࿑བློས་གཏོང་བ་ནི་མི་ཚེ་འདིར་ཆེས་ལེགས་པའི་གདམས་ཀ་ཞིག་ཡིན། བློས་གཏོང་ནུས་ཀྱང་མ་ནུས་ཀྱང་ཐོབ་པ་དག་རང་བཞིན་གྱིས་ཤོར་འགྲོ་བ་ནི་ངས་མི་ཚེའི་ཆོས་ཉིད་དུ་འཁུམས་སོ།། མི་ཚེ་གང་བོར་བློས་བཏང་ཚུལ་ཙམ་བསྟན་ཀྱང་མཐར་རེ་འབྲས་ཅི་ཡང་མ་སྨིན་པའང་ཡོད་སྲིད་པ་ཞིག་རེད། ࿐རྨ་པྲཛྙཱ་ནས།

࿑དཔྱིད་ཆར།

མདང་གི་ཆར་བས་འཛིན་མའི་ཁྱོན་ལ་འཁྲུས་ཐེངས་ཤིག་བྱས་ཤིང་། སྐྱ་ཐིང་ཐིང་དུ་ཡོད་པའི་རྒྱབ་རིའི་ཁ་དོག་དེ་ཡང་།ད་ནི་གཞི་ནས་ལྗང་གུར་འགྱུར་ཙམ་དུ་མ་ཟད་མདུན་རིའི་ངོའི་ཀྱི་མྱ་ངན་མེད་པའི་ཐིང་ཤིང་དག་ཀྱང་ནག་ནོག་དྲི་མས་མ་གོས་པར་གཙང་སིང་ངེ་བ་ཞིག་ཏུ་བཏང་འདུག བཙུགས་ནས་ལོ་འགའ་ལོན་པའི་ལྡུམ་རྭའི་ནང་གི་ཤིང་པད་མ་དང་སེར་ཆེན་གཉིས་ཀྱི་ཡལ་འདབ་རྒྱས་ཏེ།ལོ་འདབ་ཕན་ཚུན་འཐབ་པའི་ཚུལ་གྱིས་མངོན་ཤིང་མེ་ཏོག་གི་གང་བུ་མང་པོ་ཞིག་ཀྱང་མཚམས་མཚམས་སུ་ཆར་བས་བརླན་པའི་མགོ་བོ་ཅུང་ཟད་ཐུར་དུ་འཕྱང་བ་ནི་དཔྱིད་ཀྱི་ཆར་བས་ཚིམ་པ་ཞིག་དང་ཀུན་ནས་མཚུངས། དེའི་མཚོན་ཁོར་ར་ཁོར་ཡུག་ཀུན་གྱི་སྐྱེ་དགུ་རྣམས་ལ་སྔར་ན་མེད་པའི་བཀྲག་མདངས་དང་སྐྱེས་སྟོབས་ཀྱི་དཔལ་ཡོན་ཅིག་ཅི་དགར་བསྩལ་བྱུང་ལ།སྟོད་ཀྱི་རི་སྒང་རྣམས་སུ་ཟླ་བཤོལ་གྱིས་ད་དུང་ཡང་ཁ་བའི་གོས་ཀྱིས་ཡོངས་སུ་གཡོགས་འདུག ད་ནི་ནམ་རྒྱུན་ནང་བཞིན་གུང་གསེང་གི་ཆ་ལ་གཡེང་ཤིང་ཉི་མར་ལྡེ་བཞིན་དཔྱིད་ཀྱི་དཔལ་ཡོན་འདི་ལ་རོལ་བ་ཡིན།དེ་དུས་སེམས་ཀྱི་འཆར་སྒོ་ལ་རྟོག་འགྱུ་སྣ་ཚོགས་ཤིག་ཤར་ཞིང་།སོས་དལ་བག་ཕེབས་འདི་འདྲ་གནང་མཁན་དག་གི་བཀའ་དྲིན་དྲན་བཞིན་རྗེས་སུ་ཡི་རངས་དང་།ལྷག་པར་སྤོབས་པའི་ཁེངས་བས་ལུས་ཀྱི་བ་སྤུ་གཟེངས་ཏེ་གང་ལ་འཇུག་པའི་ལས་ལ་འབད་པ་བརྒྱ་འགྱུར་ཅིག་ཅིས་ཀྱང་བྱེད་དགོས་སྙམ་པ་ཞིག་སེམས་ཀྱི་གཏིང་ནས་འཕྱུར་བྱུང་།
ལྷོ་སྤྲིན་བཅུད་དུ་ཆགས་པ་མཐོན་མཐིང་གི་གཞི་ནས།།
ཉམས་འགྱུར་གར་གྱི་སྒྱུ་འཕྲུལ་གང་འདོད་དུ་སྤྲོས་དང་།།
བདུད་རྩིའི་བཅུད་ལ་དགའ་བའི་རྐང་འཐུང་གི་ཚོགས་རྣམས།།
རེ་ས་སྦྲང་ཆར་བསིལ་མ་ཁྱོད་རང་ལས་མི་འདུག།

