ནམ་ང་ཚོས་རང་ཉིད་ལ་ལྷག་ཏུ་བརྩེ་བའི་སྐབས་སུ།
དལ་བ་དལ་བུར་གཞན་ལ་ཇི་ལྟར་བརྩེ་དགོས་པའང་བརྗེད་འགྲོ།
ནམ་ང་ཚོས་དངོས་པོའི་ལོངས་སྤྱོད་ལ་མཆོག་ཏུ་འཛིན་པའི་དུས་སུ།
གོ་ཚོར་མེད་པར་ནང་སེམས་ཀྱི་བདེ་སྐྱིད་ཤོར་སྲིད།
ནམ་ང་ཚོས་སྒོར་མོ་ལ་མཆོག་ཏུ་ལྟ་བའི་དུས་སུ།
གྲོགས་པོ་དང་ཀུན་སྤྱོད་རྒྱང་ནས་རྒྱང་དུ་ཡལ་ཟིན།
ཐོབ་པ་དང་ཤོར་བ་ནི། ཁྱོད་ཀྱིས་གདམས་གསེས་ལ་ཐུག
当我们太看重爱自己的时候,
就会渐渐地忘记如何爱他人;
当我们太看重物质享受的时候,
就会无意中失去精神的幸福;
当我们太看重金钱的时候,
朋友与品德就会远远地

བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུ།

བཅུ་གཅིག
དགེ་བཤེས་དགོན་པ་བའི་ཞལ་ནས། ཐམས་ཅད་མཁྱེན་པའི་རྩ་བ་ཚོགས་གཉིས་ལ་ཐུག །ཚོགས་གཉིས་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ལ་ཐུག །དེ་ཐམས་ཅད་ཀྱི་བསླབ་བྱའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐུག །     

 དེ་ཡང་སྦྱིན་པའི་རྩ་བ་འཛིན་ཆགས་མེད་པ་ལ་ཐུག །ཚུལ་ཁྲིམས་ཀྱི་རྩ་བ་གྲོགས་བཟང་བསྟེན་པ་ལ་ཐུག །བཟོད་པའི་རྩ་བ་དམན་ཆ་འཛིན་པ་ལ་ཐུག །བརྩོན་འགྲུས་ཀྱི་རྩ་བ་འཆི་བ་བསྒོམ་པ་ལ་ཐུག །བསམ་གཏན་གྱི་རྩ་བ་དབེན་པ་བསྟེན་པ་ལ་ཐུག །ཤེས་རབ་ཀྱི་རྩ་བ་རང་སེམས་ལ་ལྟ་བ་ལ་ཐུག །བྱིན་རླབས་ཀྱི་རྩ་བ་རང་གི་མོས་གུས་ལ་ཐུག །དངོས་གྲུབ་ཀྱི་རྩ་བ་སྡོམ་པ་དང་དམ་ཚིག་ལ་ཐུག །ཡོན་ཏན་གྱི་རྩ་བ་ཐོས་བསམ་སྒོམ་གསུམ་ལ་ཐུག །གཞན་དོན་གྱི་རྩ་བ་རང་འདོད་མེད་པ་ལ་ཐུག །རང་དང་གཞན་དོན་གཉིས་ཀའི་རྩ་བ་སྒོམ་སྒྲུབ་ལ་ཐུག་གསུང་།


