ཡིན་ན་ལྦུ་ཆ་འདྲ་བའི་རྣམ་པའམ། ཡང་ན་ཞྭ་མོ་ཞིག་གི་མཐའ་ར་ལྟ་བུ་ཡོད་ཆགས་ཡོད་པ་རེད་འདུག །སྟེང་གི་ཆ་ནས་མར་རྒྱང་བལྟས་བཟོས་པ་ཡིན་ན་དགའ་འཁྱིལ་རི་མོ་དང་ཆ་འདྲ་བ་ཞིག་ཡོད་པའང་བཤད་སྲོལ་ཡོད། དགུ་ཚིགས་ཟེར་བ་འདི་མིང་གི་ཆ་ནས་འབོད་ཚུལ་གཞན་ནི། ནམ་མཁའི་དགུ་ཚིགས་སམ། ནམ་མཁའི་སྐ་རགས། དགུང་ནམ་མཁའི་ཚིག་ཀའང་ཟེར་སྲོལ་ཡོད་བསྡད་པ་རེད་ལ། དེའང་བོད་ཀྱི་དམངས་སྲོལ་རིགས་གནས་ནང་དུ་གནས་ཡོད་པ་ཞིག་རེད། དགུ་ཚིགས་ཁྱིམ་རྒྱུད་ཆེ་མོ་འདི་ཆགས་བྱེད་ཀྱི་གྲུ་ཆ་གཙོ་བོ་ནི། སྐར་མའི་གོ་ལ་ཡིན་པ་དང་། སྐར་མའི་གོ་ལ་དེའང་བརྟན་སྐར་དང་། རྒྱུ་སྐར། སྲུང་སྐར་ལ་སོགས་པ་མང་པོ་ཞིག་ཡོད་པ་དང་། སྐར་ཕྲན་ཚོམ་བུའི་བརྩི་བརྩི་གྲངས་མེད་ཅིག་ཡོད་པ་དེ་དག་གིས་གྲུབ་ཡོད་ཚུལ་དང་། དེ་དག་བར་སྣང་གི་གནས་ཡུལ་ངེས་མེད་ཅིག་ལ་ཁྱིམ་གཅིག་པའི་ཚུལ་གྱིས་གནས་ཡོད་པའི་གནད་ཀྱིས་དགུ་ཚིགས་ཁྱིམ་རྒྱུད་ཀྱི་འཇིག་རྟེན་ཆེན་མོ་ཞེས་མཚན་བཏགས་ཀྱིན་ཡོད་པ་འདྲ།

༢ དགུ་ཚིགས་ཁྱིམ་རྒྱུད་ཀྱི་གྲུབ་ཆ།

དགུ་ཚིགས་ཁྱིམ་རྒྱུད་ཆེན་མོ་ཆགས་ཚུལ་གྱི་པར་རིས་ཀྱི་རྣམ་པར་བལྟས་ཡོང་དུས་ལྟེ་བ་འདྲ་བོ་དང་། ལྟེ་བ་དེ་ཧ་ཅང་གི་གསལ་སྣང་ཆེ་པོ་ཡོད་པ་གང་བུ་ཡར་འབུར་དུ་ཐོན་ནས་གྲུབ་བསྡད་པ་འདིའི་ལྟེ་བའི་ཕྱོགས་ལ་གསལ་སྣང་ཆེ་བ་དང་འབུར་དུ་དོད་པའི་རྒྱུ་རྐྱེན་དམིགས་བསལ་ཞིག་ཡོད་པ་དེ། བརྟན་སྐར་དུང་ཕྱུར་བཅུ་ཡར་མར་ཞིག་ལྟེ་བའི་ཕྱོགས་དེར་ཡོད་པའི་རྒྱུ་མཚན་གྱིས་བཤད་པ་རེད། བརྟན་སྐར་ཞེས་པ་དེའང་ཉི་མའི་གོ་ལ་ལྟ་བུར་གོ་དགོས་པ་དང་། དེ་འདྲ་ཉི་མའི་གོ་ལ་དུང་ཕྱུར་བཅུ་ཡར་མར་ཞིག་ལྟེ་བའི་ཕྱོགས་ལ་ཕན་ཚུན་བར་ཆོད་པའི་ཚུལ་གྱིས་གནས་ཡོད་པར་བཤད། དེའི་རྒྱུ་མཚན་གྱིས་རྒྱང་རིང་ནས་བལྟས་ཡོང་དུས་དགུ་ཚིགས་ཁྱིམ་རྒྱུད་ཀྱི་ལྟེ་བ་ནས་ཡར་འབུར་དུ་དོད་པ་དང་གསལ་སྣང་དང་འོད་སྣང་ཆེ་བའི་རྒྱུ་རྐྱེན་དེས་ཡིན་ཚུལ་དང་། དེའི་མཐའ་འཁོབས་ནས་རྒྱུ་སྐར་དང་སྲུང་སྐར་ལ་སོགས་པ་མང་ཞིག་གིས་བསྐོར་ནས་ཡོད་པའི་སྟབས་ཀྱིས་དེ་འདྲ་བའི་དགུ་ཚིགས་ཁྱིམ་རྒྱུད་ཆེན་མོ་དེ་རྩ་བའི་ཆ་ནས་བར་སྣང་དུ་གནས་ངེས་མེད་ཅིག་ལ་གནས་ཡོད་པ་འདིའང་ཤེས་རྒྱུ་གལ་ཆེ་བ་ཉིད་དུ་སྣང་ངོ་།།

