ལོ་མགོ་ཚུན་ནས། ཡར་མར་གྱི་བྲེལ་འཚུབ་དང་གཡེང་བ་སོགས་ཀྱིས་རྐྱེན་བྱས་ནས། སེམས་ལྷོད་མོའི་སྒོ་ནས་གློག་བརྙན་ཡག་པོ་ཞིག་ལ་བལྟ་ཁོམ་བྱུང་མ་སོང་། ཁ་སང་ཕྱི་དྲོ་ཞིག་ལ་ཁོམ་སྐབས་ཀྱི་གླགས་ནས《མཛེས་པའི་ཨ་མ》ཞེས་པའི་གློག་བརྙན་ཞིག་ལ་བལྟས་པ་ཡིན།


ཕ་མ་ཞེས་པའི་མིང་བྱང་དེ་ཕྲག་ཏུ་བཟུང་ཉིན་ནས། འཚོ་བ་རོལ་སྟངས་དང་བསམ་པའི་འཛིན་སྟངས་སོགས་ལ་འགྱུར་བ་འདྲ་མིན་སྣ་ཚོགས་ཡོང་ས་རེད། ཕ་མ་སུ་དང་སུ་ཡིན་རུང་། རང་ཉིད་ཀྱི་གཅེས་ཕྲུག་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་མི་བྱེད་མཁན་གཅིག་ཀྱང་མེད་པ་ནི་སྨོས་མེད་རེད། བྱིས་པ་གཉོར་སྐྱོང་ཟེར་བ་འདིའང་ཕ་མས་མི་ཚེ་གང་པོར་འབད་དགོས་པའི་བྱ་གཞག་ཅིག་རེད་ཟེར་ན་མི་ཆོག་རྒྱུ་མེད་པས། དེ་ནི་དཀའ་ཚེགས་མང་པོ་ལྡན་ལ། བདེ་སྐྱིད་ཀྱང་ཆེས་མང་པོ་མྱོང་ཐུབ་པའི་ལས་ཀ་ཞིག་རེད།

