#འཚོ་བའི་གོ་ཐོས།#
༧ སྐྱབས་རྗེ་དབལ་མང་པཎྜི་ཏ་ཆེན་པོའི་ཞལ་སྔ་ནས།

དེ་ཡང་ཀློག་སློབ་པའི་ཐོག་མར་ཀ་ཁ་སློབ་དགོས་པ་ལྟར།
བཀའ་པོད་ལྔའི་བརྡ་དོན་ལ་སྦྱངས་པའི་ཐོག་མར་བསྡུས་གྲྭའི་རིགས་པ་སླ་རིམ་ནས་སྦྱངས་དུ་འཇུག་པ་ནི།
ལས་དང་བོ་བ་རྣམས་གཞུང་དོན་ལ་འཇུག་སླ་བའི་ཐབས་མཁས་གནད་ཆེན་པོ་ཡིན་པར་གོ་དགོས།

བསྡུས་གྲྭ་སྦྱང་པ་ན།
ལྟ་བ་གཏན་ལ་འབེབས་པའི་འགོ་ཚུགས་པ་ཡིན།
ཐ་སྙད་ཚད་གྲུབ་འཇོག་པའི་འགོ་ཚུགས་པ་ཡིན།
བདེན་མེད་དང་བདེན་གྲུབ་སོགས་ཕན་ཚུན་སྤང་འགལ་གྱི་དགག་སྒྲུབ་གཏན་ལ་འབེབས་པའི་འགོ་ཚུགས་པ་ཡིན་གསུངས་སོ།

རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ཚད་མའི་འོད་བརྒྱ་འབར་བ་ལས།
བསྡུས་གྲྭའི་ཁས་ལེན་གྱི་རིགས་པ་ནི་བོད་ཀྱི་འཁྲུལ་བ་བརྒྱ་ཕྲག་ཟློག་བྱེད་ཡིན་གསུངས་པ་ནི།
དེ་འདྲའི་ཁས་ལེན་སོང་ཚུལ་གྱི་ཞིབ་ཆ་མ་འདྲེས་པར་ཤེས་པ་གལ་ཆེ་བའི་དོན་དུ་ཤེས་དགོས་སོ།

བསྡུས་གྲྭའི་རིགས་པ་རྣམས་དབུ་མའི་ལྟ་བ་རྙེད་པའི་ཐབས་མཆོག་ཡིན་ཞེས།
༧ འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་བོའི་ཞལ་སྔ་ནས་ལས་ཐོས་ཏེ།
རྗེ་ཉིད་ཀྱི་བསྡུས་གཞུང་རིགས་ལམ་འཕྲུལ་གྱི་ལྡེ་མིག་ལས།
ཁྱད་པར་གཞི་དང་མ་འབྲེལ་སྤྱི་ལྡོག་མ།།
རྣམ་པ་གཞི་མེད་སྐྱེས་བུའི་དོན་མིན་ལོ།།
ངེས་བཟུང་མེད་ལ་མེད་ཅེས་སྨྲ་བ་ཡང་།།
མི་རུང་མིང་ཙམ་དབུ་མའི་འཕྲུལ་འདེགས་ཡིན།།
ཞེས་གསུངས་པ་ལྟར་རོ།

འཛིན་མཚམས་མི་རྙེད་པའི་ཚིག་འཁྲི་བ་ཆེ་བ་ནི་དོན་དམ་དཔྱོད་བྱེད་དུ་སོང་ནས།
ཀུན་རྫོབ་མ་རྙེད་པའི་དབང་གིས་ཡིན་ཏེ།
བདེན་གཉིས་ལས།
ཇི་ལྟར་སྣང་བཞིན་དངོས་པོའི་ཕྱིར།།
འདི་ལ་དཔྱོད་པ་མི་འཇུག་གོ།
ཞེས་གསུངས་པ་ལྟར་རོ།
བསྡུས་ཚད་ཀྱི་རིགས་པ་ནི་དབུ་མའི་ལྟ་བ་ཁོ་ནར་མ་ཟད།
ནང་རིག་པའི་གཞུང་དོན་ལ་གལ་ཆེ་བ་ཡིན་ཏེ།
བསྡུས་མཚན་སོགས་ཀྱི་བརྡ་དོན་དང་།
དེའི་སྟེང་ནས་སྒྲུབ་དང་སུན་འབྱིན་ཡང་དག་ལྟར་སྣང་གི་ཁྱད་པར་འབྱེད་མ་ནུས་ན།
གཞུང་ཆེན་མོ་གང་གི་དོན་ལ་རིགས་པ་བཞིའི་སྒོ་ནས་དཔྱད་ཚུལ་ཤེས་དཀའ་བས་སོ།

