དེང་སྐབས་ནད་ཡམས་ཡིན་མིན་ཅི་ཆ་སྟེ། ཆམས་ནད་ཅིག་ནི། སྤང་ལ་མེ་ཤོར་བ་བཞིན་དུ་གང་སར་ཁྱབ་བཞིན་འདུག་ལ། ཉེ་འཁོར་གྱི་མི་ཚོའི་གྲས་སུ་ཡང་ཆམས་ནད་དེས་མནར་བཞིན་པ་འདུག་པས། ད་ནི་རང་ཐོག་ལ་ཡང་ཐོན་ལ་ཉེ་བ་འདྲ། ནད་ཡམས་ཡིན་ཡང་ཉེན་ཚབས་དང་གནོད་པ་ཆུང་ན། ཅི་སྐྱོན་མོད། མི་སོ་སོའི་བདེ་ཐང་དང་ལུས་སྟོབས་མི་འདྲ་བའི་ཁྱད་པར་གྱི་དབང་གིས་གནོད་ཚབས་ཀྱང་མི་འདྲ་བ་སླེབས་ཀྱིན་ཡོད་པར་བཤད་པས། ཅུང་འཚེར་སྣང་སྐྱེ་བ་ཞིག་ཀྱང་རེད། ཅུང་ཙམ་གྱི་རྗེས་ནས་ཟི་ལང་གི་སྨན་ཁང་ཞིག་ནས་ཉིན་ཤས་ལ་བསྡད་དེ། ཕྱིར་སླེབས་ཀྱིན་པའི་ཕ་ཡུལ་གྱི་མགྲོན་པོ་ཞིག་ལ་སྣེ་ལེན་བྱེད་དུ་འགྲོ་དགོས་ཤིང་། ཁོས་ཀྱང་ཆམས་ནད་ཅིག་ཕོག་འདུག་ཟེར་བས། སྣ་ལེན་བྱེད་དུ་འགྲོ་བར་ཡང་ཅུང་དོགས་མི་བདེ་བ་ཞིག་ཆགས། ཧ་ལམ་ནད་ཡམས་ནི། རང་དང་ཁ་ཐག་ཇེ་ཉེ་ནས་ཇེ་ཉེར་འགྲོ་བཞིན་པའི་འཁྲུལ་སྣང་ཞིག་གིས་གཙེས་ཡོང་། གང་ལྟར་མགྲོན་པོ་དེར། མ་ཐུག་ཐུ་མེད་ཡིན་པས། ནད་ཡམས་མིན་པའི་སྨོན་ལམ་འདེབས་བཞིན་ཡོད་ལ། བརྒྱ་ལ་ནད་ཡམས་དངོས་གནས་པ་ཡིན་དུ་ཆུགས་ཀྱང་ཉེན་ཚབས་ཆུང་བའི་སྨོན་ལམ་ཙམ་འདེབས་པ་ལས་བྱ་ཐབས་ཅི། ད་བར་དུ་ཡོད་ཚད་ཀྱིས་བཀག་སྡོམ་ལ་སུན་ཏེ། ལྷོང་ཡངས་གཏོང་བའི་དུས་ཤིག་ནམ་འཆར་ལ་རེ་སྒུག་བྱས་ནས་ཡོང་བ་ཡིན་མོད། འགྲོ་འདུག་ལ་ཡོངས་སུ་རང་དབང་བྱིན་ཏེ། ནད་ཡམས་ཀྱི་འཇིགས་ཉེན་ལ་ཇི་ལྟར་གདོང་གཏོད་མིན་གྱི་འགན་ཁྲི་ཆ་ཚང་དེ་རང་ལག་ལ་བཞག་པ་ན། ཡང་བསྐྱར་ཉེན་ཁ་གཞན་ཞིག་གི་མགོ་བརྩམས་བྱུང་བས། གདམ་གསེས་འདི་ཉིད་ཀྱི་ལེགས་ཉེས་ཀྱང་ད་དུང་ཤིན་ཏུ་དབྱེད་དཀའ་བ་ཞིག་གོ།།

༢༡ འོ་བྲན་དབང་ཕྱུག
