གཞུང་ལ་སློབ་ཁྲིད་མེད་པའི་གླགས་དང་བསྟུན་ནས་རང་ལ་ཡོད་པའི་དེབ་འདི་དག་བཀླགས་གྲུབ་པར་བྱས་པ་ཡིན། སྐྱ་ཆད་སྔོ་སྡུག་གི་འཇིག་རྟེན་འདིར་ང་ཚོ་མ་གཞི་ནས་ཧ་ཅང་ཁེར་རྐྱང་གིས་གསོན་དགོས་པ་འདྲ་བའི་སྣང་བརྙན་དག་རྩོམ་པ་པོ་དག་གིས་མངོན་ཆུང་གི་ཟོལ་གྱིས་ཡི་གེའི་ཕུང་པོར་གོ་འཕོས་པར་བྱས་ནས་ཀློག་པོ་པ་དག་གི་སྤྱན་ལམ་དུ་བསྟར་འདུག་པའི་སེམས་ཚོར་བྱུང་སོང་། དེ་མིན་སྲིན་པོས་བསྒྱུར་བའི་འགྱུར་དེབ་དེ་ནི་ང་རང་གིས་ཐེངས་གསུམ་བཞི་ཞིག་ལ་བཀླགས་པ་ཡིན་ལ། ཞེ་ལ་ངང་གིས་སིམ་འགྲོ་བའི་སྙན་ངག་ཡག་པོ་རེ་ཡང་བདོག་པས་སྙན་དེབ་དེར་ང་རང་ཞེ་འདང་འཐུག་པོ་འདྲ་ཞིག་ཆགས་ཡོད། མཇུག་མཐར་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཤོག [干杯]

གྲོགས་པོ། འཇིག་རྟེན་འདི་ང་རྒྱལ་དང་ཕྲག་དོག་གིས་བསྐྲུན་པའི་འགྲན་རྩོད་ཀྱི་གཡུལ་ས་ལྟ་བུ་ཞིག་རེད་ཅེས་མ་ཟེར་དང་།

འཁོར་བ་འདི་ཞེན་ཆགས་དང་ཁོང་ཁྲོའི་འདམ་རྫབ་ཀྱིས་གང་བའི་ཞེ་མེར་བ་ཞིག་རེད་ཅེས་མ་ཟེར་དང་། རང་གི་ནང་སེམས་ཀྱི་རྣམ་རྟོག་ལ་ཤེས་རབ་ཀྱི་བདུད་རྩིས་བྱི་དོར་རེ་བགྱི་ཐུབ་ན།

གནས་ལུགས་ཀྱི་རྟ་མཆོག་ལ་དྲན་ཤེས་ཀྱི་ལྕག་གིས་ཡང་ཡང་བསྐུལ་ན། ང་ཚོའི་དབང་པོའི་སྤྱོད་ཡུལ་ལས་འདས་པའི་ངོ་མཚར་བའི་ལྟད་མོ་ནི་རྒྱང་རིང་ན་མེད་པར་རང་གི་མིག་མདུན་ན་གནས་སོ།། [太阳]#摄影[超话]# https://t.cn/R2Wx1Aq

ཁྲོ་བའི་མེ་དཔུང་འཇོམས་པའི་ཤེས་རབ་ཅེས་པའི་ཁ་བྱང་དེ་མཐོང་འཕྲལ་ཀློག་འདོད་ཀྱི་འདུན་མ་འགོག་མེད་ཅིག་སྐྱེས། ཡིན་ཡང་ད་ལྟའི་བར་ཀློག་ལོང་མ་བྱུང་ལ་དཔེ་དེབ་ཀྱང་ལག་སོན་མ་བྱུང་། ཉེ་ལམ་གྲོགས་པོ་ཞིག་གི་དཔེ་ཁང་ལས་བླུས་ཏེ་སོ་ནམ་ལོ་སར་དང་བསྟུན་ཆུ་ཚོད་བརྒྱད་ལྷག་གི་དུས་ཡུན་བེད་སྤྱད་དེ་ཞིབ་པར་ཐེངས་གཅིག་བཀླགས། འོན་ཀྱང་ཁོ་བོའི་སེམས་ཀྱི་བབས་སོ་དང་མཐུན་ཞིང་ཉིང་བཅུད་ཀྱིས་ཕྱུག་པའི་ཁྱད་ནོར་ཞིག་ཏུ་ལར་ནས་མ་མཐོང་། སེམས་ལ་ངང་གིས་འཆར་ཡོང་བ་ནི་ཁྲོ་བའི་མེ་དཔུང་འཇོམས་པའི་བཟོད་པའི་ཕར་ཕྱིན་ཚང་ལ་མ་ནོར་བ་སྟོན་པའི་སྤྱོད་འཇུག་དང་དབུ་མ་འཇུག་པ་ལྟ་བའི་གཞུང་དོན་དག་ཡིན་ལ་སླར་ཡང་ཞིབ་མཇལ་བྱེད་པའི་འདུན་པ་དང་དད་གུས་རབ་ཏུ་འཕེལ། གཞན་དྲན་པ་ཉེར་གཞག་གི་བློ་སྤྱོང་ལ་བརྟེན་ནས་འཚོ་བའི་དཀའ་ཉོག་སེལ་བའི་ཐབས་ལམ་མང་དག་ཅིག་རྩལ་འདོན་གནང་འདུག་མོད་དེའང་ཐེག་པ་ཆེ་ཆུང་གི་ཆོས་སྐད་དང་མི་མཐུན་པ་མང་དུ་མཆིས། གང་ལྟར་ནང་བའི་ཆོས་གཞུང་དུ་གསལ་བ་ཉིད་དང་མཐུན་མིན་ལ་མ་ལྟོས་པར་དེང་གི་ཆར་ནུབ་ཕྱོགས་གཙོས་འཛམ་གླིང་གང་སར་ཆོས་དང་མ་འབྲེལ་བའི་སློབ་གཙོའི་མན་ངག་ལ་ཆེས་ཆེར་བརྩོན་པའི་གདུལ་བྱ་ལ་ཕན་ན་དེའང་འགྲིག་ངེས་རེད། མདོར་ན་སྐད་གྲགས་འབར་བའི་རྒྱལ་སྤྱིའི་ནང་བའི་སློབ་དཔོན་འདིས་ང་ལ་ཡིད་འགུལ་ཅི་ཡང་མ་ཐེབས། ཡིན་ཡང་འགྲོ་བའི་ཁམས་དབང་མོས་པ་སྣ་ཚོགས་ཀྱི་དབང་གིས་ནང་སེམས་ཀྱི་ཚ་གདུང་སེལ་བའི་གསོས་སྨན་དུ་འགྱུར་བའི་གདུལ་བྱ་གང་མང་ཡོད་ངེས།[太阳]