༄༅།། ཡི་གེ་གང་མང་ཞིག་བྲིས་ནས་བསུབས་ལ་བསུབས་ནས་བྲིས་བྲིས་མཐར་ངས་ཁྱེད་ལ་བརྗོད་འདོད་ཀྱི་སྐད་ཆ་དག་མགྲིན་པར་འགགས་ནས་སྨྲ་བརྗོད་ཀྱི་དབང་བོ་ཉམས་སོང་བ་ཇི་བཞིན་ཅི་ཡང་བཤད་མི་ཐུབ་ལ། ཅི་ཡང་འབྲི་མ་ཕོད་པའི་སྙིང་ཆུང་སྡར་མ་བཞིན་ཡང་ཡང་ཕྱི་ནུར་བྱས། དུས་ད་ལྟ་ཡང་ངས་རླབས་ཆེན་གྱི་མི་བུ་ཁྱེད་ཉིད་ངེད་ཅག་དང་གཏན་དུ་གྱེས་སོང་བ་ལ་ཡིད་ཆེས་བྱེད་དཀའ། ངས་ད་དུང་ཁྱེད་ཀྱི་བརྩམས་ཆོས་ཡོད་ཚད་ལ་ཞལ་མཇལ་གནང་ཚར་མེད། ཁྱེད་ཀྱི་གློག་བརྙན་དག་ལའང་བལྟས་ཚར་མེད། ཁྱེད་ཉིད་འདི་ལྟར་བཞུད་སོང་རྗེས་གཏམ་རྒྱུད་ཀྱི་འཕྲོ་མ་དེ་སུ་ལ་བཤད། བོད་ཀྱི་གཅེས་ཕྲུག་ཟེར་བའི་སྙིང་ཉེ་བའི་མིང་བྱང་དེ་སུ་ལ་འབོད།

རྒྱང་དུ་བཞུད་པའི་སྐར་ཆེན་ལགས། སྐུ་ན་ལྔ་བཅུ་ནི་དུས་ཀྱི་བགྲོད་པ་ལགས་ཀྱི་ཁྱེད་ཉིད་ག་ལ་ཡིན།
#️️️
惋惜一个伟大灵魂的逝去。

ཉིན་འདི་དག་ལ། ངས་མཚམས་མཚམས་སུ་དྲན་ཡོང་བ་ནི། འདས་པོ་ཁོང་གི་སྒྲུང་ཐུང་། ༼གངས༽དང་༼སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ༽དེ་གཉིས་རེད། སྔོན་ཆད་སློབ་གྲྭ་ན་ཡོད་དུས། ཚོགས་ཐུན་སྐབས་སུ། སློབ་དེབ་ཀྱིས་ཁོང་གི་བརྩམས་སྒྲུང་དེབ་ལ་ཕྱི་ཐུམ་འདྲ་བ་ཞིག་བྱས་ཏེ་ལྐོག་ལྐོག་སུད་སུད་ཀྱིས་བཀླགས་མྱོང་པའི་ལོ་ཟླ་དེ་དག་རེད། ད་རུང་གློག་བརྙན་༼གཡང་མདའ།༽རེད། ༼དབུགས་ལྒང་༽རེད། ད་ནི་གཏམ་རྒྱུད་ཁྱད་མཚར་པོ་ཤོད་མཁན་གྱི་སྐྱེས་མཆོག་ཁོང་། ང་ཚོ་དང་གྱེས་ཏེ་སླར་ཡང་འོད་ཀྱི་ཀོང་བུར་ཐིམ་སོང་། ཇི་ལྟར་བསམ་ན་དེ་ལྟར་ཕངས་པ་ལ་ཨང་།