གསང་བ་སྔགས་ཀྱི་ཆོས་ཚུལ་མ་ལུས་ཀུན། །མངའ་དབང་བསྒྱུར་བས་གྲུབ་པའི་ས་ལ་གཤེགས། །དག་བྱེད་གཏེར་ལ་ཉ་བཞིན་འཕྱོ་མཛད་པ། །འོ་བྲན་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཞེས་པའི་འོ་བྲན་དཔལ་གྱི་དབང་ཕྱུག་ནི། འོ་ཡུག་མདར། འོ་བྲན་དཔལ་གྱི་འབྱུང་གནས་ཀྱི་སྲས་སུ་འཁྲུངས། སློབ་དཔོན་པདྨའི་ཐུགས་སྲས་ཏེ། གསང་སྔགས་ཀྱི་ཚུལ་ཀུན་ལ་མཁས་ཤིང་གྲུབ་པའི་མཚན་མ་མངོན་དུ་བརྙེས་པས་བན་བོན་ནུས་པ་འགྲན་སྐབས་ཆུ་བོ་ཆེན་པོར་ཉ་བཞིན་རྒྱུ་བའི་གྲུབ་རྟགས་བསྟན། ནང་རྒྱུད་སོགས་བསྒྱུར། འོ་བྲན་ལུགས་ལ་གུར་དྲག་བཀའ་མ་སོགས་ཆོས་ཚུལ་མང་དུ་ཡོད་ལ་ཕལ་ཆེར་དེང་སང་ཡང་དབང་ལུང་གི་རྒྱུན་མ་ཆད་པར་སྣང་ཞིང་གདུང་རྒྱུད་ཡང་ད་ལྟའི་བར་དུ་བྱུང་བར་སྣང་སྟེ། རྟེན་ཁྱིམ་པ་ཡིན་ནོ། 

༢༢ རྨ་རིན་ཆེན་མཆོག
དཔལ་ལྡན་ནཱ་གཱ་རྫུ་ནའི་དགོངས་པ་ལྟར། །མཐའ་བྲལ་དབུ་མའི་ལྟ་བ་མངོན་གྱུར་ཅིང་། །རྫུ་འཕྲུལ་ཕ་ཝཾ་ཟན་ལྟར་བཅད་ནས་གསོལ། །རྨ་བན་རིན་ཆེན་ཞབས་ལ་གསོལ་བ་འདེབས། །ཞེས་ཏེ། རྨ་རིན་ཆེན་མཆོག་ནི། འཁྲུངས་ཡུལ་དབུ་རུ་འཕན་ཡུལ་གྱི་རྨ་གཙོ་ཞེས་བྱ་བར་འཁྲུངས། སྐྱེ་བས་ཐོབ་པའི་བློ་གྲོས་ཁྱད་དུ་འཕགས་པས། བློ་རྣོ་རབ་མཆོག་རྨ་བན་རིན་ཆེན་མཆོག །ཅེས་བོད་ཡུལ་རབ་ཀྱི་མི་དགུའི་གྲས་ཡིན། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས། རབ་བྱུང་གི་སྔ་བ་སད་མི་མི་བདུན་གྱི་ནང་ཚན་ཏེ། མཁན་རིན་པོ་ཆེ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་། མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་བསྒྱུར་བའི་ལོ་ཙཱ་ཡིན། སློབ་དཔོན་རིན་པོ་ཆེའི་དྲུང་དུ་དབང་དང་གདམས་པ་ཞུས་པས་དངོས་གྲུབ་བརྙེས་རིག་པ་འཛིན་པའི་ས་ལ་བཞུགས། འདི་ཉིད་སྒྱུ་འཕྲུལ་བཤད་སྒྲུབ་ཀྱི་བཀའ་བབས་ཆེན་པོར་ཡོངས་སུ་གྲགས་ཤིང་། ལྟ་བ་ཀླུ་སྒྲུབ་ཀྱི་དགོངས་པ་བཞིན་རྩལ་དུ་བཏོན་ཞིང་ཡང་དག་པའི་རིགས་པས་ཧ་ཤང་སོགས