མདུན་རྒྱབ།

རེ་དོགས་བྲལ་བ་བྱིས་དུས་ཀྱི་ནམ་ཟླ།
སྨུག་སྤྲིན་ཀློང་དུ་རྒྱབ་རི་ཡི་ཚོད་རེད།
མདུན་ཕྱོགས་ལྡང་བ་ལས་དབང་གི་རླུང་བུས།
དྲན་པའི་རྒྱབ་རི་གཡས་སྐོར་དང་གཡོན་སྐོར།

ལྷ་ཀླུས་བདག་གིར་བཟུང་བ་ཡི་རྒྱབ་རི།
ཉམ་ཆུང་བྱིས་དུས་རྨི་ལམ་གྱི་མེ་ཏོག
དྲི་བཟང་ལྷ་བསང་མཆོད་འབུལ་གྱི་ཁྲོད་ནས།
མདུན་དུ་མི་མངོན་གཟུགས་མེད་ཀྱི་ཟླ་རེད།

བརྩེ་བའི་མཚོ་མོ་རང་འཁྱིལ་དུ་ཆགས་ཀྱང་།
དུང་བའི་ཉ་མོ་གནས་མེད་དུ་འཁྱམ་ལྟར།
དྲན་པའི་རྒྱབ་རི་སྲ་བརྟན་དུ་གནས་ཀྱང་།
བཞད་པའི་མེ་ཏོག་ནམ་དུས་ནི་ཡོལ་ཟིན།

དུས་ཀྱི་བདག་མོའི་གོམ་སྟབས་རང་མྱུར་བས།
དྲན་པའི་རི་མོ་ནག་ནོག་ཏུ་གྱུར་སོང་།
མདུན་གྱི་ལམ་བུ་ཀྱག་ཀྱོག་དང་ལྡན་པས།
ཡིད་ཀྱི་བུ་ཆུང་འོ་རྒྱལ་ནི་ཆེ་སོང་།

རེ་དོགས་མེད་པའི་བྱིས་དུས་རེ་བསམ་ཚེ།
མི་ཡུལ་ཞེས་པར་བདེ་སྐྱིད་ནི་ཡོད་འདྲ།
རྟོག་འཆར་མང་བའི་ད་ཆ་འདི་མངོན་དུས།
གནས་ལུགས་ཞེས་པར་བདེན་ཁ་རང་མི་འདུག

རྩ་ཐང་དང་མཚམས་སྤྲིན་གྱི་བར་ན་རྩི་ཤིང་གི་མགོ་ལྕོག་ལྡེན་ལྡེན་གཡོ་བཞིན།རླུང་སྒྲ་དང་འུང་ཟིང་ཇི་ལྟར་རྒོད་ཡང་།ངས་མིག་རྒྱང་རིང་རིང་ཤུལ་ནས་གུ་ཡངས་དང་བག་ཕེགས་ཀྱི་གནས་མར་འཚོ་ཐབས་བྱེད།[可乐]

དྲུག་གཅིག་བྱིས་པའི་དུས་ཆེན་འཛུམ་གྱིས་བསུ།

ཤེས་བྱའི་ཚང་ཚིང་བཞད་པའི་སྐྱེད་ཚལ་ན།།
གནའ་དེངས་མེ་ཏོག་ཟེའུ་འབྲུའི་བཅུད་ཀྱིས་ངལ།།
རྣམ་རིག་གཤོག་གླུ་འགུགས་པའི་བྷྲ་མ་རའི།།
ཤེས་རིག་སྦྲང་རྩིས་བཅུད་ལ་ཅི་དགར་རོལ།།

ན་ཆུང་བྱིས་བློ་དངུལ་དཀར་མེ་ལོང་ངོར།།
ཕྱི་རོལ་ཡུལ་གྱི་སྣང་བའི་རི་མོ་དེ།།
མ་འདྲེས་གསལ་བར་ཇི་བཞིན་འཆར་བ་ལ།།
རྟོག་ངན་བློ་ཡི་བཅོས་བསླད་དེ་ལ་མེད།།

བྱིས་བློ་དྭངས་གཙང་རྫ་ཆབ་སིལ་མ་ལ།།
ལྷུང་ལྷུང་སྙན་དགུའི་གླུ་དབྱངས་འགུགས་པ་ལས།།
རྟོག་འགྱུ་འབག་ལྷད་འདམ་གྱིས་གོས་པ་མེད།།
བྱམས་བརྩེའི་གཞུར་རྒྱུན་རིང་མོ་ཡིད་གར་འོང་།།