ཡེར་བའི་ཞང་བཙུན་གྱི་དྲིས་ལན།
ཡེར་བའི་ཞང་བཙུན་གྱི་ཞལ་ནས། འོ་སྐོལ་སྙིང་ཐག་པ་ནས་ཐར་བ་དོན་དུ་གཉེར་ན། དུས་རྒྱུན་དུ་འཆི་བ་མི་རྟག་པ་ཡིད་ལ་བསམ་པ་དང་མ་བྲལ་བས། བསམ་སྤྱོད་འཕགས་པའི་རིགས་བཞི་ལ་གནས་པར་བྱེད་དགོས་གསུང་། འཕགས་པའི་རིགས་བཞི་ནི། ཆོས་གོས་ངན་ངོན་ཙམ་གྱིས་ཆོག་པ་དང་། བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་པ་དང་། མལ་ཆ་ངན་ངོན་ཙམ་གྱིས་ཆོག་པ་དང་། ན་བའི་གསོས་སྨ་ལ་སོགས་པའི་ཡོ་བྱད་ངན་ངོན་ཙམ་གྱིས་ཆོག་པ་ཅིག་ཡིན། ཡང་ན་འདོད་པ་ཆུང་བ། ཆོག་ཤེས་པ། གསོ་སླ་བ། དགང་སླ་བ་བཞི་ཡིན། འདོད་པ་ཆུང་བ་ནི། འཚོ་བའི་ཡོ་བྱེད་ཀྱི་དངོས་པོ་བཟང་བོ་དང་མང་བོའི་ཞེ་འདོད་མེད་ཅིང་། བདོག་པའི་དངོས་པོ་ཐམས་ཅད་སྤངས་པ་ཡིན། ཆོག་ཤེས་པ་ནི་དངོས་པོ་ཆུང་ངུ་ཉུང་ངུ་ངན་ངོན་གྱིས་ཆོག་ཤེས་པ་ཡིན། གསོ་སླ་བ་ནི། ཆོས་གོས་དང་། མལ་ཆ་དང་། ཁ་ཟས་ངན་ངོན་ཆང་ཆུང་ཙམ་གྱིས་འཚོ་བ་ཡིན། དགང་སླ་བ་ནི། བསོད་སྙོམས་དང་རྙེད་པ་དང་བཀུར་སྟི་ངན་ངོན་ཆང་ཆུང་གིས་བློ་ཁེངས་པ་ཡིན།

དེ་ལྟར་འཕགས་པའི་རིགས་བཞི་ལ་གནས་པའི་གང་ཟག་དེའི་རྒྱུད་ལ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་གནས་པས་དེའི་ཕྱིར་འཕགས་པའི་རིགས་བཞི་ལ་གནས་པ་ཞེས་བྱ། ཚེ་འདིའི་འདོད་པས་ཀུན་ནས་བླངས་ནས། འཕགས་པའི་རིགས་བཞི་ལ་མི་གནས་པ་དེའི་རྒྱུད་ལ་ནི། འཁོར་བ་ངན་སོང་གི་རྒྱུ་སྡིག་པ་མི་དགེ་བ་ཐམས་ཅད་གནས་པས། བདུད་ཀྱི་རིགས་ལ་གནས་པ་ཞེས་བྱའོ། །དེས་ན་འོ་སྐོལ་གྱིས་ཚེ་འདི་ལ་འོད་པ་མ་སྤངས་ན། ཚེ་རབས་གཞན་དུ་ཡང་འདོད་པའི་དབང་དུ་འགྲོ་བས་ཚེ་འདིའི་འདོད་པ་ཐམས་ཅད་སྤངས་ལ་འཕགས་པའི་རིགས་བཞི་ལ་གནས་པར་བྱེད་དགོས། ཚེ་འདིའི་འདོད་པ་སྤོང་བ་ལ་གཉེན་པོ་དུས་རྒྱུན་དུ་མི་རྟག་པ་བསྒོམ་པ་གལ་ཆེ། མི་རྟག་པ་སྔ་དྲོ་ཅིག་མ་བསྒོམས་ཀྱང་ཉི་མ་ཕྱེད་ན་ཚེ་འདི་བར་ཆ་གསུང་།

 མུ་འགོད།  https://t.cn/z8Ac3wc

ཁྲ་ཆུང་མིག་གི་སྟོན་མོར་དེང་འདིར་ཤར་བའི། །དབྱར་ཟླ་མགོ་མའི་ནང་གི་མེ་ཏོག་གློ་ཁ། །མི་ཚེ་ཆོས་ལ་སྐུལ་བའི་དྲིན་ལྡན་བླ་མར། །བཀའ་དྲིན་གཟོ་བའི་ཕྱིར་དུ་མཆོད་པར་བགྱི་འོ།།[合十][玫瑰]


