#噶举祖庭一洛卓沃龙寺[超话]#
༈ རྗེ་མར་པའི་ཞལ་གསུང་བཀྲ་ཤིས།

བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས།།
ང་ཡི་རྒྱུད་པ་རིན་ཆེན་འདི་ཉིད་ལ།།
ཉེས་སྟུང་མེད་པའི་བཀྲ་ཤིས་ཡོད།།
བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག།
གདམས་ངག་ཟབ་མོའི་ཉེ་ལམ་ལ།།
ནོར་འཁྲུལ་མེད་པའི་བཀྲ་ཤིས་ཡོད།།
བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག།
ང་རང་མར་པ་ལོ་ཙཱ་ལ།།
ཟབ་མོ་གནད་ཀྱི་བཀྲ་ཤིས་ཡོད།།
བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག།
བླ་མ་ཡི་དམ་མཁའ་འགྲོ་ལ།།
བྱིན་རླབས་དངོས་གྲུབ་བཀྲ་ཤིས་ཡོད།།
བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག།
བུ་ཆེན་སློབ་མའི་འཁོར་ཚོགས་ལ།།
དད་པ་དམ་ཚིག་བཀྲ་ཤིས་ཡོད།།
བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག།
ཡོན་བདག་ཡུལ་མི་ཉེ་རང་ལ།།
མཐུན་རྐྱེན་ཚོགས་གསོག་བཀྲ་ཤིས་ཡོད།།
བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག།
ལས་དང་བྱ་བ་ཐམས་ཅད་ལ།།
འགྲོ་དོན་བྱང་ཆུབ་བཀྲ་ཤིས་ཡོད།།
བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག།
སྣང་ཞིང་སྲིད་པའི་ལྷ་འདྲེ་ལ།།
ཆད་མདོ་བཙན་པའི་བཀྲ་ཤིས་ཡོད།།
བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག།
འདིར་ཚོགས་ཁྲོམ་གྱི་ལྷ་མི་ལ།།
བདེ་སྐྱིད་སྨོན་ལམ་བཀྲ་ཤིས་ཡོད།།
བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག།
ཕ་རྒན་མར་པ་ལོ་ཙཱ་ལ།།
བདེན་ཚིག་འགྲུབ་པའི་བཀྲ་ཤིས་ཡོད།།
བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག།།

གཡུ་འབྲུག་འཁྱུག་འགྲོས་འདྲ་བའི་རི་ཞོལ་ན།།
རྩི་ཤིང་སྣ་མང་དཀྲུགས་པའི་ཕང་བ་ན།།
བྱ་བྱེའུ་སྐད་སྙན་ཁྱབ་པའི་དོ་ར་ན།།
ཤུགས་འབྱུང་དགའ་བདེ་འཁོར་བའི་གནས་མལ་ཞིག།
ངལ་གསོའི་ཡིད་ཀྱི་སྟེགས་བུར་ལྷམ་མེར་ཆགས།།
ཞེས་ངལ་གསོ་བའི་ཚིགས་སུ་བཅད་པའོ།།[嘻嘻]

࿑རྒྱལ་བ་དགེ་འདུན་གྲུབ་ཀྱི་ཞལ་སྔ་ལས། ས་ག་ཞེས་གྲགས་ཧོར་ཟླ་བཞི་བ་ཡི།་དཀར་བོའི་ཕྱོགས་ཀྱི་ཚེས་པ་བརྒྱད་ལ་ནི།།རབ་ཏུ་བྱུང་བའི་དུས་ཆེན་ཡོད་པར་ངེས།། ཞེས་གསུང་པ་ལྟར་དེ་རིང་སངས་རྒྱས་སྐུ་བལྟམས་པ་དང་རབ་ཏུ་བྱུང་བའི་དུས་ཆེན་ཁྱད་པར་ཅན་ཚེས་བརྒྱད་ལ་བསྙེན་རྫོགས་ཀྱི་སྡོམ་པ་མནོས་པའི་རང་དང་སྤུན་གྲོགས་ཚོ་གཙོས་འདུས་འཕགས་ཡོངས་ཀྱིས་ཚེ་ཆོས་མཐར་ཕྱིན་པའི་སྨོན་ལམ་འདེབས་པ་ལགས་སོ།


