ཁྱི་ངན་དེ་དག་ཁྱི་ཁ་མ་གཙེ་རོགས།

———•རོང་སྨྱུག

གངས་ཅན་དར་རྒུད་སྲོག་གི་ཉག་མ་ལ།།
ཚུལ་མིན་ཐབས་ངན་སྟོང་གི་སོ་འདེབས་པའི།།
མི་ཡི་ལུས་ལ་ཁྱི་ཡི་རྔ་མ་ཅན།།
ཁྱི་ངན་དེ་འདྲ་ཕྱི་ནང་གཉིས་ཀར་ཡོད།།

གནས་ལུགས་མི་རྩི་རྒྱུན་དུ་ཀུ་ཅོ་འདོན།།
བདེན་དོན་མི་སྲུང་རྟག་ཏུ་ངུ་ཟུག་འཐེན།།
གནོད་སྙིང་མི་ལྟ་གང་སར་སྐོར་རྒྱུག་བྱེད།།
ཁྱི་ངན་དེ་དག་ཁྱི་ཁ་མ་གཙེ་རོགས།།

ཕྱི་ཡི་འཕར་སྤྱང་རྒོད་དུས་སོ་མི་ཐུབ།།
ནང་གི་རང་ཆས་བོར་དུས་བརྡ་མི་ནུས།།
ལྟོ་ཆས་འཕྲོ་བརླག་ཙམ་ལས་དྲིན་མེད་པའི།།
ཁྱི་ངན་དེ་དག་ཁྱི་ཁ་མ་གཙེ་རོགས།།

སྟབས་ལ་ཁེལ་ན་རང་གི་ནོར་ཡང་རྐུ།།
སྐབས་དང་འཕྲད་ན་བདག་པོར་སོ་ཡང་འདེབས།།
ཕྱི་ནང་མི་ཤེས་རང་ངོ་མི་ཟིན་པའི།།
ཁྱི་ངན་དེ་དག་ཁྱི་ཁ་མ་གཙེ་རོགས།།

བདག་པོ་མེད་པ་གྲོོང་པའི་མཐའ་རུ་ཉུལ།།
དགོས་མཁོ་མེད་པ་གད་སྙིགས་ཁྲོད་དུ་འཚོ།།
གཞན་གྱི་འཁྲུད་ཆུ་འཐུང་ལ་ཆེས་གོམས་པའི།།
ཁྱི་ངན་དེ་དག་ཁྱི་ཁ་མ་གཙེ་རོགས།།

མི་གཙང་ངན་སྐྱུགས་ཐལ་ཕུང་ཁྲོད་ནས་སློག།
རུལ་སོང་བཤང་གཅི་སྙིགས་ཟོམ་ནང་ནས་ལེན།།
གཙང་བཙོག་མེད་པར་རང་གི་ནོར་རློམ་པའི།།
ཁྱི་ངན་དེ་དག་ཁྱི་ཁ་མ་གཙེ་རོགས།།

ཁ་ཕོའི་ཆེད་དུ་གཞན་གྱི་རྐུབ་ནས་ལྡག།
ཁེ་ཕན་ཕྱིར་དུ་རང་མིའི་གདོང་ལ་རྨུག།
ཁྱིམ་དང་བདག་པོ་སེམས་ནས་ཡེར་བོར་བའི།།
ཁྱི་ངན་དེ་དག་ཁྱི་ཁ་མ་གཙེ་རོགས།།

འཚོ་བ་མི་ཆོད་གྲོང་པའི་སྲང་ལམ་ནས།།
ཉིན་མཚན་མེད་པར་ཁྱི་རྐུབ་མཉམ་སྦྲེལ་ཏེ།།
གཅིག་ཟུག་ཐམས་ཅད་ཟུག་པའི་ཁྱི་འཁྱར་ཚོའི།།
ཁྱི་ཁ་མ་རྩེ་རང་རང་ས་རུ་སྐྱུར།།

ཡུལ་དུས་གང་ནས་ཟུག་ན་ཁྱི་སྐད་ཡིན།།
ཁ་རྐུབ་གང་ནས་གཏོང་ན་ཁྱི་ལུད་ཡིན།།
དེ་ལ་སྙིང་པོ་འཛིན་མཁན་སུ་ཡང་མེད།།
ཡོད་ན་རང་ཉིད་ཁྱི་ཡི་སྤྱི་ཚོགས་ཡིན།།
2022.9.19