发布     👍 0 举报 写留言 🖊   
✋热门推荐
  • 北辰店今天全新登场六款#夏日の冰# 小西瓜の夏天/黑糖珍珠奶茶冰/宇治の抹茶和白玉/芒果白玉冰霜/奥利奥可可冰/榴莲往返[好爱哦]纯手工,无添加,无糖精,无色素
  • 第一次在湛江看演唱会,不用转地铁不用订酒店,看完回家吹空调喝冰冻雪碧爽歪歪~ 回到家看朋友圈才发现好多小学中学大学同学都来看“杨青蛙”了,可惜运气不够好,没能见
  • 噗通噗通!
  • 昨天,原计划在民族集市吃完烤肉烤包子,顺着去世纪公园看看荷花,然后再继续晚餐的生日宴,都在同一区域。 未料,在去世纪公园的路上,居然出了太阳,虽然不是明晃晃的,
  • 《网球王子》系列原作连载20周年纪念,niconico官方频道开设,7月27日将配信WEB特番“网球王子20th纪念人气投票结果发表SP”,声优小野坂昌也(桃城
  • #你不知道的内蒙古# 【我叫乌审,带你领略最美风景线~】 乌审旗被誉为“中国马头琴文化之都”、“中国苏力德文化之乡”、“中国蒙古族敖包文化之乡”、“中国鄂尔多斯
  • “女儿,为什么我不让你嫁给穷小子?”爸爸的话,太扎心了 女儿,我前几天去找你,你带了男朋友到我跟前,说:“爸,我想嫁给他。” 后来我告诉你,我不同意,原因是穷
  • 我不断地安慰着她,告诉她一切都会好起来的,我知道在那一刻任何语言都会显得苍白无力,面对婉秋姐坚强的突然崩塌,除了笑着安慰,我自己在心里也成了个手无缚鸡之力的绝望
  • 一周来,下班回家就洗澡睡觉,困得连电视也提不起兴趣。决定回来的那一小段时间 憋得喘不过气来懊恼 愤怒 后悔 愧疚 更多的还是愧疚...我知道一定都会好起来的 一
  • 不是的,是你氪金得不到应有的权益。玩过游戏的都知道自己的号对于自己来说有什么特别的意义[泪]气哭了!
  • #绿植领养# 【第九届全国大学生绿植领养山西传媒学院站#绿动山传益起来# 第六位公益大使来咯[好喜欢]】不止播音表演有好看的小姐姐!接下来这位公益大使是来自摄影
  • 切记切记 家人们一定都要平平安安的#鞠婧祎[超话]# 【转发抽奖】【其实超话可以更好的】我觉得,超话其实可以更好的。#杨超越[超话]# 真的已经疯了,开始对我
  • from @namooactors - . Delight : For Us ✨ 투어의 대장정이 여러분 덕에 행복한 시간으로 마무리 되었습니다! En
  • #道家日课[超话]#每日宜忌 2019年4月17号 星期三日运: 今日动土安葬大吉。宜开业动工、进行房屋装修,可房产买卖交易、会比较顺利交接。 可外出求财拓展业
  • 内个,其实,我就看看,我根本没吃~我爸说的。刚烀出来的羊肝,手撕一下,味道更棒,还有营养。
  • #姚琛[超话]#yc#姚琛Cookies# 昨天终于又努力把xcg送上去了 现在与第一之间只差0.1了 ckjj我们要继续加油 不能再让xcg坐过山车了 后面
  • 影片卡司阵容简直逆天,约翰·C·赖利和杰昆·菲尼克斯饰演受雇于人的杀手兄弟,更有杰克·吉伦哈尔、里兹·阿迈德实力助阵!河濑直美几乎是与欧迪亚同时被戛纳捧出来的电
  • 主啊,感谢你的恩典,我们从你那得着的一切,也愿意分享给别人,愿你的话语继续浇灌在我们身上,使我们生活有信心也有见证。求你可怜饶恕我们的罪恶,是你从这茫茫的人海中
  • 然后考研党在618还买了好多书,就不值得分享啦[泪][泪]#618晒单分享#每次下了回家的高铁 脸上的笑容就控制不住了 昨天回到泾县的第一件事就是去新世界大扫购
  • #张艺兴[超话]##张艺兴上海演唱会# 小时候最爱抬头看天上那颗最亮的星星 现在天上那颗星星不见了 我的生活中出现了比天上那颗还要闪亮的⭐ ⭐你的出现也让我有