#历史# དྲིན་ཕ་ལོ། འཇུ་སྐལ་བཟང་།
ངའི་དྲིན་ཆེན་ཕ་ལོ་རྒས་སོང་ཟིག།
རྒས་སོང་རུང་འགྱོད་པ་ཅང་མེད་ཁི།།
དེ་དར་ཚོད་ཟིག་ལ་དར་ནི་རེད།།
ད་རྒས་ཚོད་ཟིག་ལ་རྒས་ནི་རེད།།

ལོ་ཉི་ཤུའི་ལང་ཚོ་དར་མྱོང་ཟིག།
སོ་སུམ་ཅུའི་གྲལ་རྐང་འགྲིག་མྱོང་ཟིག།
རྟ་འདོ་བའི་གོང་ནས་འགྱུར་མྱོང་ཟིག།
བོའུ་ཁྲ་རིང་ཕྲག་ལ་འཁུར་མྱོང་ཟིག།

ཆུང་ན་ཟླའི་གྲལ་ནས་རྩེད་མྱོང་ཟིག།
སྟག་ཤར་ལིའི་མྱི་གྲལ་འགྲིམ་མྱོང་ཟིག།
གཏམ་ཁ་ལྕེས་ཁྲོམ་ཐོག་ཆོད་མྱོང་ཟིག།
བུ་བོའུ་བས་རང་མགོ་ཐོན་མྱོང་ཟིག།

ཁྲ་ཀྱིལ་ལེར་འཁོར་བ་འཛིན་མྱོང་ཟིག།
སྨྲིག་གཞོང་ངེར་མགོ་སྦྲ་ཕུབ་མྱོང་ཟིག །
ཇ་ལན་ཆེན་རྩིགས་པ་མཐོ་མྱོང་ཟིག །
འབྲུ་ཐུལ་མའི་རྡང་ཐག་རིང་མྱོང་ཟིག །

ཁ་བདེ་མོས་སྒྲུང་རིང་བཤད་མྱོང་ཟིག །
ཁོག་དྲང་མོས་གཞན་དོན་བསྒྲུབ་མྱོང་ཟིག །
ཕྱི་སྡེ་བའི་མྱི་ཁ་ཆོད་མྱོང་ཟིག །
ནང་ཉེ་བའི་རྩིས་འཇོག་ཐོབ་མྱོང་ཟིག །

ལས་སྐྱིད་སྡུག་གཉིས་ཀ་བརྒྱུད་མྱོང་ཟིག །
བྱ་ཡག་ཉེས་གཉིས་ཀ་ཤེས་སོང་ཟིག །
ཆོས་འཇིག་རྟེན་གཉིས་ཀ་གོ་མྱོང་ཐིག །
ལམ་ལོ་རྒྱུས་གཉིས་ཀ་ཤེས་སོང་ཟིག །

ཕ་བླ་མའི་ཆོས་བཤད་གོ་མྱོང་ཟིག །
ཆོས་ཀུན་རིག་ཡིད་ལ་བསྐོར་མྱོང་ཟིག །
ཆོས་མ་ཎའི་དུང་ཁ་གང་སོང་ཟིག །
བུ་བུ་མོའི་མྱི་གོ་ཆོད་སོང་ཐིག །

རྒས་རྡོ་རྗེ་བྲག་ལ་ཡོད་རྒྱུ་ན།།
ཁྱོད་འདྲ་འདྲ་རྒས་ནོ་རྒྱན་ཟིག་རེད།།
ང་བུ་དང་ཚ་བོའི་དཔེ་ཟིག་རེད།།
དྲིན་ཕ་ལོའི་སེམས་པ་བདེ་ནི་བྱོས།།

ཀཿཐོག་པ་ལ་བྱིན་རླབས་ཞུ་བའི་ཀ་རྩོམ།

ཀཿཐོག་པ་ཞེས་དུས་གསུམ་རྒྱལ་བ་ཡི་རྒྱལ་ཚབ། །
ཁ་བ་ཅན་དུ་མདོ་སྔགས་བསྟན་པ་ཡི་སྒྲོན་མེ། །
ག་དག་རྒྱལ་ཐབས་སྤྱི་བླུགས་དབང་ཆེན་དེ་ཐོབ་པ།
ང་ལ་རྣམ་མང་ཤེས་བྱའི་ཆུ་གཏེར་དེ་འབྱེད་ཤོག །