མཐོ་རྒྱུགས་སྤྲོད་མཁན་གྱི་སློབ་མ་རྣམས་རྒྱུགས་འབྲས་ལེགས་པོ་ཡོང་བ་དང་། བྱ་བ་ལམ་འགྲོ། ཅི་བསམ་དོན་འགྲུབ་ཡོང་བའི་སྨོན་འདུན་ཞུ།
祝所有高考学子们金榜题名,前程似锦,愿文殊菩萨加持孩子们顺顺利利,一切圆满吉祥。

བདག་ལ་ནམ་རྒྱུན་སྙིང་ཉེ་བའི་ཕ་མ་གཉིས་དང་། ཡུལ་མི་སྤུན་ཟླ་ཚང་མས་བདག་ལྟ་བུ་ཉམ་ཆུང་གི་མི་བུ་ཞིག་ལ་བསྟོད་བསྔགས་ཀྱི་མེ་ཏོག་མང་པོ་གཏོར་བ་འདི་ནམ་ཡང་བརྗེད་མེད་ཀྱི་བསྐུལ་ལྕག་བཟང་པོ་ཞིག་ཡིན། ཁྱེད་ཅག་ལ་བཀའ་དྲིན་ཆེ། སྤྱིར་བཤད་ན་འུ་ཅག་གི་ཕ་ཡུལ་ན་གཞུང་འབྲེལ་གྱི་ལས་ཀ་ཐོབ་པ་ལ་མཐོང་ཆེན་བྱས་ནས་བསྟོད་བསྔགས་གནང་བ་མང་པོ་གོ་ཐོས་སུ་ཡོད། རེད་དེ། སྡུག་འབད་ཀྱི་སློབ་ལ་བརྩོན་མཁན་ཚོར་ཁ་གཡང་གི་བསྐུལ་ལྕག་ཙམ་མ་བྱས་པ་བདེན་ཡང་། གང་ལྟར། འཇིག་རྟེན་འདི་དང་གཏན་དུ་གྱེས་ཟིན་པའི་དགེ་རྒན་ལགས་ཀྱིས་བཀའ་དྲིན་དང་ལམ་སྟོན་ལས་བསྟེན་ནས་བདག་ལ་ཡང་ད་ལྟའི་འཚོ་བ་འདི་འདྲའི་གོ་རིམ་དང་ལྡན་པ་ཞིག་བྱུང་བ་ནི་ཁྱེད་ཀྱི་སྐུ་དྲིན་ཅི་ལ་མིན། བདག་གིས་ཀྱང་ཁྱེད་ཀྱི་རེ་བ་ལྟར་སྤྱི་ལོ་༢༠༢༢ལོར་ཆོས་མངོན་པ་མཛོད་དང་། ཚད་མ་རྣམ་འགྲེལ་ལ་སྡུག་འབད་བརྒྱབ་ནས་ཆེད་སྦྱང་བྱས་པ་ཡིན། དེ་རིང་ཡང་བདག་གིས་རྒྱང་རིང་རྒྱང་རིང་ཞིག་ནས་ཁྱེད་ལ་སྡུག་གཏམ་དམར་རྗེན་ཞིག་བཤད་ན་འདོད། ཁྱེད་མགུ་བའི་ལེགས་སྐྱེས་གསོན་པོ་ཞིག་ཀྱང་སྟོན་ན་འདོད། གང་ལྟར། རྒྱང་རིང་རྒྱང་རིང་ནས་བདག་ལ་གཟིགས་རོགས།