༣དགུ་ཚིགས་ཁྱིམ་རྒྱུད་ཀྱི་འགུལ་སྤྱོད།

དགུ་ཚིགས་ཁྱིམ་རྒྱུད་ནི་འགུལ་སྤྱོད་དང་འགྱུར་བ་གང་ཡང་མེད་པར་མ་ཡིན་པར་དུས་རྒྱུན་འཕོ་འགྱུར་དང་འགུལ་སྤྱོད་ཡོད་པ་རེད། བྱེ་བྲག་ལ་བསམ་བློ་བཏང་ན། སའི་གོ་ལ་དང་། ཟླ་བའི་གོ་ལ། གཟའ་ཉི་མ། གཟའ་སྤེན་པ་ལ་སོགས་པ་དེ་ཚོ་དགུ་ཚིགས་ཁྱིམ་རྒྱུད་ཀྱི་གྲུབ་ཆ་ཆུང་ཆུང་ཞིག་ཡིན་པ་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་གྱིས་སའི་གོ་ལ་དང་། ཟླ་བའི་གོ་ལ། གཟའ་ཉི་མ། ཟླ་བ་ལྷག་པ་ལ་སོགས་པས་བར་སྣང་སྟོང་པའི་ཁམས་ནས་རང་འཁོར་གྱི་འགུལ་སྤྱོད་དང་གཞན་འཁོར་གྱི་འགུལ་སྤྱོད་གཉིས་ཀའི་ཆ་ནས་བྱེད་ཀྱིན་ཡོད་པ་ནང་བཞིན་དུ། དགུ་ཚིགས་ཁྱིམ་རྒྱུད་ནང་གི་སྐར་མའི་གོ་ལ་གཞན་དང་གཞན་དང་། སྐར་ཕྲན་ཚོམ་བུ་གཞན་དང་གཞན་པ་ཚང་མ་འགུལ་ཞིང་གཡོ་བའི་ངང་ནས་གནས་ཡོད་པ་དེ་བྱེ་བྲག་གི་ཆ་ནས་བཤད་པ་རེད། སྤྱིའི་ཆ་ནས་དགུ་ཚིགས་ཁྱིམ་རྒྱུད་ཆེན་མོ་དེ་འཁོར་ལོ་ཞིག་འཁོར་བ་ནང་བཞིན་དུ་འཁོར་གྱིན་ཡོད་པ། གཉིས་ནས་དགུ་ཚིགས་ཁྱིམ་རྒྱུད་ཆེན་མོ་དེའི་སོ་སོར་མཐའ་མཐའ་ནས་བར་སྣང་སྟོང་པའི་ཁམས་རྒྱ་ཇེ་ཆེ་ནས་ཇེ་ཆེ་ངང་རྒྱ་སྐྱེད་བཞིན་ཡོད་པ་རེད། འོ་ན། དེས་གང་ཞིག་ཤེས་ཐུབ་པ་རེད་ཟེར་ན། དགུ་ཚིགས་ཁྱིམ་རྒྱུད་ཀྱི་འཇིག་རྟེན་འདི་བར་སྣང་སྟོང་པའི་ཁམས་གནས་ངེས་མེད་ཅིག་ལ་མི་གཡོ་བ་གནས་བསྡད་པ་མ་ཡིན་པར། དུས་རྒྱུན་པར་སྤྱིར་དང་བྱེ་བྲག་གང་ནས་ཡིན་ནའང་གཡོ་ཞིང་འགུལ་བཞིན་ཡོད་པར་ཤེས་ཐུབ་པ་རེད། དགུ་ཚིགས་ཁྱིམ་རྒྱུད་འདི་འཁོར་ལོ་འཁོར་བ་ནང་བཞིན་དུ་འཁོར་གྱིན་ཡོད་པའང་ཤེས་ནུས་པ་རེད། དེ་ཉིད་ལན་གཅིག་འཁོར་བའི་དུས་ཡུན་ཅི་ཙམ་འགོར་བ་རེད་ཟེར་ན། ལོ་དུང་ཕྱུར་གཉིས་འཁོར་བའི་དུས་དེར་དགུ་ཚིགས་ཁྱིམ་རྒྱུད་དེ་ཉིད་རང་གི་གནས་སའི་བར་སྣང་གི་ཁམས་དེར་ལན་གཅིག་འཁོར་བ་རེད་ཟེར་ནས་བཤད་ཀྱིན་ཡོད་པ་རེད་འདུག། ༼སྐར་རྩིའི་ནང་དུ། ༽དགུ་ཚིགས་ཁྱིམ་རྒྱུད་ཀྱི་ལོ་གཅིག་ཟེར་སྲོལ་ཡོད་པ་རེད་འདུག་ལ། དགུ་ཚིགས་ཁྱིམ་རྒྱུད་ཀྱི་འཇིག་རྟེན་འདིའང་རང་ཉིད་གནས་ཡུལ་གྱི་བར་སྣང་སྟོང་པའི་ཁམས་དེར་འཁོར་ལོ་འཁོར་བ་ནང་བཞིན་དུ་རང་འཁོར་ཧྲི་པོ་ལན་གཅིག་བྱས་པ་ལ་ལོ་དུང་ཕྱུར་གཉིས་དགོས་པ་དང་། དེ་འདྲའི་ཡུན་དེ་ལ་དགུ་ཚིགས་ཁྱིམ་རྒྱུད་ཀྱི་ལོ་གཅིག་ཟེར་ནས་བཤད་སྲོལ་ཡོད་པ་རེད་འདུག ། ༢༠༢༣/༦/༩ཉིན་ཆོས་ཁྲིད་ལ་ཉན་ཞོར་དུ་ཟིན་བྲིས་བྱས་པས་ནོར་བ་ཡོད་ན་དགོངས་སེལ་ཞུ།

