༨༡

གཙང་བོ།
བདག་གི་འཚོ་བ་དང་ཟུང་དུ་འབྲེལ་བའི་ཁྱེད་རང་ནི།
ཡུལ་དང་ཡུལ་ཅན་གྱི་ཐ་སྙད་ལས་འདས་པའི་སྟོང་ཉིད་ལྷ་མོའོ།

༨༢

གཙང་བོ།
ཁྱེད་རང་གླེང་རབས་བཤད་ན་ལེའུ་བཅུ་ཡི་སྒྲུང་ཡོད།
ཁྱེད་ལ་གསང་གཏམ་བཤད་ན་ཉིན་ཞགས་སྟོང་གི་གཏམ་རྒྱུད་ཡོད།

༨༣

གཙང་བོ།
ཐ་སྙད་སྤྱི་དང་བྱེ་བྲག་གི་རྣམ་དབྱེ་ཇི་བཞིན།
ཁྱེད་དང་ང་ནི་རྟེན་དང་བརྟེན་འབྱུང་གི་སྒྱུ་འཕྲུལ་ཡིན་ན་དྲན་བྱུང་།

༨༤

གཙང་བོ།
ལར་ཁྱེད་དང་ཉེ་བར་བཅར་བ་ན།
ང་ནི་བདག་པོའི་ལག་ཏུ་ཚུད་པའི་རྐུན་པོ་ཇི་བཞིན།
ཅི་ཞིག་གླེང་ན་མི་བདེ་བར་མགྲིན་པ་འདར་བ་ལ་ཚོད་ཅིག་མི་འདུག

༨༥

གཙང་བོ།
ལོ་ཟླ་བཞིན་ཕར་ཕར་དུ་བཞུད་པའི་ཁྱེད་རང་ནི།
བརྗོད་བྱ་རྗོད་བྱེད་གང་གིས་ཀྱང་ཚབ་མཚོན་མིན་པས།
ཉི་མའི་འཆར་ནུབ་ལས་མངོན་པའི་མཚམས་སྤྲིན་དང་འདྲ་ཨང་།

༨༦

གཙང་བོ།
ཁོ་བོས་དྲན་པའི་གཞུ་མོ་ནང་དུ་བཀུག་ན།
སེམས་ཀྱི་སྐྱིད་སྡུག་བཤད་ས་ཁྱེད་གཅིག་པུ་ལགས་ན།
ངས་ནི་ཁྱེད་རང་སྲས་མོ་ཡེ་ཤེས་ཟླ་བ་མིན་ནམ་སྙམ་བྱུང་།

༨༧

གཙང་བོ།
དྲན་རྟོག་གིས་བཞེངས་བའི་རྨི་ལམ་འདི་རུ།
ཁྱེད་ནི་ཆར་ཆུའི་སླས་མའི་སྒྲུང་གཏམ་སྙན་མོའོ།

༨༨

གཙང་བོ།
རི་བོའི་ཕར་རོལ་དང་།
ཆུ་བོའི་ཚུར་རོལ་གྱི་ཡུལ་ལྗོངས་འདི་ཀོ་ཁ་བས་གཡོག་དུས།
དྲན་པའི་ཕྱི་ནང་ལ་བསུབ་ཏུ་མེད་པའི་ཁྱེད་རང་དྲན་བྱུང་།

༨༩

གཙང་བོ།
ཁྱེད་ཀྱིས་གཟིགས་ཙམ་གནོངས་དང་།
ངས་ཕ་སྐད་མ་ཡིག་གི་མཆོད་སྟེགས་ཐོག་ཏུ།
དབྱངས་གསལ་སོ་བཞིའི་མཆོད་པ་བཤམས་ཡོད།

༩༠

གཙང་བོ།
བདག་གི་མིང་ལ་ཁྱོད་ཀྱི་ཐ་སྙད་ཐོགས་པ་ནས་བཟུང་སྟེ།
ང་ལ་བཀྲ་ཤིས་པའི་རྟགས་མཚན་མང་དུ་བྱུང་བས།
ངས་ནི་གྷེ་རེ་སིའི་མནའ་སྒྲུང་ནང་གི་ལྷ་མོ(尼凯)དེ་དྲན་བྱུང་། །