ཅ་ཅོའི་བརྫུ་བག་ལས་འདས་དམ་པ་དེ་བདེ་གཤེགས། །
ཆ་ལུགས་ཆོས་བཞིན་མཛད་པ་འདུལ་བ་ཡི་མངའ་བདག །
ཇ་ཆང་ཆུ་ལ་བསྒྱུར་བའི་གྲུབ་རྟགས་དེ་ཐོབ་པ། །
ཉ་གཟེར་རྒྱ་རུ་ཚུད་པའི་འཁྲུལ་རྟོགས་འདི་ཆོད་ཤོག །

ཏ་ཐཱ་ག་ཏའི་བསྟན་འཛིན་ཤེས་རབ་དེ་སེང་གེ །
ཐ་སྙན་ཚིག་ལོ་ལས་འདས་ཡེ་ཤེས་དེ་འབྱམས་ཀླས། །
ད་རུང་མཉམ་ཉིད་ཆོས་ཚུལ་ཇི་བཞིན་དུ་གཟིགས་པ། །
ནཱ་དའི་ཐེག་ཆེན་ཆོས་ཀྱི་དངོས་གྲུབ་དེ་རྩོལ་ཤོག །

པ་སངས་ལྷ་མིའི་བླ་མ་སྤོབས་པ་དེ་མཐའ་ཡས། །
ཕ་ཆོས་མདོ་སྒྱུ་སེམས་ཀྱི་བདག་པོ་དེ་དག་མ། །
བ་བུན་རགས་པའི་ཐུགས་སེམས་འོད་སྐུ་རུ་དྭངས་མ། །
མ་སྒྲིབ་ཆོས་ཉིད་མངོན་སུམ་བློ་འདས་དེ་བྱིན་ཤོག །

ཙ་རེ་སེམས་ཉིད་རང་གྲོལ་བླ་མ་དེ་ཤར་པ། །
ཚ་གྲང་འགལ་རྐྱེན་གསལ་བའི་ཏིང་འཛིན་དེ་ཐོབ་པ། །
ཛ་ལང་རང་སེམས་འདུལ་བའི་མཐུ་སྟོབས་ཀྱི་བདག་པོ། །
ཝ་ལེ་མདོ་སྒྱུ་སེམས་ཀྱི་ལོངས་སྤྱོད་དེ་གནོངས་ཤོག །

ཞྭ་མོའི་ཏོག་ལྟར་མཛེས་པ་ཀུན་མཁྱེན་དེ་ཀཿདམ། །
ཟ་ཉལ་སྤྱོད་ལམ་ཀུན་དུ་མཉམ་རྗེས་ནི་དབྱེར་མེད། །
འ་འུར་ཆོས་བརྒྱད་བྲལ་བའི་ཆོས་པ་དེ་ངོ་མ། །
ཡ་མཚན་ཐེག་རིམ་དགུ་ཡི་གནས་ལུགས་དེ་སྟོན་ཤོག །

ར་བ་གསེར་ཁང་སྟེང་པར་སྒ་རིགས་ཀྱི་སྟོན་པ། །
ལ་བ་ངུར་སྨིག་འཛིན་པའི་དགེ་སློང་དེ་ཆེན་པོ། །
ཤ་ཁྲག་ཆུང་ནས་སྤང་བའི་དགེ་སྦྱོང་དེ་དག་མ། །
ས་ཐོབ་ས་ལམ་བསྒྲོད་པའི་ལམ་ཡིད་དེ་སྤྲོད་ཤོག །

ཧ་ཅང་བཀྲ་ཤིས་ཡོན་ཏན་མཆོག་བརྙེད་དེ་དམ་པ། །
ཨ་དོན་ཡེ་ནས་རྫོགས་པའི་ཡོངས་གྲོལ་གྱི་བླ་མ། །
ཧ་ཅང་དད་པས་དུས་དྲུག་ལན་དྲུག་དུ་གསོལ་བ། །
ཨ་ཕོའི་མ་རིག་གཉིས་འཛིན་རང་སར་དུ་ཁྲོལ་ཤོག །