བོད་ཆེན་པོ་དང་གཞན་རྒྱལ་ཁབ་ཁག་གི་རྡོ་རིང་ས་མཚམས་ནི།
ཤར་ཕྱོགས་སུ་རྒྱ་ནག་དང་།

ལྷོར་རྒྱ་གར། ནུབ་ཏུ་པ་ཀི་སི་ཐན།

བྱང་ཕྱོགས་ལི་ཡུལ་རྣམས་ཀྱི་ས་མཚམས་དང་འབྲེལ་ཡོད།
སྟག་ཚང་དཔལ་འབྱོར་བཟང་པོའི་(རྒྱ་བོད་ཡིག་ཚང་)ལས། བོད་ཁ་བ་ཅན་གྱི་རྒྱལ་ཁམས་དང་།

ཕྱོགས་བཞིའི་རྒྱལ་ཁམས་ཀྱི་ས་མཚམས་ན།

སྲིད་པས་བཀོད་པའི་རྡོ་རིང་བཞི་ཡོད་དེ། ཤར་ཕྱོགས་རྒྱ་ནག་པོ་དང་། བོད་ཀྱི་ས་མཚམས་ན། ཤ་ཕུད་གངས་དཀར་ལྷའི་ཡུལ་དུ།

འདྲོན་བུ་དུང་གི་རྡོ་རིང་བཙུགས་པ་ཡན་ཆད། ལྷོ་ཕྱོགས་རྒྱ་དཀར་པོ་དང་། བོད་ཀྱི་ས་མཚམས། སྨུག་མ་བུ་ཁུར་སྲིན་གྱི་ཡུལ་དུ།