དེའི་རྐྱེན་གྱིས། ང་རང་གིས་འདི་ལྟར་འདོད་དེ།

ཕ་མའི་ནང་ན་ཕ་མ་རིགས་མང་པོ་ཡོད་པ་ནང་བཞིན། ཕ་མས་བྱིས་པ་གཉོར་སྐྱོང་བྱེད་སྟངས་མི་འདྲ་བ་རིགས་མང་པོ་ཡོད། དེ་བཞིན་ཕ་མའི་ནང་ན་འགན་འཁུར་མཁན་དང་འགན་མི་འཁུར་མཁན་རིགས་སྣ་ཚོགས་འདུག དྲང་མོར་བཤད་ན། དེང་དུས་སྤྱི་ཚོགས་ཀྱི་འགྱུར་བ་དང་འཚོ་བ་དང་ལས་ཀའི་གོམས་གཤིས་སོགས་ཀྱི་དབང་གིས། བྱིས་པ་གཉོར་སྐྱོང་ལ་སེམས་ཚེགས་དང་ལུས་ཚེགས་མང་པོ་གཏོང་མཁན་ཇེ་ཉུང་ཡིན་པ་འདྲ། སྒོས་སུ་འཇིག་རྟེན་གྱི་ཟིང་ཟིང་སྣ་ཚོགས་ལ་གཡེང་ནས་བྱིས་པ་སྣང་མེད་དུ་འཇོག་མཁན་གྱི་ཕ་མའང་མང་པོ་མཐོང་། དེང་དུས་བྱ་བའི་དགོས་དབང་གིས། ཕ་མ་མང་ཆེ་ཤོས་ལ་བྱིས་པ་གཉོར་སྐྱོང་བྱེད་པའི་དུས་ཡུན་ནི་ཐུང་བས། བུ་ཕྲུག་གཉོར་སྐྱོང་གི་ལས་ཚེགས་ཨ་མེས་དང་ཨ་ཕྱི་སོགས་རྒན་རབས་ལ་མི་སྤྲོད་ག་མེད་རེད། དགོད་བྲོ་བ་ཞིག་ལ། སྔོན་ཆད་བྱིས་པ་ལྔ་དྲུག་གཉོར་མྱོང་བའི་ཨ་ཕྱི་དང་ཨ་མེས་མང་པོ་ཞིག་གིས། ད་སྐབས་བྱིས་པ་གཉོར་སྐྱོང་བྱེད་རྒྱུ་དེ་ཅི་འདྲའི་དཀའ་བ་ལ། སེམས་ཚེགས་ཆེན་པོ་འདུག་ཟེར། རང་ཉིད་ཀྱིས་བྱིས་པ་ལྔ་དྲུག་ཙམ་གཉོར་རུང་། དེ་འདྲའི་དཀའ་སྣང་ཡོང་མ་མྱོང་ཞེས་པ་ནི་ཀུན་ལ་གཅིག་མཐུན་དུ་སྣང་བཞིན་ཡོད་པ་འདྲ།
ལོ་ན་གཞོན་པའི་ཕ་མ་དེ་ཚོས་རང་ལ་བྱིས་པ་སྐྱོང་བའི་དུས་ཚོད་དང་ཁོམ་ལོང་མེད་བཞིན་དུ། བྱིས་པ་རྒན་རྒོན་ཚོས་གཉོར་སྐབས། བྱིས་པར་ཁ་ནས་ཟ་མ་སྦྱིན་ན་ནད་འདྲ་མིན་འགོ་ཡོང་བ་དང་ཐད་ཀར་དུ་མཆུ་སྒྲོས་ལ་འོ་བྱས་ན་མི་འགྲིག་པ་སོགས་འགྲིག་ལམ་འདྲ་མིན་སྣ་ཚོགས་འཇོག་གིན་འདུག འདི་ནི་དེང་རབས་ཀྱི་འགྲོ་ཕྱོགས་ཤིག་ཡིན་སྲིད་ལ། ཕ་མ་དེ་ཚོའི་མིག་ལ་མཛེས་བཞིན་མེད་པའང་ཡིན་སྲིད་མོད། གལ་ཏེ་ཕ་མ་དེ་ཚོ། སྔར་སྲོལ་གྱི་བྱིས་པ་གཉོར་སྟངས་ལ་དེ་འདྲ་མི་འཐད་པ་དང་། དེའི་ཁྲོད་ཀྱི་འགྲོ་ལུགས་མང་པོ་ནི་སྐྱོན་དུ་མཐོང་ན། དེའི་ཁྲོད་ཀྱི་འགྲོ་ལུགས་མང་པོ་ནི་སྐྱོན་དུ་མཐོང་ན། དེའང་མཐའ་གཅིག་ཏུ་ཡང་དག་པར་ཡང་མ་ངེས་ཏེ། ནུབ་ཕྱོགས་དང་ཉི་ཧོང་སོགས་ཀྱི་བྱིས་པ་གཉོར་སྐྱོང་སྐོར་གྱི་དེབ་མང་པོར། དེ་ལས་ལྡོག་སྟེ་འུ་ཅག་གི་སྔོན་ལུགས་འགྲོ་སྲོལ་མང་པོ་དང་མཐུན་པའི་དཔེ་མང་པོ་མཐོང་། དཔེར་ན་བྱིས་པར་བྱིལ་བྱིལ་མང་པོ་བྱས་ན། ནར་སོན་དུས་བྱིས་པར་བརྩེ་བ་ཡོད་ཅེས་བྲིས་ཡོད་པ་ལྟ་བུ་རེད་ལ། ཡང་དེབ་འགའ་རེར་བྱིས་པ་ནི་ཅུང་ཟད་རྫོབ་པའི་ཁོར་ཡུག་ནས་ནར་སོན་ན་ལེགས་པ་ལས། གཙང་ཆེ་ན་ཆེན་པོ་ཆགས་དུས་རིམས་ནད་འགོག་པའི་ནུས་པ་སོགས་གཞན་ལས་ཞན་སྲིད་སོགས་ཟེར།
ཆེས་ཡག་ཤོས་བྱུང་ན《མཛེས་པའི་ཨ་མ》ཞེས་པའི་གློག་བརྙན་ནང་གི་ཨ་མ་དེ་ནང་བཞིན། འཚོ་བའི་དཀའ་སྡུག་གང་ལ་འཕྲད་ཀྱང་། རང་གིས་བྱིས་པ་རང་གིས་གཉོར་སྐྱོང་བྱེད་རྒྱུ་ནི་ཆོས་ཉིད་དང་མཐུན་པ་ཞིག་ཡིན་པ་དང་།

