#竹节寺佛学院[超话]# “ཆོས་བརྡ། ”
࿐བོད་ཟླ་གཉིས་པའི་ཚེས་ལྔ་ནས་དབུ་བཟུང་སྟེ་ཀུན་མཁྱེན་བསྟན་པའི་རྒྱལ་མཚན་ནམ་སྐྱེ་སྔ་ཡིད་བཞིན་ནོར་བུས། རྔོག་ཞེ་སྡང་རྡོ་རྗེས་མཛད་པའི་བརྟག་གཉིས་འགྲེལ་བ་རིན་ཆེན་རྒྱན་འདྲ་ལྗག་ཁྲིད་གནང་རྒྱུ་གཏན་ཁེལ་འདུག་པས་དོན་གཉེར་ཅན་དག་ཕེབས་བསུ་ཞུ།

འཕགས་པ་གསང་བ་འཛིན་གྱི་སྒྱུ་འཕྲུལ་གར། །
མཁས་དང་གྲུབ་པ་ཡོངས་ཀྱི་ཅོད་པན་འཆང་། །
ལུང་རྟོགས་བསྟ༵ན་པ༵འི་རྒྱ༵ལ་མཚ༵ན་སྒྲེང་མཛད་པའི། །
མཚུངས་མེད་བླ་མའི་ཞབས་ལ་ཕྱག་བགྱིའོ། །

མཁས་པ་རློམ་ཡང་མདོ་སྔགས་ཕྱོགས་རེ་བ། །
རབ་འབྱམས་ཟེར་ཡང་རིག་གཞུང་ཉི་ཚེ་བ། །
བཅུ་ཕྲག་རིག་པའི་གནས་ལ་དབང་འབྱོར་བའི། །
ཀུན་མཁྱེན་དུང་གི་ཟླ་གཞོན་ཁྱེད་གཅིག་པུ། །

བསླབ་ཁྲིམས་ངག་ཏུ་བཞུགས་ཀྱང་དོན་གྱིས་སྟོང་། །
སྤང་བླང་ཕྲ་རག་གོ་ཡང་འཆོལ་ཉོག་སྤྱོད། །
ཉེས་ལྟུང་ཕྲ་བས་མ་གོས་གསེར་བཙོ་མ། །
ཉེ་བ་འཁོར་གྱི་ཟླ་བོ་ཁྱེད་གཅིག་པུ། །

སྐུ་སྐྱེས་ཕལ་ཆེར་རྙེད་དང་གོ་སས་བསླུས། །
དབང་ཆེན་ཕལ་ཆེར་ངོ་བསྟོད་ལས་ལ་དགྱེས། །
ཆོས་བརྒྱད་ཆོས་ཀྱིས་མ་གོས་པདྨ་དཀར། །
རྗེ་བཙུན་ཆེན་པོའི་ཞལ་སྐྱིན་ཁྱེད་གཅིག་པུ། །

སྙིང་རྗེ་བརྗོད་པར་མཁས་ཀྱང་ཉམས་ལེན་ཟད། །
ཤ་ཁྲག་ཉེས་དམིགས་གོ་ཡང་འདོད་པས་བཅོམ། །
མགོན་མེད་དུད་འགྲོའི་མགོན་དུ་བྱོན་པ་ཡི། །
ཡང་དག་སྙིང་རྗེའི་རང་གཟུགས་ཁྱེད་གཅིག་པུ། །

སྡོམ་གསུམ་གནད་གཅིག་ཆོས་ཀྱི་གཤིས་བབས་སོགས། །
ཁ་ཆག་སྣ་རལ་ཙམ་རེ་འུར་བའི་ཚེ། །
རིན་ཆེན་དཔལ་གྱི་དགོངས་པའི་མཐིལ་བརྟོལ་ཏེ། །
སྨྲ་བའི་ལྗགས་རིང་རྐྱོང་མཁན་ཁྱེད་གཅིག་པུ། །

བསྟན་དོན་ཁ་རུ་ཁྱེར་ནས་བདག་དོན་འཚོལ། །
ལས་འབྲས་ངག་ནས་ཟློ་བཞིན་ཁྱད་དུ་གསོད། །
གཡོ་རྒྱུའི་འབུ་ཕྲས་ཀུན་གྱི་ལྟོ་སྒུལ་ཚེ། །
བསྟན་པ་ཁོ་ནར་གཟིགས་མཁན་ཁྱེད་གཅིག་པུ། །