དབྱངས་ཅན་བསྟོད་པ་རྒྱ་མཚོ་མ་ཞེས་བྱ་བ་བཞུགས་སོ།།
ཧྲཱིཾ། རྒྱལ་བ་རྒྱ་མཚོའི་ཡུམ་གྱུར་ཤེར་ཕྱིན་མ།།རྒྱལ་སྲས་རྒྱ་མཚོའི་གྲོགས་གྱུར་རྗེ་བཙུན་མ།།འགྲོ་ཁམས་རྒྱ་མཚོའི་མགོན་གྱུར་བཅོམ་ལྡན་མ།། ཡོན་ཏན་རྒྱ་མཚོའིི་མཆོག་མངའ་ཁྱོད་ལ་འདུད།། ངག་ཚིག་རྒྱ་མཚོའི་འབྱུང་གནས་ངག་གི་ལྷ།། བློ་གྲོས་རྒྱ་མཚོའི་དཔལ་སྟེར་བློ་ཡི་ལྷ།། ལྷ་མཆོག་རྒྱ་མཚོས་མངོན་མཆོད་ལྷ་ཡི་ལྷ།། རྒྱ་མཚོའི་ལྷ་མོ་དབྱངས་ཅན་ཁྱོད་ཕྱག་འཚལ།། མཛེས་སྡུག་རྒྱ་མཚོའི་སྐུ་མཆོག་ཅིར་ཡང་སྟོན།། སྒྲ་དབྱངས་རྒྱ་མཚོས་དམ་ཆོས་སྒོ་བརྒྱ་འབྱེད།། ཡེ་ཤེས་རྒྱ་མཚོའི་རང་བཞིན་ཕ་མཐའ་ཡས།། སེམས་ཅན་རྒྱ་མཚོ་སྨིན་མཛད་ཁྱོད་ལ་འདུད།། འཇིག་རྟེན་རྒྱ་མཚོར་རྣམ་རོལ་མཐའ་ཡས་པས།། ངོ་མཚར་རྒྱ་མཚོའི་མཛད་པ་སྣ་ཚོགས་སྟོན།།ཕན་བདེ་རྒྱ་མཚོས་འགྲོ་ཀུན་རྟག་ཏུ་སྐྱོངས།། རྣམ་ཐར་རྒྱ་མཚོའི་དཔལ་མོ་ཁྱོད་ལ་འདུད།། མཁྱེན་བརྩེའི་རྒྱ་མཚོ་རྡོ་རྗེ་དབྱངས་ཅན་མ།། དད་པ་རྒྱ་མཚོས་རྟག་ཏུ་ཕྱག་འཚལ་ཏེ།།མཆོད་པ་རྒྱ་མཚོས་ཀུན་ནས་མཆོད་བགྱིད་ཅིང་།། བསྟོད་པ་རྒྱ་མཚོས་རབ་ཏུ་བསྟོད་བགྱིད་ན།།ཐུགས་བསྐྱེད་སྨོན་ལམ་རྒྱ་མཚོ་རྗེས་དགོངས་ཏེ།། བྱིན་རླབས་ཡེ་ཤེས་རྒྱ་མཚོའི་སྤྲིན་ཆེན་ལས།།དངོས་གྲུབ་རྒྱ་མཚོའི་གྲུ་ཆར་དེང་ཕབ་ནས།། རེ་འདོད་རྒྱ་མཚོ་ཡིད་བཞིན་སྐོང་བར་མཛོད།། གཟུངས་སྤོབས་བློ་གྲོས་རྒྱ་མཚོའི་མཆོག་སྩོལ་ཞིང་།། ངག་ཚིག་རྒྱ་མཚོ་སྨྲ་བ་རང་དབང་ཐོབ།།དཔལ་ཡོན་རྒྱ་མཚོའི་གཏེར་དུ་བདག་གྱུར་ཏེ།།ནུས་སྟོབས་རྒྱ་མཚོས་རྒྱལ་བསྟན་སྤེལ་གྱུར་ཅིག། སྐྱེ་བ་རྒྱ་མཚོར་ཁྱོད་ཀྱིས་རྗེས་འཛིན་ཅིང་།།ལུང་རྟོགས་རྒྱ་མཚོའི་མཛོད་ལ་མངའ་དབང་བསྒྱུར།།རྫོགས་སྨིན་སྦྱངས་པ་རྒྱ་མཚོ་མཐར་ཕྱིན་ཏེ།། བདེ་གཤེགས་རྒྱ་མཚོར་མཉམ་ཉིད་སྐུ་ཐོབ་ཤོག། ལྷ་མཆོག་རྒྱ་མཚོའི་ལྷ་མོར་བསྟོད་པ་འདི།།མི་ཕམ་རྒྱ་མཚོའི་མིང་ཅན་བདག་གིས་བྲིས། བློ་མཆོག་རྒྱ་མཚོ་ཆེ་ལ་རོལ་འདོད་པས།། བསྟོད་པ་རྒྱ་མཚོ་འདི་བསྟེན་དོན་ཡོད་འགྱུར།། ས་བྱ་ཟླ་༡༢ཚེས་༩གུང་ཐུན་ལ་དབྱངས་ཅན་མ་དཀར་མོ་བསྙེན་པའི་ཐུན་གསེང་དུ་བྲིས་པ་དགེའོ།།


