སྨྱོན་པས་ཁོ་སྨྱོ་མེད་ཟེར། ཆང་བཟི་མཁན་གྱིས་ཁོ་བཟི་མེད་ཟེེར། ང་ཚོས་ཀྱང་རང་ལ་འཁྲུལ་སྣང་མེད་བསམ་རེད། འོན་ཀྱང་། སྨྱོན་པས་ངོ་མ་ཁོ་རང་སྨྱོ་ཡོད་མེད་ཤེས་དུས། དྲན་པ་སླར་སོས་པ་ལ་ཉེ་བར་རེད། ཆང་བཟི་མཁན་གྱིས་རང་ཉིད་ཆང་གིས་བཟི་བར་གོ་དུས། དྲན་པ་སླར་སོས་པ་ལ་ཉེ་བར་རེད། དེ་བཞིན་ང་ཚོས་རང་སྣང་འདི་དག་འཁྲུལ་སྣང་ཡིན་པར་ཤེས་སྐབས་དེ་ནས་སངས་རྒྱས་བ་ལ་ཉེ་བ་རེད།____________༧རྫོང་སར་རིན་པོ་ཆེས།
འདས་པའི་ལོ་ཟླ་སེམས་ཀྱི་འཆར་སྣང་སོགས།།
དྲན་འཛིན་ཀུན་གསལ་ངོས་སུ་ཟླ་མོག་བཞིན།།
བྱ་བའི་ལས་རབས་ཐམས་ཅད་འཛད་མེད་དུ།།
ཐོབ་ཤོར་ཆེ་ཡང་སྐྱོ་མེད་སེམས་ཁམས་སྤྲོ།།
དྲན་འཛིན་ཀུན་གསལ་ངོས་སུ་ཟླ་མོག་བཞིན།།
བྱ་བའི་ལས་རབས་ཐམས་ཅད་འཛད་མེད་དུ།།
ཐོབ་ཤོར་ཆེ་ཡང་སྐྱོ་མེད་སེམས་ཁམས་སྤྲོ།།
དེ་རིང་སློབ་ཁྲིད་སྐབས། རི་རབ་རྒྱ་མཚོ་དཔོན་པོ་གསུམ་གཡོ་འགུལ་མེད་པར་བརྟན་ན་བཟང་ལུགས་ཀྱི་ཚིག་ཅིག་འདུག་པས། དེ་དང་འབྲེལ་ནས། 黑泽明《影武者》Kagemushaནང་གི་བྱུང་རིམ་ཞིག་གླེང་། བྱུང་རིམ་དེ། རྒྱའི་སུན་ཙིའི་དམག་ཇུས《孙子兵法》ལས “其疾如风,其徐如林,侵掠如火,不动如山”ཞེས་པའི་སྐོར་ཡིན་ཏེ། རང་རེའི་སྐད་དུ། “མྱུར་སྐབས་རླུང་བུ་བཞིན། དལ་སྐབས་ནགས་ཀློང་བཞིན། རྒོལ་སྐབས་མེ་ལྕེ་བཞིན། སྡོད་དུས་ལྷུན་པོ་བཞིན། ”ཞེས་བསྒྱུར་ཆོག་སྣང་། #《影武者》##影子武士##གློག་བརྙན#
✋热门推荐