发布     👍 0 举报 写留言 🖊   
✋热门推荐
  • 有时候真的不知道,什么是对什么是错。 领导的话都是对的么,他们放屁都香么,有棱有角就是太个性到没素质,磨平棱角就是高素质。指挥动脑辛苦,上千号人摆阵快跑就不累了
  • #陈奕迅[超话]# 《最佳损友》至今是我心中的第一位。深夜会想到高中时期无话不谈的好友因为去了不同的学校,不同的城市而逐渐失去联系。“为何旧知己在最后,变不到老
  • #多的进厂日记# Day196. 连续三年的国庆值班啦,明天就休假嘞!开心[舔屏] 拿了个的兔耳朵,炒鸡可爱! 捞了个唇泥,挺好挺好✓ 国庆值班=摸鱼 光明正
  • 曾经拥有的不要忘记,属于自己的不要放弃,辛劳得来的更要珍惜,已经失去的当作回忆,愿你未来一切都能顺顺利利。元旦快乐!  说平安,道平安,元旦里祝平安,快快乐乐过
  • 有时候真的不知道,什么是对什么是错。 领导的话都是对的么,他们放屁都香么,有棱有角就是太个性到没素质,磨平棱角就是高素质。指挥动脑辛苦,上千号人摆阵快跑就不累了
  • #盐城爆料# 市民吐槽:澳鼎生活健康馆专骗老人 。几个月前家附近开了一个健康馆,采取讲课,发小东西的方法,免费体验产品。让很多老年人深陷其中,不能自拔。花费很多
  • 사업에서..오늘은 나에게도 특별한 하루야. 나를 믿어주신 어느 고객님이 정말 감사해.. 그녀 덕분에..음..그녀의 소개로.. 나는 오늘 두 명의
  • #给我的毛小孩# 想念熊猫的第8天 这两年 选择什么样的工作 租什么样的房子 选择的第一原因是因为你 房子的选择:一层,离电梯最近,最主要是有一个独属我们的小院
  • #肖战1005生日快乐# 肖战先生~生日快乐!!这是我们遇见后的第三个生日啦㊗️你在新的一岁,顺顺利利 健健康康 永远快乐 不止生日希望在未来的日子里我的肖战先
  • #高速公路畅通行动# #880高速路况# 2021年8月30日星期一 16:00 持续更新中.... 【山西省高速公路路况信息】 事故: ★S65安阳高速阳
  • #神仙live姜昇润#  #姜昇润0329PAGE# 【小蓝鸟】210408 yginnercircle更新#姜昇润[超话]#相关: #HELLOINNERC
  • 帮大家避坑,如果有做shopee本地店铺的,特别是马来西亚本土店铺查的很严。我自己亲身实验,这个月开了新店铺卖相同产品新店铺马上被挂掉。聊天记录有关于F02后如
  • 古迹地标——德洛斯比诺斯的千年龙血树[心][微风] 名扬内外的德洛斯比诺斯的千年龙血树是特内里费岛北部的主要景点之一。加那利龙血树,或者简单地称它为“龙血树”它
  • 此刻是走在通往校园西门的路上 记录此刻心情 走在路上,虽背上的书包和手里提的电脑很重,但内心却无比轻松 经历了刚开始的社恐以及不适应之后,随之而来的是内心对未来
  • 10月2日,从家里坐车到城里,和虎子一起去隅子口的万达里买了红包,随了份子。吃席的时候,和高中同学一起坐了一桌,有虎子,杯子,条子,大个,猛子,赵彬,大姐,庞栾
  • 《昆仑劫 鲛人泪》2020年12月7日开拍并招募演员(详细组讯如图) 题材类型:玄幻、武侠、剧情 出品人:彭广平 出品公司:东莞市十六太保影视传媒有限公司 制作
  • #吉林发布# 【“大道纵横——东北传统(陆上)交通工具展”云上开展】9月15日,吉林省博物院推出云展览“大道纵横──东北传统(陆上)交通工具展”。 展览通过打牲
  • 断奶第三天,感觉弟弟已经完全忘记了 只是我涨的实在不舒服啊 早上五点多就带弟弟起来了,后来我去补觉 今天中午婆婆给煲了麦芽山楂水 还喝了b6,女人的苦为啥那么多
  • #新乡身边事# 【“育儿假”新动向:#河南长垣拟规定孩子3岁前父母每年各休30天#】针对网民关于三孩优惠政策的咨询,河南省长垣市政府26日答复称,一对夫妻(含再
  • #阳光信用[超话]##每日一善# [兔子]#阳光信用# 感悟人生,就是感悟自己。要想读懂人生,就得先读懂自己。受挫一次,对成功的内涵则透彻一遍;失误一次,对生