བྱིས་པ་གཉོར་སྐྱོང་གི་བརྒྱུད་རིམ་གྱི་དཀའ་ཚེགས་ཡོངས་ལ། ངང་རྒྱུད་རིང་པོ་ཡོད་དགོས་པ་རེད།

ནམ་རྒྱུན་འཚོ་བའི་ཁྲོད་དུ་རྒན་པ་དང་བྱིས་པ་ནི་སེམས་ཁམས་དང་ནུས་ཤུགས་གང་ཐད་ནས་གཉོམ་ཤོས་ཡིན་པས། དེ་ལ་གང་ནུས་སྒོས་བརྩེ་བ་དང་བརྩི་བཀུར་བྱེད་དགོས་ལ། འདི་ནི་ང་ཚོས་ཁོང་ཅག་ལ་སྤྲོད་ཐུབ་པའི་ལེགས་སྐྱེས་ཆེས་ལེགས་ཤོས་དེ་རེད།

སློབ་གསོ་ནི་ཁ་ནས་བཤད་པ་ཙམ་ལས་ཡོང་མི་སྲིད་པར། དེ་ནི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་བྱ་སྤྱོད། སྣ་ཚོགས་པ་ལས་བྱུང་བ་ཞིག་ཡིན་པས། ཕ་མ་བཟང་པོ་ཞིག་བྱེད་རྒྱུ་ནི་སློབ་གསོ་སྐྱོང་བའི་གོ་རིམ་རེད།

ཕ་མ་སུ་ཡིན་རུང་། རང་ཉིད་གྱི་བློས་བཏང་པ་ཡོད་ཚད་ལ་གདེང་ཚོད་ཆེན་པོ་མེད་རུང། སྔར་བཞིན་བྱིས་པའི་ཆེད་དུ་འབད་སྲིད་པ་ནི་ལྡོག་ཐབས་མེད་པ་ཞིག་རེད།

མི་རྗེ་མི་ཡི་ཉི་མ་སྤྲིན་པས་སྒྲིབ་རུང་།།
དྲོ་འཇམ་འོད་དང་འོད་ཟེར་བཅོམ་པ་མ་རེད།།
ཀུན་གསལ་ཚེས་རུ་ཙམ་ལས་མེད་རབ་མ་གསུང་།།
སྐར་ཚོགས་བརྒྱ་བརྒྱའི་དབུས་སུ་ལྷོང་ངེར་བཞུགས་ཡོད།།

མཁའ་ལམ་དར་གྱི་ཡོལ་བས་ཁེབ་རབས་འདུག་གམ།།
ཆུ་ཆེན་བྱེ་མའི་རི་ཡིས་འགོག་ཐབས་མེད་དཔེ།།
ཕྲག་དོག་བདུད་ཀྱི་གཡབ་མོ་ང་ལ་མ་གཡུག།
ཧཱུྃ་བཞིའི་སྔགས་ཀྱིས་བྲབ་ན་སྐྱིད་ཚོད་མ་རེད།།

མི་ཁ་མཇའ་ཚོན་རི་མོ་བཀྲ་ཡི་མ་གསུང་།།
མི་བརྟེན་འགྱུར་བའི་ལས་ལ་ཟློག་རྒྱུ་མི་འདུག།
གནམ་མཁའི་ཀུན་གསལ་ལའང་འཕེལ་འགྲིབ་ཡོད་ན།།
སྲོག་ལྡན་འགྲོ་བ་མི་ལ་བཤད་རྒྱུ་ཅི་ཡོད།།

2023。5。 16。

དུས་ཀྱི་མཐའ་འདིར་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་བ་ལ་འགྲན་ཟླ་དང་བྲལ་ཞིང་། འཆད་རྩོད་རྩོལ་གསུམ། མཁས་བཙུན་བཟང་གསུམ། བཤད་སྒྲུབ་ཉམས་བཞེས་གང་གི་སྒོ་ནས་ཀྱང་གྲགས་པ་དོན་ལྡན་གྱི་མ་ཧྭ་པཎྜི་ཏ་ཆེན་པོ་རྡོ་རྗེ་འཆང་དངོས་༧རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་པོ་མཆོག


