ང་རང་བསོད་ནམས་དམན་པའི་རྐྱེན་གྱིས།
ཁྱེད་ཞལ་དུང་གི་ཟླ་བ་མཇལ་མ་མྱོང་།
ང་རང་དབང་ཐང་ཆུང་བའི་རྐྱེན་གྱིས།
ཁྱེད་ཀྱིས་གསུངས་ངག་བདུད་རྩིའི་ཉིང་བཅུད་ཐོས་མ་མྱོང་།

གངས་ཀྱི་སྐྱིད་སྡུག་ཆེད་དུ། །
ཚེ་སྲོག་བློས་གཏོང་གནང་བའི། །
མགོ་ནག་བོད་ཀྱི་སྐྱབས་མགོན། །
ཀུན་གཟིགས་པཎ་ཆེན་སྣང་མཐའ། །
བཀའ་སློབ་གསུང་གི་བདུད་རྩི། །
འཇིགས་རྟེན་འདི་རུ་བཞག་ཡོད། །
ཕྱི་རབས་གངས་ཅན་བོད་མིས། །
ཁྱེས་གསུང་བཀའ་བཞིན་སྒྲུབ་ངེས། །

࿇ མི་དང་མིའི་བར་གྱི་འབྲེལ་བ་ལ་གུ་ཡངས་དགོས།
བྱ་བ་དང་རྩིས་སྤྲོད་ཀྱི་ལག་ལེན་ལ་གུ་དོག་དགོས།
— མཁན་ཚུལ་ཁྲིམས་བློ་གྲོས།
༶ 人与人之间的关系需要宽容,
工作和交付的实践要狭隘。
— 堪钦慈诚罗珠 https://t.cn/RuiCKcN


发布     👍 0 举报 写留言 🖊   
✋热门推荐