དཔའ་མཛངས་ལྡན་པའི་ཤེས་རབ་ཅིག་ཡོད་ན། 
རང་གི་མིག་ཟུང་གིས་བརྟག་དཔྱད་དང་། 
བརྩེ་སེམས་ཀྱིས་གཅེས་སྐྱོང་། 
རྣམ་དཔྱོད་ཀྱིས་བརྡར་ཤ་གཅོད་པའི་མི་ཞིག་བྱེད་པ་ལས། 
གྲིབ་གཟུགས་ཤིག་བྱེད་མི་སྲིད།

一个勇敢而率真的灵魂,
能用自己的眼睛去观察,
用自己的心去爱,
用自己的理智去判断。
不做影子,
而做人。

བཞུགས་པའི་དུས་སུ་རི་ཁའི་སྤྲང་པོ་ཞིག


གཤེགས་པའི་རྗེས་སུ་ཆེ་དགུའི་མཆོད་གནས་ཤིག །
ཀུན་ཏུ་འབྲེལ་ཚད་ཐར་ལམ་འདྲེན་པ་ཞིག


བྱང་ཕྱོགས་མུན་པ་གསལ་བའི་སྒྲོན་མེ་ཞིག



ལུས་ལ་བལྟས་ན་སྙིང་རྗེའི་མིག་ཆུ་འདྲེན།


སེམས་ལ་བལྟས་ན་དད་པའི་སྤུ་ལོང་གཡོ།


དགའ་སྐྱོ་དུས་གཅིག་འདྲེན་པའི་རྣམ་ཐར་ཅན།


ས་སྟེང་གྲུབ་པའི་གཙུག་རྒྱན་ཐོས་པ་དགའ།



མི་ཡིས་མཐོང་ན་འཁོས་མེད་འབྱོར་མེད་ཅིག


ལྷ་ཡིས་མཐོང་ན་སངས་རྒྱས་གསོན་པོ་ཞིག


ཚེ་ལུས་གཅིག་ལ་ཟུང་འཇུག་མཆོག་བརྙེས་པའི། །
སྐྱེས་མཆོག་བཞད་པ་རྡོ་རྗེའི་རྣམ་ཐར་དྲན།



ཕྱི་ཡི་མིག་ཟུང་ནང་དུ་འཛུལ་བ་ཞིག


ནང་གི་རུས་གོག་ཕྱི་རུ་འབུར་བ་ཞིག།


སྤང་ལ་བེ་ཕུར་བཏབ་འདྲ་ཕུག་སྟོང་དུ།


གཅེར་བུར་སྒྲུབ་ཚུགས་ཟིན་པའི་རྣམ་ཐར་དྲན།



གངས་རིའི་སུལ་ན་རས་རྐྱང་བླ་གོས་ཅན།


བདེ་དྲོད་མེ་ལྟར་འབར་བའི་སྒོམ་ཆེན་ཞིག


སྣང་སྲིད་གླུ་རུ་གྱེར་བའི་འཁྲུལ་ཞིག་གི།


རྣམ་ཐར་དྲན་ཞིང་དད་པའི་མཆི་མ་བཀུ།



བླ་མས་གཟིགས་ན་དབང་རབ་སྣོད་ལྡན་སྟེ།


མོས་གུས་ལྟེམ་རྐྱང་མེད་པའི་སློབ་མ་ཞིག


སློབ་མས་མཇལ་ན་ཐབས་གྲོལ་དེད་དཔོན་ཏེ།


གདམས་ངག་འཛད་པ་མེད་པའི་བླ་མ་ཞིག



ས་འཁྱག་རྡོ་འབུར་སྟེང་གི་དབྱུག་བཟུང་ཞིག


སྐྱོ་བའི་གླུ་ཆུང་བྲག་ལ་ལེན་པ་ཞིག


སངས་རྒྱས་སེམས་ལས་བརྙེད་པའི་རས་པ་ཞིག །
འཁོར་འདས་བར་ལག་དངོས་སུ་གྱེས་པ་མཚར།



སྐབས་རེར་བྱ་རྒྱལ་བཞིན་དུ་མཁའ་ལ་ལྡིང་།


སྐབས་རེར་གཡག་རའི་ཕུག་ནས་མགུར་དབྱངས་སྒྲོག


འཁོར་འདས་སེམས་ལ་དབང་བའི་རྣམ་ཐར་ལ། །
ངུ་མ་རྒོད་ཀྱི་ཚོར་འདུ་འདྲེས་པ་ཞིག



འདིར་སྣང་དོར་བའི་བྱ་བཏང་རྒྱལ་པོ་ཞིག


མཐོ་དམན་ངོ་སྲུང་བྲལ་བའི་མི་རྒན་ཞིག


རྫོང་དྲུག་བྲག་ལ་འཁོར་བའི་རི་དྭགས་ཤིག


ཆོས་བརྒྱད་སྒྲོག་ཏུ་ཚུད་དུས་སླར་ཡང་དྲན།



ད་ལྟ་མངོན་དགའི་ཞིང་དུ་གཤེགས་པའི་ཤུལ།


མཚན་ཙམ་ཐོས་ཀྱང་སྲིད་པའི་སྣང་ཤས་ཀུན།


ཟང་ངེ་ཐལ་ལེ་ཧྲུལ་པོར་བྱེད་དོ་ཞེས།


བྱིན་རླབས་འགྲན་ཟླ་བྲལ་ཁྱོད་སླར་ཡང་དྲན།



སྐྱེ་འཆིའི་བཙོན་ལས་ཐར་བའི་ཤྭ་བ་ཞིག


ཆོས་ཉིད་ནམ་འཕང་ཆོད་པའི་རྒོད་པོ་ཞིག


སྐུ་བཞིའི་བཙན་ས་ཟིན་པའི་རྣམ་ཐར་དེ།


སྡུག་བསྔལ་འདམ་དུ་བྱིང་ཚེ་ལྷག་པར་དྲན།



དོན་ཀུན་གྲུབ་པས།