昨夜的春雨洗涤了大地的灰尘,让万物复苏的情景随处可见,
昨夜的春雨洗涤了心灵深处的无数烦恼,此时此刻感悟颇深。
[太阳][太阳][太阳] https://t.cn/R08xaRT

࿑ བག་ཡོད་པར་གདམས་པ།

གང་ཞིག་རིན་ཆེན་གསེར་འོད་འཕྲོ་བ་ཡི། །
དོན་གྱི་བདག་ཉིད་ཆེ་དག་གཙུག་ཏུ་མཆོད། །
མི་འདོད་རྒུད་པའི་རླུང་འཚུབ་ཉེར་ཞི་བའི། །
དགེ་ལེགས་འབྲུ་ཆར་འབབ་པའི་རྒྱུར་གྱུར་ཅིག །

ཤེས་བྱའི་གྲོང་དུ་ཚུལ་བཞིན་འགྲིམས་པ་དང་། །
ཡང་དག་དགེ་བའི་བཤེས་གཉེན་བསྟེན་པ་སོགས། །
ཆོས་གཞུང་རིག་པའི་འགྲོ་ལུགས་མི་བརྒྱུད་པའི། །
རྩོམ་འཆད་གཟུགས་བརྙན་ལེན་པའི་ཁྲམ་པའི་ཚོགས། །

ཆེད་དུ་གཏོར་བཤིག་གཏོང་མཁན་བསྐོས་པ་ལྟར། །
རང་གར་ཧམ་པ་ཕོ་ཚོད་ཡོད་པ་འདི། །
ཡ་རབས་དག་མའི་རྗེས་ནི་མ་ཆོད་པས། །
སྤྱི་ཚོགས་གནོན་ཤུགས་མ་ཁྱོག་སྨྱོ་གར་ཡིན། །

དེ་འདྲའི་རིགས་ཀྱིས་འཁྲབ་སྟོན་བྱེད་པའི་ཚེ། །
སེམས་ཁམས་འཁྲུག་པའི་སྦྱོར་བ་མི་རྩོམ་པར། །
ཇི་བཞིན་མལ་དུ་བསྡད་དེ་སློབ་སྦྱོང་ནི། །
ལྷོད་ཆགས་བག་ཕེབས་ངང་ནས་ཅི་དགར་མཛོད། །

རིག་པའི་ནང་བཅུད་ཆོས་ཀྱི་བཀའ་སྲོལ་དང་། །
དེ་ཡི་མཛེས་རྒྱན་ཚན་རྩལ་དར་བ་འདི། །
སྙིགས་མའི་དུས་ལ་སྐལ་བཟང་བཞད་པ་འདྲ། །
གནས་ལུགས་འདི་དོན་རྟོགས་ན་རིན་ཐང་ཆེ། །

གཞན་དུ་ཕྱི་ཚུལ་ཆེ་རྒུ་ངོམ་པ་ལ། །
ནང་དུ་ལྟ་ས་བརྟེན་ས་ཅིར་ཡང་མེད། །
དེ་ལྟར་མེད་པར་དྲུང་དུ་ཕྱིན་ན་གསལ། །
རང་སར་བབས་ནས་རང་ངོ་ཤེས་པར་བྱོས། །


དངོས་མྱོང་འཚོ་བའི་ཁྲོད་དུ་ཡོད་པ་ལས། །
རྩེད་ཆས་ལྟ་བུ་གླུ་གར་མིན་པར་ཤོག །
སྲོག་རྩ་བཟུང་བའི་ཟས་གོས་ཡིན་པ་ལས། །
མདུན་ལམ་མེད་པའི་ཆང་རག་མིན་པར་ཤོག །