发布     👍 0 举报 写留言 🖊   
✋热门推荐
  • 这两天半他都有主动和我妈报备,让她放心,好感动啊 未完待续,我先睡觉 爱你啊[心]今晚本来说好夜跑的,七点半出去然后又让小徐帮我送了趟货,到了水库都八点半了,
  • 【做大做强博士后“朋友圈”】#奋进新时代 建功新征程# 近年来,天津不断创新完善博士后人才“引、育、留、用”全链条服务体系,打造招才引智“津”名片,做大做强博士
  • 《秋园》是被放逐到社会底层的人们,如此渺小无力,仿佛大千世界的一粒沙。 秋园,为了活下去,跟着丈夫从一个地方流浪到另一个地方,从太太身份到民办老师,从老师到讨
  • 后经民警了解,出租车司机名叫贾彬,车号为蒙BT0920,怕高先生着急,收车后饭还没来得及吃。【乘客打车时丢钱包,司机从东河驱车送九原】16日晚19时多,市民高先
  • 也是诗词号名字的由来@_饮_水_ 但水的意象不止于此)⑤ 求之有道,得之有命,是求无益于得也,求在外者也。以经典为师,以自心为师#隐山野# 清2个月的库存 ʕ
  • 快步遛狗2km✓金周元瘦小腿✓这个要努力打卡周六野瘦小腿✓ 周六野瘦小腹✓周六野腹肌✓早起的帕梅拉15分钟有氧操✓碎碎念:心情很好的一天大概是 因为化妆了嘻嘻嘻
  • 《平凡的世界》读过原著小说后,又观看了电视剧版本,其中最有内涵的寥寥数语,就点透了人生,也是我比较欣赏的一种哲理:命运往往是如此,有的人事事不顺,有的人一顺百顺
  • 跌跌撞撞十年我以为我忘了你曾说时间是最好的良药才发现是忘不了的借口都说你不好可我却陷入太深是我太爱还是你太敷衍你来一阵子却占了我十年的心都说你不好可他们又怎知入
  • 遗憾的是从来没有在现场看过你的比赛,庆幸的是在你在役的时候喜欢了你这么长时间,我喜欢的从来只是有羽生结弦在的Figure Skating.期待你继续在下一个领域
  • 希望肺炎赶紧好起来,也希望开心健健康康,最重要的是我们三个快乐向光明亮。今年的疫情确实很严重,让我欣慰的是我爷爷一个80几岁的小老头这么听话,完全能理解我给他
  • #神藏令[超话]#【彩i】更新お姉ちゃんがサプライズで誕生日Disneyに連れていってくれましたとても幸せな空間で、いろんな気持ちになりましたあいにくの天気だっ
  • 奇闻怪事,廊坊市广阳区南尖塔镇翟各庄村,王向东家合法宅基地,有户口簿有门牌号,有建房手续的宅基地被强拆,一切生活用品全部故意毁坏,自2019年的7月16号被强拆
  • 方解:干姜守而不走,附子走而不守,使阳气健于中达于外,药简效捷,为单刀直入的简捷小方。体质虚的人,感冒治错了,会产生13种虚证(一)下后复汗——里虚表不和致冒原
  • 【法研教育-中国政法大学考研】周六法律硕士法理课[鲜花]小伙伴们准时上课哦[送花花]搭配内部讲义,跟着名师系统梳理重点[心]先理解再记忆,牢牢把握得分点提高备考
  • ᐝ ⁵ 七月没能和你一起吹吹晚风,希望八月我们万事胜意… @摩登兄弟刘宇宁 ²⁰༾₂₀ღ ✿ 摩登兄弟刘宇宁⁵²º刘宇宁 ₁₃₁₄এ°宁哥 ☃.#
  • 我没有故事可讲,我只带着最爱的烈酒,你若愿意陪我,就坐下举杯,我自然和你来日方长#废话交流中心[超话]#1、年少是夕阳,张扬的弥漫天边,青春是黄昏,落幕中还有希
  • 比如可以做他的的姐姐,长辈……最好别牵扯感情,喜欢他的女孩遍地都是,他都不会留意你,也不会喜欢你,更不知道你喜欢他,再说他有自己喜欢的女孩……淡淡地做好自己就行
  • 心若不动,岁月亦可从容……素静的生活,清清淡淡,简简单单,抱朴守拙,返璞归真,是一种最自然的生活状态,恬淡,安谧。心若不动,岁月亦可从容……素静的生活,清清淡淡
  • 夏季的癸水在弱的情况下,有金来生癸水,就不需要旺火,否则火旺金融,财坏印。丙火是癸水的正财,癸水阴柔,难以克制丙火,遇到丙火,癸水此时就喜欢辛金,用辛金合丙火,
  • 我们之所以放弃,是因为有更有价值的东西值得珍惜,而只有我们懂得放弃,才真正学会了珍惜。我们就是种子和水滴,不必妄自菲薄,无须艳羡他人,把远方镶嵌在脚步里,把理想