དཔེ་ཀློག་གི་ཕན་ནུས་ཆེན་པོ་དྲུག

གཅིག རིག་གནས་དང་ཤེས་བྱ་མང་པོ་ཤེས་ཐུབ་པ།གཉིས། ཡང་དག་པའི་ལྟ་བ་རྒྱུད་ལ་འབྱོར་སྲིད། གསུམ། ཤེས་རྟོགས་མཐོ་བའི་མི་ཞིག་བྱ་ཐུབ། བཞི། མིའི་ལས་དབང་ལ་བསྒྱུར་བཀོད་བྱེད་ནུས་པ། ལྔ། དམིགས་ཡུལ་དང་ཕུགས་འདུན་གཅིག་པའི་གྲོགས་མང་པོ་བསྒྲིགས་ཐུབ། དྲུག སེམས་རྒྱ་དང་མིག་རྒྱང་སྐྱེད་ནུས་པ། ཡོན་ཏན་ཅན་གྱི་མི་དེས་ད་གཟོད་མི་གཞན་ལ་བརྩི་བཀུར་བྱེད་དགོས་པ་ཤེས་ཡོད། མི་གཞན་ལ་བརྩི་བཀུར་བྱེད་པ་དེ་དོན་ངོ་མ་རང་ཉིད་ཀྱི་གཟི་བརྗིད་ངོམ་པ་རེད།


_________རྫོང་སར་མཁྱེན་བརྩེ་རིན་པོ་ཆེས།

ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་རྣམ་ཐར།
༈ ཁུ་ནུ་བླ་མ་བྱང་སེམས་བསྟན་འཛིན་རྒྱལ་མཚན་ནི། རྒྱ་གར་ནུབ་ཕྱོགས་ཁུ་ནུའི་ཡུལ་སུས་རྣམ་ཞེས་པར། ཡབ་ཀ་ལན་པུར་ཞེས་པ་དང༌། ཡུམ་ནོར་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པ་ཤིང་ལུག་༼༡༨༩༥༽ལོར་འཁྲུངས། དགུང་ལོ་བདུན་ལ་ཞང་པོ་བླ་མའི་མདུན་ནས་ཡིག་རིགས་སྦྱང་བརྩོན་གནང༌། བཅོ་ལྔ་ལ་མངའ་རིས་ཆོས་གླིང་གྲྭ་ཚང་དུ་ཞུགས། དེར་ལོ་ཕྱེད་གསུམ་ཙམ་སློབ་གཉེར་མཛད་ནས་བཞུགས། བཅུ་དགུ་ལ་ཐོས་བསམ་དོན་གཉེར་གྱི་ཐུགས་འདུན་དྲག་པོས་བསྐུལ་ཏེ། ཐོག་མར་འབྲས་ལྗོངས་སུ་དགེ་བཤེས་ཨོ་རྒྱན་བསྟན་འཛིན་བསྟེན་ནས། ལོ་གསུམ་ཙམ་ལ་དབྱངས་ཅན་སྒྲ་མདོ་དང་ཙནྡྲ་པ་སོགས་ལེགས་སྦྱར་དང་དག་སྙན་སྐོར་གསན་སྦྱང་གནང༌། བར་སྐབས་ཤིག་ལ་ཝཱ་རཱ་ཎ་སཱིར་པཎྜི་ཏ་དེ་བ་ཎཱ་ར་ཡཎ་ཏྲི་པཱ་ཋཱི་ཞེས་པའི་མདུན་ནས་ཀྱང་སྒྲ་པཱ་ཎི་སོགས་དཔྱིས་ཕྱིན་པར་སྦྱངས། ཆོས་ཕྱིར་དཀའ་སྤྱད་བཟོད་པ་ཆེན་པོའི་སྒོ་ནས་བོད་དུ་བྱོན་ནས། བཀྲས་ལྷུན་དུ་པཎ་ཆེན་ཡོངས་འཛིན་མདུན་དགེ་ཚུལ་བསྒྲུབས་ཤིང༌། ཚད་མ་སོགས་གསན་སྦྱང་མཛད། རིམ་གྱིས་ཁམས་སུ་བྱོན་ནས་ཀཿཐོག་སི་ཏུ་དང༌། ཁྱད་པར་མཁན་ཆེན་གཞན་དགའ་རིན་པོ་ཆེ་བསྟེན་ཏེ། གཞུང་ཆེན་བཅུ་གསུམ་ཕལ་མོ་ཆེའི་བཤད་ཁྲིད། ཡེ་ཤེས་བླ་མ། ཐེག་མཆོག་མཛོད། ཆོས་དབྱིངས་མཛོད་སོགས་ཀྱི་ཟབ་ཁྲིད་ཀྱང་ཞིབ་པར་ཐོབ། དེ་རྗེས་མཁས་གྲུབ་འབྲུ་འཇམ་དབྱངས་གྲགས་པ་ལས་འབྲུག་པའི་གདམས་སྐོར་མང་པོ་དང༌། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། གསོ་རིག་ཕྱི་མ་རྒྱུད་སོགས་གསན། གཞན་ཡང་རྨེ་བ་མཁན་ཆེན་ཡེ་ཤེས་དར་རྒྱས། གྲུབ་དབང་ལྔ་པ་ཆོས་ཀྱི་རྡོ་རྗེ། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ། ཀཿཐོག་མཁན་ཆེན་ངག་དབང་དཔལ་བཟང༌། མཁན་ཆེན་ཀུན་བཟང་དཔལ་ལྡན། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། བླ་མ་འཇམ་རྒྱལ། དབོན་སྟོད་མཁྱེན་རབ། སྒ་ངག་དབང་ལེགས་པ་སོགས་སྐབས་དེར་གྲགས་པའི་གསར་རྙིང་མཁན་གྲུབ་ཕལ་མོ་ཆེ་ལ་གཏུགས་ནས། རྫོགས་ཆེན་སྙིང་ཐིག་གིས་མཚོན་པའི་བཀའ་གཏེར་དབང་ལུང༌། ལྷག་པར་བྱང་ཆུབ་སེམས་ཀྱི་མན་ངག་ཨ་བུའི་གསུང་རྒྱུན་ཅན་གྱི་སྤྱོད་འཇུག་གི་ཁྲིད་སོགས་ཟབ་ཆོས་མང་པོ་གསན་བསམ་མཛད། སྡེ་དགེ་དགོན་ཆེན་དུ་རིག་གནས་སྐོར་འཆད་སྤེལ་གནང་བའི་སྐབས་སུ། ཞལ་གསུང་ཟིན་ཐོར་བཀོད་པ་ངག་སྒྲོན་གྱི་འགྲེལ་བ་ཚིག་གསལ་ཞེས་པ་དེ་མཛད། དེ་ལྟར་བོད་མདོ་དབུས་རྣམས་སུ་ཚུར་ཆོས་གསན་པ་དང་ཕར་རིག་གནས་འཆད་སྤེལ་བཅས་ལོ་བཅུ་གཉིས་ཙམ་གྱི་རིང་བཞུགས་ཏེ། ཞེ་གསུམ་ལ་ཡབ་ཡུལ་ཁུ་ནུར་ཕེབས། ཕྱོགས་དེར་བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན་བྱ་བྲལ་གྱི་རྒྱལ་པོར་བཞུགས་ནས་བྱང་ཆུབ་སེམས་ལ་ཐུགས་དམ་གྱི་མཐིལ་དུ་གནང༌། བར་སྐབས་ཤིག་ལ་ཝཱ་རཱ་ཎ་སཱིར་གཞུང་ཕྱོགས་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོར་བཙུགས་པའི་དགེ་རྒན་དུ་གདན་དྲངས་ནས། སྒྲ་སྙན་ངག་སྐར་རྩིས་སོགས་རིག་གནས་ཀུན་ཆགས་ཐོགས་མེད་པར་འཆད་ཁྲིད་མཛད་པས། དེར་བཞུགས་དགེ་བཤེས་བླ་སྤྲུལ་མཁན་པོ་ཀུན་གྱིས་གཙུག་ཏུ་བཀུར། གནས་དེ་ཉིད་དང་རྡོ་རྗེ་གདན་དུ་ལོ་མང་