ངས་མི་འདྲི། ཁྱོད་ཀྱིས་མི་བཤད། འདི་ནི་བར་ཐག་རེད།
ངས་དྲིས་ཡོད། ཁྱོད་ཀྱིས་མི་བཤད། འདི་ནི་འགལ་ཟླ་རེད།
ངས་དྲིས་ཡོད། ཁྱོད་ཀྱིས་བཤད་པ་རེད། འདི་ནི་ཡིད་ཆེས་རེད།
ཁྱོད་ཀྱིས་མི་བཤད། ངས་མི་འདྲི། འདི་ནི་མ་གྲོས་གཅིག་མཐུན་རེད།
ངས་མི་འདྲི། ཁྱོད་ཀྱིས་བཤད་པ། འདི་ནི་བརྟེན་ས་ཡིན།


发布     👍 0 举报 写留言 🖊   
✋热门推荐
  • 公益、爱心 不必多言、努力向前 一人有难、万人帮扶 【帮人一分钱,万人解大难】 #挑战自我#、#中国公益#、#中国力量#、#北京身边事#、#北京生活#、#上海身
  • 收到这个的时候眼泪一下子就掉下来让我感动的方式有很多 例如这一点点小事 今天闺蜜来我这里吃炸串 没收钱 晚上直接支付宝到账(心灵感应:微信我不会收就转支付嘛)
  • ”“……”亚妮想说你这孩子本来就是废的,没出口,和声细语地劝他,“你换一个角度,让他往艺术发展,你比如说舟舟,他跟邵博有一拼吧,人家成了指挥家额。但他忘了杜邵博
  • 这部动画片是《宇宙的巨人希曼》的“兄妹篇”当时的制作公司有3部动画片在中国可谓是家喻户晓,除了希曼和希瑞之外,还有一部是《布雷斯塔警长》。希瑞是80年代绕不开的
  • 刚刚下单了一款音响,跑腿小哥火速给我送来,我安在门口,连上蓝牙,现在音响里循环播放:秃了下巴的狐狸是土老帽,秃了下巴的狐狸是土老帽,秃了下巴的狐狸是土老帽。对策
  • 乌克兰118平米公寓,设计师选用大理石搭配金属元素,色与原木色作为空间的主要配色,奠定整体自然优雅的基调,营造优雅而高级的空间氛围,不同的材质融合在统一的色调中
  • 除了女士死这一点……感觉这个主线没啥问题……作为各仙剑类单机RPG老玩家……我以为我对剧情要求已经很严格了[允悲]【仙剑IP开放世界RPG正在开发】前阵子以6.
  • 做个俗人吧,爱钱、爱自己、爱生活、好好待自己,生活皆是成长,成长便是人生…… ● 文案 -------------------1.ʸᵒᵘ ᵐᵃʸ ʰᵃᵛᵉ ᵇ
  • 哈尔滨制造助力中国航天事业问鼎苍穹】#神十三发射圆满成功# #神舟十三号# 王秀晶 吴士强 记者 张鸣霄文/摄10月16日凌晨,神舟十三号载人飞船接过神州十二号
  • 生活中并不是全是艰辛和困难,懂得让别人微笑,是一种天分,懂得让人流泪的人,分两种,一种,给的是最深的伤痛,一种给的是最深的感动心净,一切都净;心善,一切都善;心
  • 船舶安全管理体系审核实行“全国通办”交通运输部海事局发布公告,自2021年10月1日起,船舶安全管理体系审核实行“全国通办”船舶可根据实际需求选择在全国任意靠泊
  • #迪圈养娃基地[超话]# 今天又有两个孩子加入我们家[害羞]分别是奶九和熊巴巴,然后我妈看见奶九的时候她说这是个男孩子吧[微笑]之后我给她穿上裙子她又夸好可爱!
  • ” “还不是因为急着给你炖汤啊……” “原来是这样。” “……我、我自己来。
  • 当你的社交开始流于形式,当你的圈子开始慢慢变大,接触的朋友越来越多,我就知道,我们要分开了,说实话,这两年没吃什么苦,所以我也不觉得是钱改变了人这种说法,只能说
  • 很显然观察视点并没有侧重于“机器人”自我意识发展的传统路程上,更没有站在“人类”一方,探讨的只是爱情关系,借用概念去诠释当下遍布孤独的群体渴求态势——它的存在永
  • 大家的情况可见一斑了……哎,看了一下今天的大A,感觉今天又是一波跳水……#VD工作随笔##VD的日记#记录一下今天的幸运[太阳]1、因为论文推不动非常焦虑,幸好
  • #上海美国中心讲座# 上海美国中心夏日放映:《光辉岁月》 Shanghai American Center Summer Screening: Remember
  • 好悬!#在伊犁州的游客暂时无法离开# 长假前,我在乌鲁木齐附近的昌吉当新疆丝绸之路葡萄酒大赛的评委。 遇到相熟的来自伊犁州的酒庄庄主,知道我喜欢拍美景,还约我评
  • 老李先生朋友的四喜堂,依山而建。外在保留了一百多年古建筑的样貌,修旧如旧。内在现代化设施齐全。二楼,十个套间,十种布局。家具多为木制。有的房间与天然的山体接洽,
  • 对年轻人也很尊重和理解,普天之下都是她的朋友。非常羡慕这样的人,她可以开心的,充满智慧与经验的继续享受自己接下来的人生了。