དོགས་སེལ་སེམས་ཀྱི་སྒྲོན་མེ། ཞེས་པའི་ལེགས་རྩོམ་འདི་ལ་ཟླ་བ་འགའི་སྔོན་ཞིག་ནས་མགོ་བཟུང་སྟེ་ད་བར་དུ་ཚར་ཕྱེད་དང་གཉིས་ཙམ་ཞིབ་ཚགས་ཀྱིས་བཀླགས་པ་ཡིན། དེ་ཡང་འདིའི་ནང་གི་ཚན་རིག་གི་བརྡ་ཆད་མང་པོ་ཞིག་ཧ་ཅང་ཚད་མཐོའི་རང་བཞིན་དང་། བླ་མ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་སྔོན་གསུངས་ཚན་རིག་གི་གནད་རྩ་མང་པོ་ཞིག་ཀྱང་འདིར་བསྟན་འདུག་པ་དང་། བརྗོད་བྱ་རྗོད་བྱེད་གང་ཐད་ནས་ཀྱང་གནང་དེང་གཉིས་ཆར་ལ་མཁས་པའི་ཡང་རྩེར་སོན་པ་ཞིག་གིས་བྲིས་པར་གོར་མ་ཆག་གོ །དེས་ན་དེང་སང་གངས་ཅན་འདིར་འདི་ལྟ་བུ་ལེགས་རྩོམ་རེ་འབྲི་ཐུབ་མཁན་ནི་བླ་མ་ཁོང་དང་ཁོང་ལྟ་བུ་རེ་ཟུང་མ་གཏོགས་མང་པོ་ཨེ་ཡོད་ན་སྙམ།

དེ་བས་ལེགས་རྩོམ་འདི་བླ་མ་ཁོང་གི་གསུང་ཡིན་མིན་མ་ངེས་མོད། གལ་སྲིད་ཡིནའང་འདི་ལ་མཚན་དངོས་སུ་མི་སྦྱོར་བ་ལ་དགོས་པ་ཡོད་ཚུལ་གསུངས་པ་ཞིག་གཞན་གྱི་ངག་ནས་ཐོས།
དེ་ནི་དངོས་གནས་དགོས་དབང་ཁྱད་པར་ཅན་ཞིག་གིས་ཡིན་པ་འདྲ་སྟེ། རྒྱུ་མཚན།
གཅིག
འདིའི་སྔ་རྒོལ་དུ་གྱུར་པ་གང་དེས་དངོས་གཙོ་ཚན་རིག་པའི་བཤད་ཡམ་འགའ་རེ་བཤུ་འབྲི་བྱས་ཏེ་འཕྲིན་ཚོམས་སུ་སྤེལ་ཞིང་། བླ་རུང་གི་མཁན་པོ་ག་གེ་མོ་ཞིག་གི་དྲི་བ་ལ་ལན་བཏབ་ཞོར་དུ། “ཁྱོད་རང་གསེར་རྟ་ནས་ཡིན་ཙང་དེར་རིགས་ལམ་མེད་མེད་ཚུལ།” “ཁྱོད་རང་གིས་བསྡུས་གྲྭའི་རིགས་ལམ་སྦྱང་བ་མེད་པའི་གནད་ཀྱིས་ཧ་མ་གོ་བ་ཡིན་ས་རེད་དང་།” ཁྱེད་རང་གིས་རྣམ་འགྲེལ་ལེའུ་གཉིས་པར་ལྟ་ཀློག་མྱོང་ཡོད་ས་མ་རེད་”ཅེས་སོགས་ཚིག་ངན་མང་དུ་སྨྲས་པ་ལ་བླ་མ་ཁོང་གི་མཚན་དངོས་ཀྱི་སྟེང་ནས་རྩོམ་འདི་སྤེལ་ན་བཤད་པ་ལ་དགའ་བའི་མི་བུ་ཚོས་ཕྱོགས་ཞེན་གྱི་གྲས་ལ་མི་འཕེན་པའི་ངེས་པ་མེད་པས་དང་།
གཉིས།
བླ་མས་གསུངས་པ་དང་བྲིས་པ་ཚང་མ་གང་ཟག་སྒེར་ལ་ཆེད་གཏད་བྲིས་པ་ཧ་ཅང་དཀོན་མོད། ཐེངས་འདིར་ཚན་རིག་པའི་བཤད་སྒྲོས་དེ་དག་ལ་ལན་ཞིག་མ་བྲིས་ན་གཞོན་སྐྱེས་མང་པོ་ཞིག་གིས་གཡམ་རྒྱུག་བྱེད་སྲིད་པ་དང་། བྲིས་ན་སྔ་རྒོལ་གང་དེ་རང་དགར་གཟུ་ལུམ་དུ་སྨྲ་བ་ཞིག་ལས་ཆོས་དང་ཚན་རིག་གཉིས་ཆར་ལ་ཚད་ལྡན་གྱིས་མཁས་པ་དང་བློ་གཟུ་བོར་གནས་པའི་སྐྱེས་བུ་ཞིག་མིན་པས་མཁན་པོའི་རང་མིང་སྨྲོས་པ་ལ་དགོས་པ་ཆུང་བ་དང་།