བཞུགས། སྐབས་དེར་རང་གི་ཉམས་ལེན་དང་བསྟུན་ཏེ་ཉིན་རེར་ཤྭ་ལོ་ཀ་རེ་བརྩམས་པའི་བྱང་ཆུབ་སེམས་བསྟོད་མཛད། མ་སུ་རིར་སློབ་གྲྭ་ལ་ཁྱད་པར་འཕགས་བསྟོད་ཀྱི་བཀའ་ཁྲིད་གནང་སྐབས་སུ་དེའི་ཟིན་བྲིས་སོགས་གསུང་རྩོམ་མང་པོ་བཞུགས། བཅུ་བཞི་པ་ཆེན་པོས་ཀྱང་སྐྱེས་བུ་དམ་པར་གཟིགས་ནས་སྤྱོད་འཇུག་སོགས་གསན་ཅིང༌། ཁྲིད་རྒྱུད་དེ་ཉིད་ད་ལྟའི་བར་དུ་རྒྱ་ཆེར་སྤེལ་བར་གནང༌། རྒྱལ་དབང་ཀརྨ་པ་བཅུ་དྲུག་པས་ཕྱག་ཆེན་གྱི་ཁྲིད་གསན། གསེར་ལྗོངས་མཁན་ཆེན་ཨ་པད་ཀྱིས་བརྟག་གཉིས། གུར། སམྦུ་ཊ་སོགས་གསན་པར་མཛད། གཞན་ཡང་མཚོ་པདྨར་ཕེབས་ནས་སྙིང་ཐིག་སྐོར། མུ་ན་ལི་ཅི་ཊ་རི་ལ་འབྲུག་ལུགས་སྐོར། གར་ཞ་དཀར་དྭངས་དགོན་པར་རོ་སྙོམས་སྐོར་དྲུག་སོགས་གསུངས་པས་མཚོན་འབྲུག་འབྲས་ལྗོངས། བོད་བལ་ཡུལ། རྒྱ་གར་ཤར་ནུབ་སོགས་རིས་སུ་མ་ཆད་པའི་བླ་ཆེན་མི་ཆེན། སྐྱ་སེར་ཕོ་མོ་སོགས་ལ་གང་ལ་གང་འདོད་ཀྱི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར། མཐར་གར་ཞ་ཤ་ཤུར་གླིང་དུ་ཕེབས་ནས་དྭགས་པོའི་ཐར་རྒྱན་ཁྲིད་ནས་ཆོས་ཐུན་ཚུགས་བཞིན་པའི་མུར། དགུང་ལོ་གྱ་གསུམ་པ་མེ་སྦྲུལ་༼༡༩༧༧༽ ལོའི་ཆོ་འཕྲུལ་ཟླ་བའི་ཚེས་གཉིས་ལ་ཞི་བར་གཤེགས་སོ། །སྐུ་གདུང་མཆོད་རྟེན་ཡང་དེར་བཞེངས་སོ། །

祈请我的心识随顺教法,祈请一切教法缘于正道,并祈请一切幻觉悉变为智慧。—顶果钦哲

བདག་གི་སེམས་ནི་དམ་པའི་ཆོས་བཞིན་དུ་འཇུག་པར་བྱིན་གྱིས་རློབས། དམ་པའི་ཆོས་ནི་ཡང་དག་པའི་ལམ་ལས་འབྱུང་བར་བྱིན་གྱིས་རློབས། འཕྲུལ་སྣང་ཐམས་ཅད་རིག་པ་ཡེ་ཤེས་སུ་འགྱུར་བར་བྱིན་གྱིས་རློབས།


发布     👍 0 举报 写留言 🖊   
✋热门推荐
  • 花了三个小时耐着性子把这书翻了一遍,怎么说呢这书如果你把他每一条都当个段子一样,在微博上吐槽,我觉得还行,毕竟微博就是大家放飞自我的地方,但是把这些编成一本书
  • 杭州场的策划组是真的用心啊,还把大家的ID在公屏放出来了[允悲]有些姐妹的ID哈哈哈哈笑死。”的那段真的好可爱呜呜第一次明家聚餐的时候阿诚一个人坐在最边上看上去
  • [蜡烛]【9.80】十二生肖彩色纸盘贴画 幼儿园手工当生命的第一声号角吹响,亲情就是那荡漾在母亲眼眶中的泪水,是那绽放在父亲脸的笑痕;当生命之舟开始摆渡时,亲情