发布     👍 0 举报 写留言 🖊   
✋热门推荐
  • 上证: 维持压力位:3240~3056支撑创业板:维持压力位:2450~2320支撑【板块资金】赛道:虽然龙头中通被关,但是补涨的东风封的很强硬,中军的长城、
  • 人与人之间的感情,真的很脆弱,曾经的我们也差点放弃,差点错过,只是后来的我们坚持了,在后来我们有了小宝,一家人至少在一起没有遗憾,如果当初没有坚持,会不会就错过
  •   他进一步解释:“瘦脸仪拿脸部的脂肪、骨骼以及咬肌等组织是没辙的,因为这些组织通过按摩是根本消不掉的。  私处护理益生菌:或贻误病情、使菌群失调  近期,网上
  • Ps早市时间6:00-9:00,想买到好东西要趁早,八点之后大部分都被抢完了[哈哈]#生活的模样# 记得专业课老师曾在一次课堂上提到:现如今的大儿童们依然要把握
  • 于是,这些“双非”毕业生在求职之路上面临的压力,则是卷上加卷。同为“双非”毕业生的曾静就靠着自己的努力进入大厂,并在大厂中一路“打拼”在职业生涯不断上升的同时,
  • 热爱可抵挡岁月漫长,温柔可抵挡艰难时光,肖战你是最好的, 值得最好的,未来可期 ,我们来日方长, 你特别好, 我特别喜欢你 , 星河滚烫, 你亦是人间理想。二呆
  • 3、小张是单位的新进工作人员,领导安排他准备组织一场电视电话会议,小张加班到深夜,但是在会议现场还是出现了差错,领导不仅批评了他,还惩罚他写检讨。邱县新冠肺炎疫
  • 对,这里有你在找的发家致富的办公场所!我在力诺待过,是原来新达的老总招去的。
  • 所以在我的心中,他真的是跨界最成功的演员。我想念的是夏日烟火我想念的已渐渐凋落我想念的曾去日苦多我想念的……是曾经属于我 通往快乐的路总是曲折许多方法行不通那
  • 巧克力吃得不少,当年的包装纸很好看,有动物的、少儿体育运动等等,每次买都挑不同的,可留着留着不知什么时候都扔了[awsl]。找出留存的三位老Baby瞅瞅~从左至
  • #每日一善[超话]# [心] #阳光信用 每日一善# 生活,没有一定的模式, 只需心灯一盏。烦时,找找乐,别丢了幸福;忙时,偷偷闲,别丢了健康; 累时,停停手,
  • #1Coin训练营# 【1Coin加戏时刻】[加油]传下去,@831_OPG 想篡权当火线商店老板[阴险][加油]加戏时刻迎来了@KZ电子竞技俱乐部官方 @AC
  • 是完成我小小心愿们的一周呀[兔子] 如愿在小黄车上安上了超可爱的香薰 如愿在儿童节跟小黄吃了麦当劳 如愿跟小黄用上了情侣头像 如愿在夏天吃上了小黄给我扒的小龙虾
  • #美容##皮肤##问题性皮肤修复##医美##美容仪##美容导入仪#我不是佛教徒但是我比很多所谓信佛者更尊重佛更信佛家语言如果佛看到世间有人“口出狂言”我想大抵是
  •   1997年7月,平遥古城正在申报世界文化遗产,当时平遥还是贫困县,像这样大规模的院子,政府修不起,所以向社会拍卖。”  做推光漆器生意的胡晓鹏深感项目改造带
  • 良以诸法虽无量边,倘无佛智慧,即不得而知,而妄执有量有边,并认定此有量有边之法,方为实法,而以无量无边为非实法,颠倒是非,混乱黑白!如今科学发明,供给吾人衣食住
  • 13、广义相对论:表明时空是弯曲、动态的,宇宙是一个正在膨胀的“场”其中星系正在相互远离,但并没有移动,我们如同被放在扩张的橡胶上,对宇宙的整个理解都可以应用
  • [中国赞]更多圣诞节、平安夜、年会福利礼品,赶快@老板采购吧[米奇比心][给力]商城内更多员工福利礼品定制分类展示、轻松选购,请点击开始自助定制企业礼品吧[米奇
  • [送花花]PS:六月也要记得来和#Neora# 多多互动哦~[并不简单]最近也是意识到年龄确实让我不得不屈服,眼角真的张鱼尾纹了,立马做笔记最后选择了这款Neo
  • 如果净土门也是同样的原理和法则,那么学净土门也不能成就了。自己不能断烦恼,一看周围茫茫人海,大家都是恶人、坏人,因为时代不同了,又没有善知识引导、提携,靠什么往