བྱིས་བློ་རབ་ཡངས་ལྷ་ཡི་རྫིང་རིང་ངོགས།།
བཅོས་མིན་མཛའ་བརྩེ་ཆུ་འཛིན་དཀར་པོ་ལས།།
འཛུམ་མདངས་སྦྲང་ཆར་སིལ་མ་འཐོར་བ་ཡིས།།
ལྷད་མེད་བརླན་གྱིས་ཀུན་ཀྱང་དགའ་བར་བྱེད།།

འཛམ་གླིང་ཞི་བདེ་ལོ་ལེགས་སྙེ་མའི་ཕོན།།
བདེ་སྐྱིད་འབྲུ་དྲུག་འབྲས་ཁུར་དུད་པ་ལ།།
སྐྱིན་ཐང་སློབ་གསོ་ངན་པས་མི་འཇིག་པར།།
ལྷད་མེད་ལྕུག་ཕྲན་གསར་པས་མཛེས་གྱུར་ཅིག །

༢༠༢༣

དགོང་མོར།


发布     👍 0 举报 写留言 🖊   
✋热门推荐
  • 最近一直在想微博要不要公开,还是只给你一个人看,因为这都是我想对你说的话,我一个人的心声和真实想法。 11月13日在我软磨硬泡之下终于见,最近痴迷于意大利裁缝
  • 若是天仓下陷的男人,那么就代表他们得不到贵人的帮助和提携,什么事都要靠自己去拼搏,又很容易跌倒,事业上的屡次失败,导致生活比较辛苦。唐人的问题不用多说,而且它现
  • #陈立农[超话]# [羞嗒嗒]#新咖驾到 香浓出道# [给你小心心]#陈立农的十八岁# 天青色等烟雨,而我在等你炊烟袅袅升起,隔江千万里你在我心里多重要阿,我一
  • 【存证】满嘴谎话,你不是首发,你就没有偷跑物料=你没错,你是被造谣?真是厚颜无耻!
  • 为了避免投资者陷入投资误区,格雷厄姆在他的著作及演说中不断地向投资者提出投资法则:一、投资法则1.做真正的投资者格雷厄姆认为,虽然投机行为在证券市场上有它一定的
  • 孟子看见满满一屋子人利欲冲天,只要有利益,个个都愿意献出生命,可天下之利、万世之利,就摆在他面前,他却看不见!”说别人不诚信的人,自己就是不诚信的人;说别人素质
  • 我的新食尚-办公室小零食办公室零食推荐 吃货首选牛肉干 品牌 金牛座的秘密 繁忙的工作中 寻找快乐 忙里偷闲的下午 拿出小零食 来解解乏充充饥吧 有藤
  • 但是……狗系统,你说的天命之人,他到底什么时候才来?小说《夫人总有掉不完的马甲》全文在线阅读当乡野丫头突然成了自己名义上的“嫂子”......当发现这个小嫂子还
  • #MOTD[超话]# excia 2021秋季新品眼影入了01和03粉紫色银河和杏仁曲奇配色新版5色中间多了一道华丽璀璨的闪片这个眼影自带淡脂粉香气很像同为al
  • 不太会!今天本来想写肉和虐!
  •   见对方现了身,我也不想在她面前示弱,我说:“现在只是将你的虫子吓跑,如果再拿这些来对待上门的客人,可就别怪我将你的虫子全给烧喽!”说完,他前脚就迈了进去……
  • OK结束,杏花是爹,果然还是太火了才会被盯,怎么没见其他CP粉被逼着晒单[可爱]#好多宇[超话]# #好多宇#我一直在思考,sfw为什么会说我们wpg,难道他
  • 今天工作量有点大,还好我的早餐足够实在今天写的最难过的是一个中下段直肠Ca,才四十多岁,可能以后就都要跟造瘘口一起过了风大太阳也超级好,晒晒补补钙兴许还能长高最
  • 十一点,助产士进来了,再一次内检,说还有一条边没有消完,一边让我试着用力,一边整只手伸进去“捞”除了这个字没有更贴切的了…过了大概十分钟,告诉我可以正式开始p
  • !!
  • ” 大概就是这样,在不爱你的人眼里,你的喜欢是种病。” 大概就是这样,在不爱你的人眼里,你的喜欢是种病。
  • —— 冯骥才朋友圈短句文案1、别丧,好坏都是成长。18、你是夏日限定美好。
  • !)原博如果已经带了话题 转发时不用重复再带,可选原博没有的带原博如果没带转发时需带上,麦子们也可以自行带话题发原创微博,增加话题热度,以及安利王一浩王一浩数据
  • 但人家其实本身是个艺术家,作品也有点东西的。这个巴味十足的女人啊,demna入主巴黎世家的第一场秀就请她走的开场,然后几乎每一季的秀和广告片都有她,差不多是当代
  • 首先,书评的作用和论文在某种情况下是一样的,加分评职样样不落,而且核心期刊的书评不限制作者单位,即使是职院的老师想发书评,那也是 so easy .好吧,做一道