  • 现时最高级的美德:[二哈]1.不焦虑(自我内在调节心理平衡)2.不传播焦虑(自己焦虑就好,不要跟别人诉说,就算说也要蜻蜓点水,不然别人会吸收你的情绪垃圾)3.不
  • #中秋##月亮# 9:30起床,开始搞工作12:30搞完工作去洗漱、吃粥14:00午睡16:15起床(睡过头了)17:30去朋友家吃饭20:00去公园(走到公园
  • 可拆卸的下裙,能够满足长短两种穿法,秋冬季多样国风穿搭就靠它啦~(图1-5) ✨「绒兔暖暖」以小兔花灯为主题创作的国风毛绒短外套,整体版型宽松舒适。#10.24
  • (天津市商务局供图)天津永乐桥摩天轮为大家所熟知的天津之眼摩天轮,坐落在三岔河口海河畔,兼具观光和交通功能,是一座跨河建设、桥轮合一的摩天轮,也是建在桥上的摩天
  • #哈师大微分享[超话]##哈师大随手拍# 给大家分享罗翔老师的一段话人生是无法回逆的旅程,难以从过去的遗憾中抽离,免不了会为难现在的自己。[星星][男孩儿][污
  • 少一事不如无事”有了正解,之前完全是一种消极的误解,逃避的心理,一度推崇“多做多错,少做少错,不做不错”其实质无事不是什么都不做,而是心无事,无所挂碍,而不是身
  • 在第一周bp阶段的时候我们有一些自满,所以在第八比赛日的时候专注于提高bp了。LCK和LPL确实看起来比其余(队伍)要更强,所以我期待在这两个赛区间的比赛可以(
  • 【remedy - remediable - remediability】noun 1.usually foll by for or against. any
  • 1.从本事件看,男子过来点餐,并不是真的要过来就餐,他的目的只是为了发泄自己内心不满的情绪,他点餐就占用店家的财物,因此他的行为属于寻衅滋事的行为。在大家的教育
  • 高科技的研发一定是人才堆出来的,这对人才的抢夺也提出了更高的要求,当然,人愿意去,不单单是因为工资(看人均24万,也并不是特别高)还有很多综合因素,比如:福利、
  • 如果是我,估计要选核电了,虽然离市区远,但也不是太大的问题,因为我本来就不喜欢市区,现在这个时代,想买什么网上都能买到,又不是非得去市区。山东核电,稳定性肯定好
  • 都说女人是因爱而性,我怎么也没想到,自己竟在这种不正当关系中爱上了他。 都说女人是因爱而性,我怎么也没想到,自己竟在这种不正当关系中爱上了他。
  • )刚进门的右手边的墙上满满的糖果和儿时的零食还有各种日漫的手办海报……真的很有怀念青春的味道呀[坏笑]推荐菜单:1.寿喜烧/68推荐指数:⭐⭐⭐⭐⭐分量不大,但
  • 直到现在,你静静的躺在我身边,我仍然觉得梦一般!整个孕期,每天就偷偷藏起来孕肚肚,生怕自己列入妈妈的角色,想着只要没有肚子还能像小姑娘一样,后来肚肚越来大,开始
  • 聪明可爱的小兔子唐九洲 不只会哦哦还会解题的唐九洲 图形达人密室小天才唐九洲[下雨] 名侦探学院的小开心果唐九洲 北邮学霸唐九洲 唱唱跳跳样样拿手的唐九洲 走自
  • 这里给学弟学妹提供另外一条路走:日本考研,用英语成绩就可以入学,通过考试照样可以在东京大学等名校读硕士。为考研学的课程刷的题,马上能用在大学院考试中。
  • 我一直都有着这样一个梦想:如果有一天我可以去看她的演唱会,亲眼见到张韶涵姐姐与她互动该多好啊!;在我孤独寂寞时,Angela的歌总是给我带来无限美好希望!