发布     👍 0 举报 写留言 🖊   
✋热门推荐
  • #以太坊[超话]#  大饼短周期来看,币价昨日上升后并未有明显的突破。    以太早间操作建议:2025-2045附近做空,目标看2100附近,防守2075。
  • 太平资产认为,偿二代二期关注资产风险实质,几乎所有资产的基础因子都出现了不同程度的上调,尤其跟房地产有关的投资性房地产、信托计划、资管产品等风险因子均有可能大幅
  • 如果不仔细看,真的很难发现它和iPhone X有什么区别,外观一模一样,就只升级了一个A12处理器和4G运存。问问各位,如果是扩容,你觉得这种老手机从6+64G
  • #滚圈海底捞# 出来面对Face to Festival主辦։ 一步之遥演艺时间։ 2022.5.21-22地址։ 台湾台北小巨蛋阵容։ 5.21前哨开战小舞台
  • 君(きみ)は仆(ぼく)の太阳(たいよう)ki mi wa bo ku no ta i yo u你就是我的太阳全(すべ)てを燃(も)やしたけれどsu be te
  • 心怀慈悲,人安心安:人世间,每个人都是左手烟火,右手人生,每个人的心里都有诗意和远方。你若心怀慈悲,无论你在哪里安居,哪里游走,都会是温暖的归客和过客。
  • 创亖主题曲考核应该是几届里放的最残缺的,就是这么残缺也能看到有人唱跳完就“累死了”、有人干脆唱不出口,有人自述提前练就能比别人好一点结果配合自夸给剪出来站桩唱
  • 以及新款有“走线问题”的姐妹,别和他们客气他们不值得,及时去找官博维权。#光遇陪玩[超话]##光遇陪玩[超话]#病院今天解散,来给你们细细看一眼病院怎么解散的,
  • C罗在社交媒体中中写道:“任何认识我的人都知道,我是多么专注于我的工作。” “媒体对我未来的轻率报道不仅是对我作为一个男人和一名球员的不尊重,而且是对所有涉及这
  •   唵:读(ǎn俺)或读(ōng嗡)汉语系佛教多读前者,藏语系佛教读后者。  唵:读(ǎn俺)或读(ōng嗡)汉语系佛教多读前者,藏语系佛教读后者。
  • 最高级的美,就是既要美要又要美得宛若天生在河南整形美容医院,很多求美者都是奔着聂丽丽来的。聂丽丽强调,要找一个审美好的医生,因为美容手术跟其它的手术不太一样,
  • 但她的家庭条件很一般,当母亲姜柔伊icon看到女儿这么有出息,又这么会赚钱,就狮子大开口让张韶涵每月给她10万生活费。现在的部分服务行业可真牛啊,去吃个自助餐遇
  • “石榴花开,乡约未来”由江苏省农业农村厅/江苏省文化和旅游厅/徐州市委、市人民政府主办,市农业农村局/市文化旅游局/贾汪区委、区人民政府承办,欢乐尚腾、美人巷传
  • 【#北疆好网民#[可爱]呼和浩特市天气预报】 美丽的早晨与平安相见, 今天是2022年3月14日.( 农历壬寅虎年二月十二)星期一,呼和浩特市今日天气.晴.☀️
  • #入山杏奈[超话]##AKB48[超话]##MOJi辞書# #MOJi每日一句# #死神BLEACH# 「……あぁ、人生が5回くらいあったらいいのにな。明日はそ
  • 风中的劲草你有你的尊严 不哀怜自己柔弱无助 顽强不屈 执着坚定凭借身轻做大地的舞者 让岁月妖娆、春意盎然 你有你的追求 不抱怨命途坎坷多舛 任凭狂风肆虐 及
  • 裸辞第18天~借某网友评论:突然想通了一件事,我们来到人间,有太多不公平与不确定,智商不由我们决定,成长环境也难以更改,阶层也几乎无法跨越,平凡可能一生无法摆脱
  • 昨天能在舞台上看到那么美好的风景真的多亏了饭的支持,这样的感谢之情总是没办法好好表达,所以用了「ありがとうじゃ足りない(谢谢这句话也远远不够)」(来自明日ハ晴レ
  • 」都开了 本想摘下几朵 最后还是没忍心提前结束它的花期️这次回家第一次吃「宫廷香酥牛肉饼」是记忆中熟悉的味道《世界尽头的咖啡馆》用了一个半小时看完,是最近看书最
  • 迷你生态园?[NO][NO][NO][NO][NO] 这是日本一家名叫【l'atelier à ma façon】甜品店出品的芭菲。