དེང་གི་དུས་སུ་རྒྱུ་ནོར་དབང་ཐང་མཆིལ་ལུད་བཞིན་འདོར་ཐུབ་མཁན་དང་མི་གཤིས་གཙང་མ་སྲོག་ལྟར་གཅེས་མཁན་དཀོན་པ་ནི་གནས་ལུགས་གོ་ལྡོག་པས་ལན་ནོ།། ཐ་ན་ང་ཚོའི་སེམས་ནང་གི་བླ་ཆེན་རེ་འགའ་ཡང་རྒྱུ་ནོར་དབང་ཐང་གི་མདུན་ནས་རང་གཤིས་འཆོལ་གྱིན་པ་དག་མཐོང་ན་ང་རང་དད་པ་ལས་དད་ལོག་མི་སྐྱེས་རང་སྐྱེས་རེད་ལ། རང་གི་འདོད་ཧམ་ལ་བདག་མི་ཐུབ་པ་ཞིག་གིས་གཞན་གྱི་ཉོན་མོངས་དྲུང་ནས་འབྱིན་ཐུབ་ཟེར་བ་སྐྱག་རྫུན་ཁོ་ནའོ།། དེ་བས་ཉམ་ཆུང་ཞི་དལ་བབ་ཆགས་སྤྱིར་བཏང་གིས་འགྲོ་དོན་བསྐྱངས་མྱོང་བའི་བླ་མ་བདེ་བར་གཤེགས་པ་དག་གི་སྐུ་ཡི་གཟི་བརྗིད་དང་བྱིན་རླབས་བཀའ་དྲིན་རིན་ཐང་གཞལ་དུ་དཔག་ཏུ་མེད་དོ།། ད་ལྟ་ཁོང་ཅག་གི་སྐུ་ཚེ་ནི་རབ་ཏུ་མད་དོ་སྙམ་གྱིན་སྙམ་གྱིན་ཡིད་གདུང་བ་དང་བཅས་དྲན་ཞིང་མིག་མཆི་མ་དཀུ་བར་འགྱེད་དོ།།[合十][合十]

བོད་ཀྱི་སྔོན་བྱོན་ལོ་ཙཱ་པའི་སྐུ་པར་བདམས་བཀོད།2️⃣ཁག་གཉིས་པ།

མཁས་དབང་དགེ་ཆོས་ཀྱིས་སྔོན་བྱོན་ལོ་ཙཱ་བ་རྣམས་ལ་འདི་ལྟར་གདེང་འཇོག་གནང་ཡོད་དེ། “དེ་དུས་ཀྱི་ལོ་ཙཱ་པ་རྣམ་པས་སཾ་སྐྲྀ་ཏ་ཙམ་མ་ཟད། གང་དུ་ཕེབས་སའི་རྒྱ་གར་གྱི་ཡུལ་སོ་སོའི་སྐད་རིགས་ཀྱང་ཕུགས་འཕེར་མཁྱེན་ནས། རྒྱ་གར་པ་མཆོག་དམན་ཐམས་ཅད་ཀྱི་བསམ་ཚུལ་དང་སྤྱོད་ཚུལ་ཚང་མའི་རྟིང་ལོན་ནས་མ་མཐའ་ཚིག་ཕལ་པ་ཡན་ལ་ཞིབ་ཚགས་མཛད་དེ། དེ་ཐོག་བོད་ཀྱི་སྐད་ཡིག་ལ་ཡང་བྱང་ཆུབ་པ་ཞིག་མཛད་དེ་བསྒྱུར་གནང་བ་ཡིན་ཙང་།  འགྱུར་སྤུས་དག་པོ་ཡོང་བའི་རྩ་བ་ཕྱི་ནང་གཉིས་ཀའི་སྐད་ཡིག་ལ་ཐོགས་པ་མེད་པ་ཡོད་པ་དེ་གས་རྒྱུ་བྱས་ནས་བྱུང་བ་རེད།”ཅེས་པའོ།།