ཀྱེ་མ་སྙིགས་མའི་རང་མཚང་ཀུན་ནས་བདོ། །
གཡོ་ཅན་ལྕེ་གཉིས་གྲགས་པའི་གདུགས་དཀར་གཡོ། །
དྲང་བདེན་བཟང་སྤྱོད་ཀུན་གྱི་མགོ་བོ་དུད། །
ཟོལ་བསྟོད་ངོ་གཉིས་ལས་ཀྱིས་མི་ཚེ་སྐྱོང་། །

དབུ་ཟླུམ་ཕལ་ཆེར་བསླབ་པའི་ཁྲིམས་ལ་སྐྱོ། །
གཞོན་སྐྱེས་ཕལ་ཆེར་གཞན་སྡེའི་ཁ་ཆུ་ལྡག །
ལུགས་གཉིས་ཆོས་ཀྱི་བཀྲག་མདངས་ཉམས་གྱུར་ཚེ། །
ཀུན་འདུས་ཡིད་བཞིན་དབང་རྒྱལ་ཁྱེད་གཅིག་པུ། །
#竹节寺##སྒྲུབ་བརྒྱུད་དགོན།##金安仁波切#

རང་ཉིད་ལགས།
སྐབས་སྐབས་སུ་འཚོ་བ་ལ་སུན་སྣང་དང་ཡིད་ཕམ་བྱུང་གི་ཡོད་པ།
རང་གི་སྐད་ཆ་དང་སྤྱོད་པ་འགའ་རེ་ལ་ཨ་ཐང་ཆེད་པའང་ཨེ་ཡོད།

རང་ཉིད་ལགས།
ད་ཚོད་ཀྱི་ལོ་ཟླ་ལྷོད་ཀྱི་བཞུར་བ་མ་ཚོར་རུང་།
འདས་སོང་གི་བརྩེ་བས་འཕྱོ་ལྡིང་བྱེད་པ་ཐོས་གྱིན་ཨེ་འདུག།

རང་ཉིད་ལགས།
ཁྱོད་ཀྱིས་གཅེས་སུ་འོས་པའི་མི་དག་ལ་གུས་མེད་ཞིག་མ་བྱེད་རོགས།
བློ་གཏད་སུའི་མི་དག་ལ་ཚིག་རྩུབ་ཞིག་མ་བརྗོད་རོགས།

རང་ཉིད་ལགས།
ཁོག་རྒྱ་ཆེ་རུ་བྱོས།

སྐད་ཆ་ཉུང་དུ་བཅུག།
ཤུན་དུ་ལྷིང་འཇགས་ཀྱི་ངང་ནས། ཁེར་རྐྱང་དུ་གསོན་རོགས་ཞུ།

࿐སཱ་ར་ནེ https://t.cn/R08xaRT

࿐བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་བསགས་ཚུལ་སྐོར།
ཐེག་ཆེན་ལྟར་ན། ཚོགས་ལམ་ནས་ས་དང་པོའི་བར་ལ་བསྐལ་ཆེན་གྲངས་མེད་དང་པོ། ས་གཉིས་པ་ནས་བདུན་པའི་བར་ལ་གྲངས་མེད་གཉིས་པ། ས་བརྒྱད་པ་ནས་བཅུ་པའི་བར་ལ་གྲངས་མེད་གསུམ་པ་སྟེ། དེ་ལྟར་གྲངས་མེད་གསུམ་མམ། ཡང་ན་ཚོགས་ལམ་དུ་གྲངས་མེད་གཅིག། དྲོད་རྩེ་གཉིས་ལ་གྲངས་མེད་གཅིག ས་བཅུ་པོ་ལ་གྲངས་མེད་གསུམ་གསུམ་སྟེ། བསྐལ་པ་གྲངས་མེད་སུམ་ཅུ་རྩ་གསུམ་དུ་ཚོགས་བསགས་པ་ཏེ། སངས་རྒྱས་པར་འགྲེལ་ཆེན་ལས་གསལ་བར་བཤད་དོ།། གོང་གི་ཚོགས་ལམ་ནས་ཞེས་པའི་ཚོགས་ལམ་དེ་སྐབས་འདིར་བསྟན་གྱི་ཐར་པ་ཆ་མཐུན་འཇོག་དགོས་པ་བླ་མ་རྗེ་བཙུན་པའི་དགོངས་པའོ།། དེ་ལྟར་ཚོགས་བསགས་པའི་དུས་སུ། དབང་པོ་རྣོན་པོས་ནི་མྱུར་ན་གྲངས་མེད་གསུམ་མམ་སུམ་ཅུ་རྩ་གསུམ་གྱིས་རྣམ་མཁྱེན་འགྲུབ་ལ། རྟུལ་བོས་ནི་ངེས་པ་མེད་དོ།།