་ལོག་པར་སྨྲ་བའི་སྡེ་ཚོགས་སུན་ཕྱུང་། པཎ་ཆེན་བཱི་མ་མི་ཏྲ་ལས་ནང་རྒྱུད་སྡེ་གསུམ་གྱི་ཆོས་སྐོར་རྒྱ་ཆེར་གསན། སློབ་དཔོན་ཆེན་པོའི་དྲུང་ནས་གསང་བ་སྔགས་ཀྱི་དབང་དང་གདམས་ཁྲིད་གསན་ཞིང་གྲུབ་པའི་རྟགས་མཚན་སྲ་མཁྲེགས་ཀྱི་རྡོ་ཡང་ཟན་ལྟར་བཅད་ནས་གསོལ་བ་སོགས་རིག་པ་འཛིན་པའི་ས་ལ་བཞུགས་པས་ཐུགས་སྲས་རྗེ་འབངས་ཉེར་ལྔའི་གྲངས་སུ་འདྲེན། རྒྱལ་པོ་གླང་དར་གྱིས་བསྟན་པ་བསྣུབས་སྐབས་རྒྱལ་པོའི་ཆད་པའི་ཚུལ་གྱིས་ཁམས་སུ་ཕེབས་ཏེ་གཙུག་རུ་རིན་ཆེན་གཞོན་ནུ་སོགས་རྗེས་སུ་བཟུང་ཞིང་སྒྱུ་འཕྲུལ་གྱིས་མཚོན་རྒྱུད་སྡེའི་བཤད་ཁྲིད་རྒྱ་ཆེར་སྤེལ་བ་དང་། སླར་དབུས་སུ་འཕེལ་བ་ལས་སྒྱུ་འཕྲུལ་ཁམས་ལུགས་སུ་གྲགས་པ་བྱུང་བ་བཅས་འགྲོ་དོན་མཐར་ཕྱིན་ངང་སྐུ་གཤེགས་སོ། །གཏེར་ཆེན་ཀློང་གསལ་སྙིང་པོའང་འདི་ཉིད་ཀྱི་སྤྲུལ་པའི་བྱེ་བྲག་ཏུ་གསུངས་པ་དང་། འདིས་མཛད་པའི་བསྟན་བཅོས་ནི། བཤད་ཐབས་བཅུ་པ། ངེས་འབྱེད་ཆེ་བ་བཅས་ཡོད་པར་གསུངས་སོ། ། https://t.cn/ELwZY0K

བཤད་ཚད་ཁ་ལ་ཉན་པའི་བདེན་ལུགས་ཀྱི་ཐག་ཆོད། །
ནམ་ཞིག་མིག་གི་མཐོང་བས་རྫུན་ཕུགས་རང་རྡོལ་ཚེ། །
རང་སེམས་ཡིན་ལུགས་དམ་བཅའ་མིན་ལུགས་སུ་འགྱུར་བས། །
སྒྱུ་མའི་སེམས་འགྱུ་འདི་ལ་བློ་གཏད་ཅང་མི་འདུག །

——སྐུ་འབུམ་པ་རྒྱལ་སྲས་ནས།


发布     👍 0 举报 写留言 🖊   
✋热门推荐
  • 但同样我们需要保持着最原本的爱活下去,或许当爱和欲都在我们身上的时候这才是我们的模样片尾,站在外面观望的“爱”镜头恢复了原来,我不知道它代表的是否是这个事件已经
  • 失败者并不是天生就比成功者差,而是在逆境或者绝境中,成功者比失败者多坚持一分钟,多走一步路,多思考了一个问题。失败者并不是天生就比成功者差,而是在逆境或者绝境中
  • 不忘母爱,记住母情,愿妈妈的爱永远伴随人生,祝妈妈健康,平安,长寿![心][心][心]母亲给了我们生命,用无私的爱,哺育我们成长。
  • 考虑到此次巡回的案件中有三起案件的当事人都是土族,用本民族语言交流更有助于化解矛盾纠纷,也更能让当事人愿意接受法庭的调解,法庭早早联系了土族调解员一起开展调解工