རྒྱལ་ཁམས་པས།


发布     👍 0 举报 写留言 🖊   
✋热门推荐
  • 明亮而酸涩的柑橘果香融进微辛的没药之中,逐渐变得甘醇而柔滑,干燥辛辣的温暖烟雾在低沉的夜色中弥漫,像是一张黑白色的老照片,穿着旗袍的东方美人正于夜晚犹自焚香,周
  • 高原能效测试实验室落户青海,全省移动和固定互联网宽带用户分别达到573.57万户、174.54万户,海东跨境电子商务综合试验区获批,国家电子商务进农村示范县全覆
  • 吴亦凡事件有说法,说他和女子确实有关系,想说现在大家莫说未婚同居,一夜情那也不是事,可是你是公众人物,太饥不择食,还不如早点结婚,对方十八,如果低于十八,你就刑
  • 方法:1、选定目标单元格(包括已填充单元格)。方法:1、选定目标单元格(包括已填充单元格)。
  • 然后今天大家都要录系统所以很忙,一直没有休息一直录,到现在了我都还在加班录(此处应该给胡扣扣鼓掌,因为他现在在帮我录)我犯肠炎了,想吐又泻。太难了我,吃了把肠炎
  • 今年的《中国诗词大会》和《全国大学生党史知识竞答大会》中她圈粉无数, 被观众点评为笑容甜美,镇场超稳。王嘉宁很多人还对主持人大赛决赛中,王嘉宁和邹韵那场神仙打架
  • どういうこと?沢山聴いてね♪リクエストアワーの投票も始まってます!
  • 亮氨酸就像汽车引擎的点火启动,它增加了蛋白质的合成数量,进而促进肌肉生长;此外,研究发现,亮氨酸还能阻止血糖转化为脂肪,更多地是转化成肌肉,谷类、香蕉、花生、玉
  • 考虑很久还是决定当唯粉了,我知道肯定会被喷但是粉丝太不团结了导致我不该帮谁,从刚开始认识丁程鑫在到刘耀文、马嘉祺、宋亚轩、贺峻霖、张真源、严浩翔.这一路我真的很
  • 回向因疫情所离世的众生,离苦得乐,往生净土。放生回向我们国家及世界灾难消除、业障清净、佛法兴盛、众生安乐!
  • 13M➕1D宝宝快乐的成长每一天,看到小朋友在玩西瓜球,开心的不得了,娃儿也想下去玩[太开心]太喜欢球了,哈哈看到机器猫的手也不停的告诉我ball,只要看着圆圆
  • 事中及时向社会公布电动车火灾事故调查结果,查明电动车生产厂家、品牌、电池型号、改装单位等情况,倒逼生产、销售、改装单位落实消防安全责任,从源头上提高本质安全水平
  • #吴兴动态# 【千万级影响力!共同富裕“吴兴样本”引发热烈关注】7月13日-14日,中央媒体“浙江高质量发展建设共同富裕示范区”集中采访团走进吴兴区织里镇进行专
  • 滤泉,在 今愚公谷前廊西北,北属至德祠,建祠以前,这里“枝峰阁”内有唐李 洞手书的联句:“扫石月盈帚,滤泉花满筛”因而名之。白石坞,在第一峰下,有天下第二泉、黄
  • 小学六年级喜欢的你,没什么钱那时候首专我也买了二十张,不会修图的我也自己学着设计网页开图站(笑死那时候姐姐站是大站,我就搞了个妹妹站,现在微博官皮还在…)每天晚
  • [泪]现实的世界里,我们这些打工人不就是这样,不管你是遇到了失恋,或者其他难以释怀的事!整场下来,没有一个人安慰冯希,而冯希也不能选择逃避,她还必须面对自己的错
  • 淡然,也是一个人静守时光,晨起暮落,品流年,情深处,惟淡雅是美,惟淡然方可从容,惟淡定心随万境,养素心如雪,不惹半点尘埃。淡然,也是一个人静守时光,晨起暮落,品
  • 【京东】1️⃣花王乐而雅(laurier)零触感 特薄特长日用护翼型卫生巾25cm 16片:羽感棉超丝薄22.5cm护翼型卫生巾8片:满2件5折,部分人浏览被砸
  • 而且他和现任妻子任真真的关系也成了焦点,按说人家的生活大家不该干涉,但是林生斌把自己包装了4年的深情人设给彻底打破了。感情这种事,其实有很多无奈,很多时候就像一
  •   九、产后膀胱炎  原因  1、产妇在产后膀胱的肌肉暂时还比较松弛,容易积存尿液。  3、如果产妇出现了轻度的抑郁,则需及早重视及治疗。