གསུམ།
སྔ་རྒོལ་གྱི་དམིགས་ཡུལ་དེ་ཡང་གཅིག་བྱས་ན་རང་གི་གྲགས་པ་འཕེལ་ཆེད་དུ་ཅོ་འདྲི་བ་ཡིན་སྲིད་པ་དང་། དེ་ལྟར་ན་མཁན་པོའི་རང་མིང་སྨྲོས་ཏེ་སྤེལ་ན་ཞི་བ་འཚོའི་སྔ་རྒོལ་གཟེགས་ཟན་པ་ཀ་ནད་ཊ་ལྟ་བུ་རེད། ཇི་སྲིད་དུ་ཞི་འཚོའི་ལོ་རྒྱུས་འཇིག་རྟེན་འདིར་མཇུག་མ་བསྡུས་པ་དེ་སྲིད་དུ་གཟེགས་ཟན་པ་ཀ་ནད་ཊའི་ལོ་རྒྱུས་ཀྱང་དེ་ལྟར་ལྷག་གི་རེད།

དེས་ན་མཁས་པའི་དགོངས་སྤྱོད་ནམ་མཁའ་ལྟ་བུ་ཡིན་པ་དང་། ཁོང་གི་གསུང་ཚིག་གཅིག་ལའང་གནད་ཆེན་པོ་རེ་ཡོད་པས་ཁོང་གིས་མཚན་དངོས་སུ་མ་སྨོས་ན་ཁྱེད་ཅག་སྤྱི་སྟེགས་གཙོ་གཉེར་བ་དག་གིས་ཀྱང་བཙན་སྦྱོར་གྱིས་ཁོང་གི་མཚན་ཁྱེར་ཡོང་ནས་འདིར་དངོས་སུ་མི་སྦྱོར་བུ་ཞུའོ།།
ཁྱེད་ཅག་ལ་མཁན་ཆེན་ཁོང་ལས་ལྷག་པའི་གཟིགས་རྒྱང་རིང་བོ་ཞིག་ཨེ་ཡོད་ན། ཁོང་གིས་རང་གི་མཚན་འབྲི་མ་ཤེས་པ་མ་རེད་དགོས་དབང་གིས་མ་བྲིས་པ་རེད་དོ།།☕️

ཆོས་ལུགས་དང་སྒོམ་གྱི་ཉམས་ལེན་མེད་ན་ང་ཚོ་འཚོ་སྡོད་བྱེད་ཐུབ་མོད།
འོན་ཀྱང་། འགྲོ་བ་མིའི་བྱམས་བརྩེ་མེད་ན་ང་ཚོ་གསོན་ཐབས་བྲལ།

ཨ་ཕའི་ཞལ་ནས།

༄༅།།ལྷ་མོ་འོད་ཟེར་ཅན་མའི་སྒྲུབ་ཐབས་བཞུགས་སོ།།

【 光 明 佛 母 修 持 仪 轨 】

༄༅།།གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་།།

康剋灿赞增禁禅呗降    孰之名号仅持或忆念

འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་བྱེད་ཅིང་།།

吉巴衮勒柔渡玖切禁    即从一切怖畏作救护

དྲི་མེད་བདེ་ཆེན་ཉེ་བར་མཆོག་སྩོལ་མ།།

赤米叠钦尼哇丘最玛    且复赐予无垢大安乐

ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ།།

拉姆奥赛见啦香擦啰    摩利支天女前恭敬礼

ཨོཾ་མཱ་རི་ཙྱེེ་མཾ་སྭཱ་ཧཱ།

嗡  玛日以  即亚以  芒  丝瓦哈

ཞེས་ཅི་ནུས་བཟླའོ།如 是 尽 力 持 诵

རྒྱལ་ཀུན་ཕྲིན་ལས་ལྷ་མོའི་སྐུ་ཤར་མ།།

给衮赤勒拉姆咕夏玛    一切胜者事业天女身

བཅོམ་ལྡན་འོད་ཟེར་ཅན་མའི་ནུས་མཐུ་ཡིས།།

炯颠奥赛见美钕突耶    现者世尊摩利支威力

མི་ཁ་བྲ་མཆུ་འཐབ་རྩོད་འཁྲུག་ལོང་བཟློག།

米咔查邱透最除龙朵    回遮流言口舌诤战乱

ནད་ཡམས་དལ་ཡམས་དགྲ་ཇག་ཆོམ་རྐུན་བཟློག།

內央贴央咋洽琼衮朵    回遮瘟疫慢疫敌盗贼

མདོར་ན་མི་མཐུན་རྐྱེན་ངན་བར་ཆད་བཟློག།

脱呐米吞给俺帕切朵    总之回遮违恶缘中断

འདོད་པའི་དོན་ཀུན་འགྲུབ་པའི་འཕྲིན་ལས་མཛོད།།

堆呗脱衮珠呗赤列最    成办欲求悉成之事业

ཁེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།།

剋拉对禁随哇都貝推    祈由称赞启请于尊力

བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར།།

達梭康突內貝薩邱素    我等任住何处于彼方

ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།།

內倘吾朋透最息哇倘    疾病贫穷斗诤皆息灭

ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།།

卻倘札希佩哇則度梭    法与吉祥悉令得增长

译跋:妙音胜慧(Sherab Chen)恭敬由藏译汉,美国俄亥俄州希利亚德市,2016年11月23日(藏历九月廿五日)。翻译中疑难之处就教与赛仓仁波切和哈尔哇仁波切而作抉择。译文亦得到安多普华杰先生审读。特此致谢!