发布     👍 0 举报 写留言 🖊   
✋热门推荐
  • #李承铉[超话]#ིྀིྀིྀིྀིྀིྀ 你是戚哥直播间呼声最高的榜一[憧憬] 是lucky眼里无所不能的爹地 是哥哥们眼里最称职的队长[打call]
  • 关爱大健康,做好中国艾[加油] [威武]九宫艾艾灸民族品牌,强势入驻大健康产业,登陆深圳国际美博会 源源不断的人流,热火朝天的现场,让我们感受到了传统中医艾文化
  • 不想去深究你生活中什么样子 也不管你心里每天的想法 我看到的就是你 我喜欢的就是你 从打开《长歌行》那天开始 就多了一份挂念在心里 这样就足够了 因为不论你到底
  • #星语星愿##双子座# 双子座那些你不知道的事儿:过犹不及 与其说双子座具有极佳的把握情绪的能力,还不如说这件事不太能够撼动他——你遇到其他在意的事情试试。双子
  • #上汽集团拟设立飞凡汽车# 上汽集团有关人士10月29日介绍,上汽集团拟投资设立飞凡汽车科技有限公司。乘用车分公司原有R品牌,将由飞凡汽车以独立公司的方式进行市
  • #鹿晗红秀12周年封面拍摄花絮#鹿晗早年的漂亮是青涩的,像清晨阳光下里初生的小鹿,而现在的他,是森林里的鹿王,举手投足间是优雅的韵味,眼波流转里是勾人的风情。你
  • 温柔惊艳的微信置顶文案 原图在主页置顶❤️❤️ 1.万里山河都踏过,只见风月不见你 2.人来人往你要记得我就好了 3.路上总有阴影,但抬头总能看见阳光。 4.
  • 【沈阳人注意了!本周这些地区受影响停电】 记者从国网沈阳供电公司了解到,本周因线路检修将影响下列地区供电: 大东区 09月13日08时30分—16时30分
  • 【1号0点开抢】加赠1.8ml*2+手提袋! VIVI NEVO 梦幻花园香水 ¥29 3种味道可选:幻悦、幻享、幻境;星星比较喜欢幻境[好喜欢]它是清
  • [鲜花][鲜花]今天早早背了,忘了发#每日一律# [鲜花][鲜花]《新城道中二首》 苏轼 东风知我欲山行,吹断檐间积雨声。 岭上晴云披絮帽,树头初日挂铜钲。
  • #基金[超话]#昨天早盘说不指望深V,但短期杀跌似乎也没必要。短线看企稳反弹。中线继续等待建仓时机。 今天大盘分时预测图如下,准确率90%左右。重点参考形态,做
  • #不懂就问,让生活没有小问题# 第 9 问: 「网上热卖的洗眼液真的有用吗?」 ☝ 太长不看,一句话总结:对于正常人而言,洗眼液真的没必要,反而可能帮倒忙。
  • 回到广州儿媳家,现在才有时间来上网,算来梅州过了三个月,总的给我印象算可以。作为老人没多求,只要夫妻同健三代同堂居,那就算是有福人了。但关键社会要大平,养老金正
  • 心软,要留给懂得珍惜之人。 释明心  做人,不能心太软 鬼谷子曾说:“做人,要外圆内方。” 心中有原则,处事有尺度。 面对他人不合理的请求,该拒绝时便拒
  • 最近大家被乐天搞晕了,普及一下 乐天是韩国的 沃尔玛是美国的 家乐福和欧尚是法国的 乐购是英国的 麦德龙是德国的 H&M是瑞典的 优衣库是日本的 ZARA是西班
  • #奇迹#想不起哪里偶然看到的这部电影介绍,题材一下子就吸引了我,出资源后第一时间熬夜看完,果然没让我失望。电影讲述的是男主为了在家乡建造一个简易车站而不断努力,
  • #全世界最好的NCT[超话]# #NCT[超话]# 【相关】 210803 tbsefm_yuedong 彩i 更新KUN&肖俊&辰乐相关 资源by 仓鼠/翻
  • #新冷战的未来趋势是什么# 美国早在几十年前就开始对中国的围追堵截,从经济、政治、外交、军事、文化上各种打压以及渗透了。 举个例子,“巴统”大家知道吧? 1
  • 【压轴题打卡426:矩形有关的几何综合题分析】 已知,在矩形ABCD中,AB=4,BC=2,点M为边BC的中点,点P为边CD上的动点(点P异于C、D两点)。连接
  • 这家宝藏烤肉店,我从他摆摊的时候吃到开了那么多家分店老板也是很厉害了! 最近还出了新套餐!简直不要太划算!光是那盘豪华猪肉拼盘就值回本了!肉食主义者的最爱!