发布     👍 0 举报 写留言 🖊   
✋热门推荐
  • 而且还提到了北奥没有获得奖牌,有人说她们只是因为在主场才表现得这么好,然后恩静说米兰她要获得奖牌,证明自己平昌并不是靠主场优势让我想起20年的时候,Kim在国会
  • ”这家游戏软件公司正在将其游戏改装成Web3和元宇宙,并在交易中加入了Mancium,这是一种实用的代币,对Manc游戏的全部产品有效。Pow Games 的
  • 好久没有的小作文,我努力了—————————大屏幕扫到了岛哥脸多少次我就说了多少句他好帅[悲伤]第一次走过我们这边时候又是走到我正对面开始背过身看内场(当时真的
  • 昼夜节律在我们的一生中会发生变化,在青少年时期达到最晚入睡时间,之后入睡时间随着年龄的增长逐渐提前。昼夜节律在我们的一生中会发生变化,在青少年时期达到最晚入睡时
  • 我当初要不是看你们背靠上汽集团,我是不会考虑的,结果,25万的Marvel R,现在就这个样子。然后再跟我们说,现在需要向厂家订压缩机,ok,等了三天,说因为飞
  • 三、Web3的DAO社区,线下的健康馆与线上的S2B2C商城相互赋能,当下市场最先进的商业模式。和传统电商(某宝、某多、某马逊)比起来,我们不和小商家竞争客户,
  • 例如,印度教徒的古书《Varaha Mihira 的 Bá ihat Saá hita》指出: 如果光环是两个同心圆,那么主帅就会感到恐惧,也会有战争,但并不可
  • 叠加折扣码价格:44.06 传送门:#2Game# 4月主题特卖:在《Beyond The Long Night》——这个迷人的双摇杆动作roguelike游戏
  • #spaceweather天文酷图##天文酷图# 【行星合相 20240131022114】John Nemy 和 Carol Legate 于 2019
  • 根据量到的色泽和亮度,天文学家可以模拟星团内何种质量的恒星(即何种年龄的恒星),会开始离开主星序变成红巨星。根据量到的色泽和亮度,天文学家可以模拟星团内何种质量
  • 我以为他真心后悔,想和我复婚,哪怕我不接受,可是心里总有一些痛快,所以当我听到他和星彩公司合作,看到小猫落在游戏室的围巾时,那种像是被人耍了的感觉,又冒了出来。
  • #LISA KPOP女永一##LISA SOLO之光# 【图片】240127 Le Gala des Pièces Jaunes 法国慈善活动 LALISA 相
  • Counterpoint 全球智能手机业务总监 Tarun Pathak 指出:“这个出货量在整个智能手机市场的背景下可能微不足道,但如果考虑一直都举足轻重的超
  • 丨 从前我的理想就是遵循自己的意愿 成为一名自由摄影师或者写书人 说起来可能有些不太现实 但这确实是我的理想中自己长大后想要过的生活 现在我决定重新规划一下我的
  • #左邓# 左邓在我幻想的梦幻敦煌平行世界也能营业[可怜][可怜][可怜]音子原本是出身高贵的东宫太子,因宫廷朝堂斗争,看似被安排出使西域,实则是政di想在漫长的
  • 我们心爱的Fahmi已经去世,他是《Coffee Talk》的作者,也是Toge Productions的挚友。我们心爱的Fahmi己经去世,他是《Coffee
  • 漫城影像出品「ただあなたがいつも楽しくて楽しいことを望んでいます。」“ 惟愿你 常开心 常欣喜 有趣 有盼 无灾 无难”#婚纱照##漫城影像婚纱摄影工作室# 漫
  • 去年10月,来自新加坡的研究团队通过将小胶质细胞整合到实验室培养的大脑类器官中,以模拟出人类大脑发育的复杂环境,分析了小胶质细胞是如何影响脑细胞的生长和发育,这
  • 垠神就读于印第安纳大学,他最崇拜的教授是Daniel P Friedman,Friedman最广为人知的书是The Little Lisper, The Lit
  • 泰国女星沉迷中国电视剧 每次都是看到停不下来泰国网消息,泰国知名女星帕德容琶·砂楚(昵称AumP)在接受访时透露,她非常喜欢中国电视剧,每次都是看到停不下来。1