  • 让我们恭喜这位妈妈,喜提小宝宝[打call][打call][打call]P1(终于又买了洗面奶了[收到][收到])爷的郁金香油画终于要完工了,加油,明天一定能完
  • 如何了解自身的皮肤色调选粉底 [心]  如下图所示,皮肤大体分为两个色调,冷色调&暖色调! #色调#   在自然光下观测自己手腕处的静脉,血管是蓝色
  •   四柱不见官煞星,也无伤食,可言贞,但如无官星,而支多见桃花,则必再嫁  在八字学里面,女命的婚姻格局主要是看正官星与七杀星,如果没有正官星与七杀星出现,大运
  • 今天的数据分析暂时到这,大家有想了解的其他关于毛不易的数据可以下方评论留言哟,文化产业管理专业的本粉丝必竭尽全力,用数据解析毛不易。1.截至目前毛不易的男粉占粉
  • 更要知道,拜登近来自我吹捧的最大政绩,就是在他努力下,油价又跌了几美分;但现在,沙特等国这么一搞,一切政绩都成了笑话。但从这些细节,再不懂国际局势的朋友,也可以
  • #村头话史[超话]#犀首的诡计犀首田盼欲得齐魏之兵以伐赵,梁君不欲,犀首日:"请国出兵五万人,不过五月而赵破。时空流转,梦回南朝,时而是战胜归来的王者
  • 全的染发剂,它不含对苯二胺和氨水,对头皮不会ci激,这一点也是我最看重的~所以今天就行动了起来。”“C罗现在已经在三个联赛中证明了自己——西甲、意甲和英超,而梅
  • (。ì _ í。)Your Immutable Love for Me: 我害怕挚愛着的禹岑你心碎 没人帮挚愛着我的宇豪你擦眼泪 别离开身边 拥有我挚愛的同时
  • 随后,报告对数字胎压计做了重点企业经营状况分析,最后分析了数字胎压计行业发展趋势与投资预测。【Beeline公司将停播俄电视节目 新闻部长:不存在政治因素】哈通
  • 你说你害怕回头望,你说你害怕自己受伤,你说你害怕世界疯狂,我说别担心,或许只是成长的烦恼,你的故事不会停在第七章,你会写出更长的梦,做更好的自己。你说你害怕回头
  • 不埋怨谁,不嘲笑谁,也不羡慕谁,阳光下灿烂,风雨中奔跑,做自己的梦,走自己的路。#阳光信用# [鲜花]#每日一善# 不管有没有人爱,我们也要努力做一个可爱的人。
  • #吴磊[超话]# [兔子] #反复爱上吴磊的30天# Day 17 令你印象深刻的采访语录很喜欢看磊子的采访,帅气的外表下还有一个非常有趣的灵魂,而且有好多搞笑
  • 俗话讲:讲者无意,听者有心,思念不一定要向你表达,想做的事不一定要行动,无谓的事,有时想想就过了,那个曾经聊得来的人,你一定要幸福,即使那些幸福与我无关。可现在
  • 李白特有的想象和夸张,把蜀道的高峻写得让人快要窒息,更要命的还是把蜀道的阴森险要写得让人胆战心惊,开辟之初“地崩山摧壮士死”还只是遥远的传说,沿途“悲鸟号古木”
  • 谢谢她的分享,借助这个分享让更多朋友得到帮助医生不建议她怀孕,因为夫妻俩都是 #地中海贫血症带菌者‼️否则妈妈和孩子都会有不良的影响。当时我非常地害怕,我不想孩
  • #走在前 开新局##奋进新征程 建功新时代##喜迎党的二十大##喜迎二十大##非凡十年##来自第一线的奋斗报告##光影里看航天的浪漫##和平精英航天光影大赏#