发布     👍 0 举报 写留言 🖊   
✋热门推荐
  • !!
  • 【成都需要“老城振兴”谨防老城产业空心化】目前包括成都在内的二线城市,大多出现了“老城区空心化”危机,或多或少出现了苗头,就拿成都为例,目前越来越多人被城市规划
  • #减脂餐食谱[超话]# 已减51.9斤✔和恩恩去成都找大姨啦~ 2021.10.15    第235天  减肥打卡记录 . ━━━━━体重情况━━━━━ 初
  • 今天上超市买了二十一个,还可以,以后记得老爸爱吃猕猴桃了[微笑][微笑][微笑]近期的小辣#周末愉快##我只想周末愉快# 也有在好好生活呀吃了好多好多好吃的买了
  • #和金姐抢废话系列#昨天啥也没发因为大姨妈差点疼的昏古七吧[单身狗]突然发现不知道该说啥废话了,最近太惨了,说出来都是负能量[单身狗]昨天吃早饭的时候有个男的插
  • 以现在的形势来说:如果你只是把这些高频词读出来,你能成为班里最靓的仔;如果你能把扩展词搞定,你必定是全校最靓的仔;如果你把视频里的扩展也搞定了…… [并不简单]
  • 以及这本漫画剧情画风都很赞,因为主笔辞职了就突然完结[苦涩],我很心痛。@烈火浇愁动画官方 #影子皇妃# 了解了哈利波特后再看一些欧风漫画,这些贵族的徽章真的很
  • ♥月初参加了学校的一次征文,闲适散文,日常记录,发现美 感受美 万物有美 且歌且行 林清玄说:“春日温暖的风使野百合花绽放,秋天萧飒的风使管芒花展颜,同是
  • 只有背对着光,才能够看清这个世界,才能把得失成败看透,才能看懂自己真正想要的是什么不要在意别人背后对你的看法,因为这些话不能改变事实,但可能会扰乱你的心。并且请
  • 愿一切美好都如期而至路,不通时,选择拐弯;心,不快时,选择看淡;情,渐远时,选择随意只要你还在努力,世界就不会辜负你生活不一定耍酷,但一定要有态度生活不一定耍酷
  • 很多时候我们都说,那些能赚大钱,能养家的人好厉害啊,却忽视了,每份光鲜亮丽的背后,都有着无人知晓的努力和坚持。明天见叭~#北体小伙伴# 没有一份工作不委屈,赚钱
  •  作为一种纯天然、可再生和回收的产品,用过的葡萄酒软木塞在航天器制造,高级时装等方面都可重复利用。葡萄牙软木协会与英国最大的专业#葡萄酒#零售商Majestic
  • 因为有小帅哥的班级 再吵我都没有发脾气 最多让他们罚站 甚至小帅哥说好多次话我都不舍得罚他!但是现在没那么喜欢了 可我还是不舍得罚他们两个5555555入寺拜香
  • 【211027 kstyle更新】#ASTRO[超话]##ASTRO星路相随#@ASTRO组合ASTRO,日本电视剧主题曲「和最喜欢的人说再见」将于11/3公开
  • bratskid说:“我也下载过他的姑妄言校本,爱如生论坛有一个“姑妄言”线装仿本(现在也有)忘了作者叫什么了,在没条件见到台本文字的时候,我也曾下大力气校对出
  • #卖书[超话]#一路繁花相送小恋曲莫负寒夏好想和你在一起恋爱过敏处方致我们单纯的小美好全世界的温暖都与你有关饶雪漫:那些不能告诉大人的事,那些女生该懂的事罗亦
  • #邓伦粉丝造谣成性# 邓轮吐痰摸屁股乱扔烟头辱骂裁判[吐]邓轮吐痰摸屁股乱扔烟头辱骂裁判[吐]邓轮吐痰摸屁股乱扔烟头辱骂裁判[吐]邓轮吐痰摸屁股乱扔烟头辱骂裁邓
  • 在极端缺乏父爱的环境下长大,导致她有些恋父情节,因此在碰到关心她宠爱她,像父一样照顾着她的叶谨时,朱锁锁动心了,义无反顾#娱乐##垂直领域点亮计划#朱锁锁非常终
  • 甚至记得去年和焊接去迪士尼,当时许的愿望:让我经历一次痛彻心扉的分手,然后让我长大吧!在身患癌症的同时,还被确诊了这么一个罕见而又高危的顽疾。
  • 小姐姐是某营销公司的主管,她说第一次看到小弟弟喜欢我,不过可以尝试一下,最后两个人成功牵手。你很细心,我朋友专门让找你看,说医生门诊在105;而有些广丰来的也是