མཐིང་ཞུན་གཡུའི་རྡོ་རིང་བཙུགས་པ་ཚུན་ཆད།

ནུབ་ཕྱོགས་སྟག་གཟིགས་དང་།

བོད་ཀྱི་སོ་མཚམས། རྐང་མ་རྐང་གཅིག་ཀླུའི་ཡུལ་དུ།

ཤ་རྩེ་དངུལ་གྱི་རྡོ་རིང་བཙུགས་པ་མན་ཆད། བྱང་ཕྱོགས་ཁྲོམ་གེ་སར་དང་།

བོད་ཀྱི་ས་མཚམས་ལ་རྨའི་ལུ་གུ་སྨན་གྱི་ཡུལ་དུ།

ར་རྒན་གསེར་གྱི་རྡོ་རིང་བཙུགས་པ་ཚུན་ཆད།

དེ་རྣམས་བོད་གངས་ཅན་གྱི་རྒྱལ་ཁམས་སུ་གཏོགས་པའི་ས་ཚད་ཡིན་ཅིང་།

རྡོ་རིང་ཀྱི་དཔངས་ལ།

གཞུ་འདོམ་བརྒྱད་ཅུ་རེ་དང་ཞེང་ཕྱོགས་རེ་ལ་གཞུ་འདོམ་ཉི་ཤུ་རེ།

སྟེང་ན་རྒྱ་ཕིབས་དང་བཅས་པ་ཡོད་དོ་ཟེར་རོ།།


发布     👍 0 举报 写留言 🖊   
✋热门推荐
  • 保温壶闷泡普洱熟茶的方式,利用了保温壶保温时间长的特性,有助于熟茶茶汤在60~80℃下醇化的过程,提升了茶汤醇、厚、滑的特点。#新益号普洱茶# #泡茶技巧# 较
  • 坦博拉火山(Mount Tambora)是印度尼西亚松巴哇岛上的一座活跃的层状#火山#。坦博拉火山的海拔高度达到2850米,火山口直径为6–7 km,深度为60
  • 刷微博无意间看到的男神张震在拍摄男人风尚杂志的时候居然戴了Beuchat的这款自由潜水面镜!婚礼主持:李东婚礼摄影:邀月 24K摄影婚礼摄像:元力影像婚礼造型:
  • 加油……这是告别昨天的诗,因为在二零一七年五月十二日我做了一件很重要的事……时光纪那时候我曾经住在那个城市那时候车和人还没有那么多鸣笛声也不显得刺耳那时候要好的
  • 中国的马云说:让天下没有难做的生意(“因”成功,自然成就“果”的成功)所以对于大家来说,唤醒自己内心那个“因”无比重要,没有它你将永远无法获得真正的成功,这就是
  • 避开人性中软弱的一面,叶舟在这里重点地刻画了主人公的孝忍和善良,“给老父输血”看到老父在血的滋润里复活一段,和 “雪地睡觉”一幕,读来尤令人心酸:“放心,老子一
  • 这次最高法及时审查三三集团董事长案件,给全国各地类似集资类投资人都带来了巨大希望,期待好政策带来的好结果!另悉,这是全国众多集资案件中第一个进入最高法的案例,都
  • 五问米哈游的玩家立场:抽奖送钟是在嘲讽谁?五问米哈游的玩家立场:抽奖送钟是在嘲讽谁?
  • #热门小说推选# #古言#[飞机][杰瑞]▎_▎孟娬穿越了,发现大伯欺占良田,堂姐妹蛇鼠一窝,祖母还要把她卖了。这不,他又在衣冠楚楚地跟人谈笑风生了,孟娬忍不住
  • 恶人则远避之,杜灾殃于眉睫。人能如我存心,天必赐汝以福。
  • 最近有小伙伴投稿一些失败案例,部分医森包装的太过了,可以先看看参考一下再去做选择【双眼皮医生详细功课放ping仑下方了】深圳阳光江凤娟北京知音李奇军海南韩美杨芒
  • 那让我想哈子,先把产后愿望清单拿出来看看,一个一个去做[太开心][太开心][太开心][太开心][太开心][太开心][太开心][太开心]突然心情变得无敌的美丽,7
  • 华为调整目标,冲刺4亿台鸿蒙设备历史上,所有失败的操作系统都是因为生态环境,一款操作系统发布之后,需要有用户,开发者,这些都是系统生态的重要保障。另外央视还提到
  • 巨头的青睐、风投的追捧,看重的可能并非便利店的进销差价形成的经营利润,更大的可能性是,便利店作为最贴近消费者、高频刚需的零售业态所具备的流量与数据入口的巨大价值
  • 老卢原形毕露#乌克兰# “在任何情况下,白俄罗斯人都不会放弃这片土地。 想要白俄和自己合并这件事上显示出了普丁丁同志的幼稚,一厢情愿的认为世界会按照自己想当然
  • #电视剧梦华录[超话]##一句话告别梦华录##梦华录#2022年6月有梦华录陪伴,感谢刘亦菲、陈晓下凡拯救内娱;感谢梦华录让我重新认识了柳岩,代旭,林允,徐海乔
  • 第一次赶上肯德基疯狂星期四的鸡翅尖,吃五个还行,越到后面越腻,还以为是炸酥了的口感,其实除了表皮是偏湿答答的口感,凉了还会有点点腥味,不过我下次还会买[举手]味
  • 狮子座是有话憋不住,必须说出来不可的人。狮子座是有话憋不住,必须说出来不可的人。
  • 综合日主的婚姻分析:命局里婚姻宫坐巳火克合酉金官星的原因,婚姻有时会吵闹一些,婚姻会在2021年不会安稳发展,会吵闹较多一些,在2021年当中要特别容易离婚婚姻
  • 袖型非常遮肉,腰部也收的恰到好处,背部是宽松有余量的,好活动也不会太热,这件特别适合上班穿很气质,无论怎么搭配都美~这件我自留了,修饰身材,微胖也可以驾驭,上身