བྱིས་སེམས་ཤོག་བུ་གཙང་མ་ལ།།
བཟང་ངན་རི་མོ་གང་བྲིས་ཆོག།
དེས་ན་ཁྱིམ་སློབ་བཟང་པོ་ཡིས།།
མི་ཚེའི་རྨང་གཞི་ལེགས་པོ་བསྐྲུན།།
ལོ་གཅིག་གཉིས་ཅན་གྱི་བྱིས་པ་ཆུང་ཆུང་དག་གི་སེམས་ཕལ་ཆེ་བ་དེ་ཤོག་བུ་གཙང་མ་ལྟ་བུ་ཞིག་ཡིན་པ་རེད། ཡིན་ཡང་བྱིས་པའི་ནང་ན་བྱིས་པ་དམིགས་བསལ་བའང་ཡོད་དེ། དཔེར་ན། སྐྱེ་བ་སྔ་མ་ཉམས་ལེན་དང་སྦྱོང་བ་སྔོན་དུ་སོང་ཡོད་པའི་བསོད་ནམས་དང་ཤེས་རབ་ཅན་གྱི་བྱང་ཆུབ་སེམས་དཔའི་རིགས་ཀྱང་ཡོད། དེ་ཁོ་རང་ལ་བག་ཆགས་བརྟན་པོ་ཡོད་པས་བཟང་ངན་གྱི་རི་མོ་གང་བྲིས་ཡིན་རྒྱུ་མ་རེད། དེ་བཞིན་སྐྱེ་བ་སྔ་མར་མི་དགེ་བ་ཆེན་པོ་བྱས་ཏེ། རྐུ་འཕྲོག་བཅོམ་གསུམ་སོགས་ལ་ཧ་ཅང་གོམས་ཡོད་པ་དག་ཀྱང་ཅུང་ཟད་དཀའ་མོ་ཡིན་རྒྱུ་རེད། འོན་ཀྱང་དེ་ལ་ཡང་ལས་རྒྱུ་ཡོད་པ་རེད།
དེ་མིན་པར་སྤྱིར་བཏང་གི་བྱིས་པ་ཆུང་ཆུང་ཚོའི་སེམས་ནི་ཤོག་བུ་གཙང་མ་ལྟ་བུ་ཞིག་ཡིན་པ་རེད། ཤོག་བུ་གཙང་མའི་ཐོག་ལ་རི་མོ་ཅི་ཞིག་བྲིས་ན་ཆོག་པ་བཞིན། བྱིས་པའི་སེམས་ཀྱང་བཟང་ངན་གང་ཞིག་ཏུ་བསྒྱུར་ནའང་སྒྱུར་ཆོག་པ་རེད། དེའི་ཕྱིར་བྱིས་པ་ཆུང་ཆུང་ཚོའི་སློབ་གསོ་དེ་ཤིན་ཏུ་གལ་ཆེན་པོ་རེད། ང་ཚོས་ལོ་དྲུག་བདུན་རེ་ལོན་དུས་གཟོད་སློབ་གྲྭར་སྐྱེལ་བ་ལས། དེའི་སྔུན་ན་སློབ་གསོ་ཞིག་དགོས་སྣང་ཡང་སྐྱེ་བ་མ་རེད། དེ་དངོས་གནས་ནོར་བ་རེད། མ་མཐའ་ཡང་ལོ་གཉིས་གསུམ་ལོན་དུས་ནས་ངེས་པར་དུ་ཁ་ཏ་སློབ་གསོའི་མགོ་འཛུགས་དགོས།
དེང་རབས་བསླབ་བྱའི་བཤད་འགྲེལ་ལས་ཁོལ་བྱུང་།

རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་འདུས་རང་གཟུགས་འཇམ་པའི་དབྱངས།།
མཁྱེན་པའི་ཤེས་རབ་འོད་ཟེར་རེས་མེད་ཕྱོགས་བཅུར་འཕྲོས་འགྱེད་དེ།།
འཇིག་རྟེན་བྱིས་པ་དག་གི་མ་རིག་མུན་པ་བསལ་གྱུར་ནས།།
ཤེས་བྱ་རིག་པའི་བློ་གྲོས་རྒྱས་ཤིང་རྨོངས་ལས་གྲོལ་གྱུར་ཅིག། #微博[超话]##六一儿童节#

ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་བཙོན་ནས་བླངས་པའི་མགུར།

ལུང་ཤར་རྡོ་རྗེ་ཚེ་རྒྱལ།
སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ།།
བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད།།
དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར།།
རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས།།
ཆུ་ཝུར་མིག་གཉིས་ས་ལ་དབྱུངས་ན་ཡང་།།
ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི།།
མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ།།
བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར།།
བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ཡང་།།
འཕགས་པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི།།
གཞན་གྱིས་བཙོན་ཁང་མུན་པ་གཏིང་རིང་ཟེར།།
རང་སྣང་འོད་གསལ་ཀློངས་ཡངས་ཕུག་པ་ནས།།
སྙོམས་ལས་འདུ་གསུམ་བཀའ་འབངས་ལུང་ཤར་བ།།
རྡོ་རྗེ་ཚེ་རྒྱལ་ཞེས་པས་ཕྱག་བཅས་ཕུལ།།———-


发布     👍 0 举报 写留言 🖊   
✋热门推荐
  • #广职 历史瞬间# 一座岛、两个人、三十二年坚守:守岛夫妻的家国情怀来源:中国妇女报开山岛王仕花又上岛了,上岛对别人而言,恐怕是一件再苦不过的差事,对王仕花
  • 10、鸡与属鸡相配的属相有:蛇、龙、牛,与属鸡不相配的属相有:狗、兔、鸡。10、鸡与属鸡相配的属相有:蛇、龙、牛,与属鸡不相配的属相有:狗、兔、鸡。
  •   未来三十年2022-2052(19)2050年开始,别墅将再次成为中国民居的主流2050年,全国的农民户籍人口数量将大大减少,大量的村合并,居民集中居住,释
  • 可能还做不到但会一直提醒自己。今天我顺利拿到签证啦我的生日小愿望就是:希望我爱的人和爱我的人都要幸幸福福的!
  • 值此之际,在“数字化转型 – 数据赋能”的主题下,我们诚挚邀请您于2021年9月22日–23日以线上方式,参加“2021西门子化工及玻璃行业客户日”活动 – 聚
  • 我们不用给考研赋予什么神圣意义它只是一件,目前阶段,你的奋斗目标一件喜欢的想努力做到的事情而不是给予我们沉重精神压力大的担子没考上我们的人生也不会就此完蛋考上了
  • 真正的修行高人,都很简单!有文章说内敛,会让你成为一个从容、大气的人。
  • 今日份快乐分享[嘻嘻][嘻嘻]:今天是八月十五,中秋节假期的最后一天,三天假期两天下雨,就今天天气晴朗,带着烁烁子出去玩耍[打call][打call]海洋馆里面
  • 她是一如既往的温暖人呐。”如今,菲唱给父辈:“而我将爱你所爱的人间,愿你所愿的笑颜。
  • viaE【CR929大飞机中机身“钱塘造” 浙江华瑞航空项目主体工程在钱塘开工】这几天,第十三届中国国际航空航天博览会(简称“中国航展”)成为热门话题,航展传来
  • 早在阿里巴巴新人入职的时候,马云就强调不能像其他公司一样,单纯给新人灌输美好的愿景,更要告诉他们关于公司的残酷事实。现在各大高校都在强调的“批判性思维”其实就是
  • 疫情期间还是去不了韩国现在只能靠 小全家 韩国代发公司直邮到国内化妆品 衣服鞋帽 奢侈品一个周左右就到手正规的跨境直邮海关监管  全程单号追踪  小全家把大部分
  • 感谢 up主的翻译!感谢 up主的翻译!
  • 刚才和好友因为感情促膝长谈聊着自己的前任讲到了小王她说我们不会彻底分开 因为我们之间还有爱意我真的很意外她会有这种想法 第一次见她这么肯定一个人 还让我别忘记
  • ​" ​还有P4这段话,看一次难受一次4.卧槽无语了,周三早上才上数据库,我们老师今天早上要测试腾讯会议,让我们加会议5.我昨天晚上脑补了一下,斯越喊
  • 真正的强者,不是没有眼泪,而是含着眼泪继续奔跑,不要让任何人偷走你的梦想,因为没有人会为你的人生买单。一个转身,两个世界,错的终究会错过,对的人与对的公车一样难
  • #晚分享#[月亮][鲜花][鲜花]#一句话告别夏天#,你会说什么? 出伏了。对许多地方来说,出了伏天,也就意味着炎热渐消,几天后的处暑,更意味着暑去凉来,秋意
  • 回去就跟他爸爸讲,又问怎么那么多多人都很喜欢他他爸爸又问他:「那你喜欢不喜欢他啊」小小孩想了一下说::「我没《大乘妙法莲华经》》讲记序品第第一206—22100
  • Have a ɴɪᴄᴇ ᴅᴀʏ From C’est la vie Cafe 小李的阿芙佳朵:小甜甜 我的手冲:舒服斯基 迪的雪吻:暖呼呼巴斯克永远好吃!细腻
  • #高校人才招聘# #博士后# #广州身边事# 清华大学与南方报业2021年联合招聘博士后学科需求:大数据开发与运用、经济学、管理学、国际关系、新闻学、传播学、金