发布     👍 0 举报 写留言 🖊   
✋热门推荐
  • 近期打算要入手荣耀MagicVs2手机的友友要注意了,把自己家人用这款手机刚刚一个月的经历让各位了解哈,在此并没有黑品牌的意思,直是把自己使用时遇到的情况如实反
  • 水兵摄影-声屏人物 887 冯晓泉2005 6 25 郭杜教育科技产业开发区10周年庆典晚会冯晓泉(1968年4月12日-)出生于黑龙江省哈尔滨市,满族,中国
  • ”2⃣️4⃣️杨本芬《豆子芝麻茶》从她的书中能了解她的一生,她母亲的一生,很像有个奶奶在我旁边讲她的故事一样,这本书是记录了她身边人的故事,一如她的写作风格,平
  • 乃木坂46・一ノ瀬美空「外に出て初めてその日のお天気を知るのがお決まりなんです」可愛すぎる雨の日エピソードをお届け♡2024.5.241962 views一ノ瀬
  • 我不是说篮球场上的失误,我是说人生,每次我们陷入纠结要不要做这件事,有没有意义时,库里向我们提出建议,我们尝试后永远是对的,所以我没必要看太远了,有机会在库里身
  • 38、不想听大道理 只想吃小蛋糕39、我今天已经20岁了 想要20个对象不过分吧 多了不要 聊不过来40、承蒙时光不弃 感谢一切给予41、与这世界交手的第十八年
  • 某某上卡西欧是真的么金有的人觉得俗气,而有的人却认为是尊贵的象征,小编在见到这款小金表之前比较支持前者,之后则华丽丽的且没骨气的转变成了后者,不得不说,小编被这
  • 当你离腕表越近就越会被它的魅力所吸引,慢慢的你大部分业余时间都放在了有关钟表的研究上,阅读有关钟表的故事、品牌的历史、腕表的变迁,泡在各个钟表论坛中欣赏别的人作
  • 郭文斌解读《弟子规》小学二年级女儿段蘅芳读物#中宏凯创段旭初读书会# 弟子规是生命说明书 在弟子规中找到人生最低成本的获得感、幸福感、安全感,让阳光、温暖,诗
  • 果然又是你!soso的颜配上张福正的声音对我这只声控颜狗来说真是最大杀器[彩虹屁][彩虹屁][彩虹屁][彩虹屁]这特喵谁顶得住呀我的心瞬间就歪向扁络桓了我是救赎
  • ”  陆晚晴也没再多说,抱起儿子,跟着戚星皓上了车。  眼前的陆晚晴,和戚星皓珍藏了一辈子的照片,完全重合。
  •   在此情境下,东鹏饮料觉察到了大瓶装的市场潜力,率先推出了500ml的瓶装设计,容量比红牛贵一倍,价格还比红牛少一元。  今年初,东鹏饮料推出的电解质水品牌“
  • 她科学课就给了四天时间,让大家选一个body of water, 研究那里的biome,然后做一个brochure ,是给观光客看的那种资料型小册子。两人真是难
  • 新的一年全新出发,一起期待TEN的SOLO出击吧在首张个人迷你专辑发行之后,将于2月17日在韩国首尔广津区Yes24 Live Hall举行“2024 TEN
  • 人家贾队长和钱必达最多也就敢在「身份认同」这个概念上玩一玩“屁股灵活”的把戏骗人;御堂英之助就完全是另一个级别了,御堂英之助是在「物种」这个概念上玩“屁股灵活”
  • *了解更多详情及购买请登陆北京环球度假区官方APP、北京环球度假区官方微信小程序、美团平台查看哦~#环球心爱月##大片世界 爱意满满##北京环球度假区##北京环
  • 1. “道听途说,你怎么不直接问我”2. “因为生活并不是小说 实话来说 缺了谁都行”13. “你见爱情放过谁 又见谁全身而退”4. “或许是我们都太年轻草率
  • 可惜,马斯克到中国后,虽然阵仗很大,一路被记者追逐,报道铺天盖地,但实际内容是比较少的,没有大合同、新合作,报道多用的是“传递信号”“投下信心票”等务虚的说法。
  • Thaisa对记者说,这是一个差异化的锦标赛,世界上所有的球队和运动员都在为它准备四年。也是遗憾,也立个约定,下次要和未来的男朋友或者老公再去一次澳门旅行感悟[
  • 先来谈主角,是一个没有多少波澜起伏的故事,一个在最懵懂的时代遇上了一个霁月风光的人,一个敢爱,一个会爱,自然而然也就在一起了。他们最后都迈出了那最勇敢的一步,也