发布     👍 0 举报 写留言 🖊   
✋热门推荐
  • 可惜小费不懂[喵喵]P5:好家伙,小红这是把小费当雷达使了[笑cry]P6:小红会还钱吗?小费费:对不起啦,你把我画的这么丑,那就浅浅的用一下“磨刀不误砍柴功吧
  • 我今天看到了 这里孙锡久演员也出演了 很好奇你看不看残忍的场面️:我会挡着眼睛看️:但是很帅……:材赫啊 已经上传了材赫的生日event呢 人生四格 LAWO
  • 【老年人想打“苗苗”,有这些便利 】 接种疫苗是有效的防控屏障   进入冬季   老年人打“苗苗”   需要全方位便捷服务   让疫苗“跑”起来:上门接
  • 要点:浮筹是指短线客手中的筹码和持股信心不坚定的投资者,每拉升到一个关键的技术位,筹码容易产生松动,如果主力不出货,浮筹清理的关键在于缩量,特别是在急拉急洗时量
  • 在找不到自己存在意义的那阵子我真的就无法前进半步…去年,我通过线下社交找和工作也找到了一起玩的团体,尽管也是开始很抗拒的不怎么爱做的工作,但我也好像一下子抓住了
  • 想要了解的朋友私信我新开的Amazon fresh 开业大酬宾买20刀猪肉给10刀代金券,体验全程不带手机不带卡没收银员全程无付款,只凭掌纹进出店面拿了就走的高
  • 第一,和老公挑明目前他的行为就是背叛,即使你真的拿到这些证据,他不想承认也是无用的,所以不和他在证据上去纠缠,认定他现在的行为就是背叛了婚姻里的彼此都要忠诚这个
  • 7.这个世界上有百分之五十的烦恼都是通过好好睡一觉就能解决的 至于剩下的一半 等睡醒再去想8.别太善良了,别太大方了,也别太能干了,时间久了人家会觉得,你做的一
  • 而我们知道美帝的阴谋,因为现在我们暂时解放台湾后的经济制裁压力很大,因为这种经济制裁会让我国经济出现较为明显的影响,它也会影响到我们每个人,所以我们不受这种挑衅
  • “玫瑰是不败之花,你是不败之光” , .#黄明昊[超话]##justin黄明昊密室大逃脱#hmh #黄明昊极限挑战#。#张艺兴影视综全面开花#
  • 卤水肥鹅肝也是我的最爱 肥嫩细腻滑口-他们家我真的百吃不腻 七夕还推双人套餐噢~小声说一句老板娘真的温柔又漂亮-店名:怪味好呷·潮汕美食(国贸店)地址:国贸中盐
  • 【商品】:韩版时尚单肩斜挎包百搭小方包【价格】:原价:259.00元 抢购价:199.00元点开链接下单:稻草人女款斜挎包,简约优雅、时尚潮流,小身材、大容量,
  • 自2022年10月1日起其直播带货功能将停止服务,届时用户仍能使用Facebook Live进行直播活动,用户将不能在该平台举行任何新的或预定的直播带货。这或许
  • 这是一个…女汉纸犯傻…的故事…原本,今儿就是个普通的周四,下了晚托班,吃过晚饭,到家也是很累了。实在是洗不动了,看到旁边的小洗衣机,就想着把这个光荣的任务交给它
  • 因为疫情封城才有时间备考三个月,后来这个月没怎么学,今天在考场问了一圈,如果我这个分,报其他地区同岗位基本都是第一,如果这次报家这边,也可能上岸了。#歙城心语#
  • 因此,核心问题是要坚持市场定价,只有被征收或者收回宅基地的农户,符合社会保障的条件时,才可以财政补贴的形式给与社会救济。村民会议或者村民代表会议的多数决议通过,
  • 真的不知道怎么办,要是不结婚那得多对不起爸妈,我自己也许可以,但我对爸妈真的不行,说起来婚姻是两个人的事,可现实是两个世界的事。就在刚刚才终于装好床铺躺下 从漳
  • 上周五、本周一及周二盘前股票池的3个股第二天都能赚钱出来,当中还不乏连续大涨的个股;周三盘前3个股1个两天大涨近20%,周五则是又擒涨停关注微信公众号cybta
  • NO.9 ‮酉 ‬鸡正官主事,“天喜”桃‮入花‬命、子酉相破属鸡人‮天今‬情绪不高‮内,‬心贪图‮逸安‬的​想法较‮,重‬做事更‮乏缺‬积极性,‮心小‬被​领导
  • #泉州身边事# 【南安:菜市场刷二维码买菜,钱却进了骗子口袋……】20日早上,2名顾客来溪美崎峰社区一菜市场郑先生摊位上买鱼,通过微信支付了200多元,当时顾客