我们活在人心错乱的时代,人们所做或所说,很少跟他们真正所想一致。人事快速变迁,使我们无法依赖任何人事物。事实上,除了佛法,没有人能给我们可信赖的忠告。—顶果钦哲

ང་ཚོ་ནི་མི་སེམས་རབ་ཏུ་རྣམ་པར་འཁྲུག་པའི་དུས་རབས་ཤིག་ཏུ་གནས་འཆལ་ཞིང་། རང་གིས་གང་བགྱིས་པའམ་གང་བཤད་པ་ནི་གང་བསམ་པའི་དོན་དང་ཡོངས་སུ་མཐུན་པར་གནས་པ་ནི་ཉིན་མོའི་སྐར་མ་ཙམ་དུ་གདའ། ཐམས་ཅད་བྱ་འཕུར་བ་ལྟར་དུ་འགྱུར་བ་འགྲོ་བས། གང་བརྟེན་པར་བྱ་བའི་ཆོས་ཤིག་གཞར་ཡང་མ་མཆིས་པས། དམ་པའི་ཆོས་ལས་གཞན་དུ་ང་རང་ཚོས་བློ་གཏད་དུ་རུང་བའི་བསླབ་བྱ་ཞིག་གར་ཡང་མ་མཆིས་ལ་གང་དུའང་མེད་དོ། །

ས་སྐྱ་ལེགས་བཤད།

萨迦格言
ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།
萨迦班智达.贡嘎坚赞
སྟོབས་བྲལ་མི་ཡིས་ཁྲོས་ཅི་ཕན།།
སྟོབས་ལྡན་དོན་ལ་ཁྲོ་ཅི་དགོས།།
དེས་ན་བྱ་བ་སྒྲུབ་པ་ལ།།
ཁྲོ་བ་དོན་མེད་རང་སྲེག་ཡིན།།
弱者发怒无人理,强者本就无需怒,
故此但凡做事止,愤怒无异是自焚。

ཟླ་གཅིག་གི་སྔོན་སྟེ(双11)ཉིན་མོར་ཉོས་པའི་དཔེ་དེབ་རྣམས་དེ་རིང་གཞི་ནས་ལག་ལ་འབྱོར། ནད་ཡམས་འདིའི་རྐྱེན་པས་དེབ་དག་ལ་རེ་ཞིང་བསྒུགས་ནས་ཡུན་རིང་སོང་བས། ལག་སོན་བྱུང་མ་ཐག གྲོགས་པོ་རྙིང་བ་ཞིག་ལ་མཇལ་བ་ནང་བཞིན་གྱི་དགའ་སྣང་ངམ་སེམས་སུ་དྲོད་ཁོལ་མ་འདྲ་བ་ཞིག་བྱིན། དེབ་འདི་དག་ཆ་ཚང་དཔྱིས་ཕྱིན་པ་ཞིག་བཀླག་རྒྱུར་དཀའ་ཡང་། ཤིན་ཏུ་ཡིད་ལ་འགྲོ་བའི་དེབ་རྐྱང་རྐྱང་ཡིན་པས། དཔེ་སྒམ་དུ་བསྒྲིགས་ནས་བཞག་པ་ཙམ་གྱིས་ཀྱང་ཡིད་ཆེས་དང་སྤྲོ་སྣང་དམིགས་བསལ་བ་རེ་སྟེར་རྒྱུ་འདུག འདི་དག་གི་ཁྲོད་ཀྱི་དེབ་མང་ཤོས་ཀྱང་། ཚོང་ལས་དང་། ལོ་རྒྱུས། བྱིས་སྐྱོང་གི་མན་ངག ཚན་རིག་གི་བྱུང་རིམ། དབྱིན་ཡིག་དང་རྩོམ་རིག་སྦྱང་ཐབས་སོགས་གྲྭ་བཙུན་ཞིག་གི་མི་ཚེའི་ཁ་ཕྱོགས་དང་ཅུང་ཁ་ཐག་རིང་བའི་དེབ་ཤ་སྟག་ཡིན་འདུག་མོད། སྦལ་ན་ཀོང་ནང་ན་ཡོད་རུང་། བསམ་པ་གླིང་དཀར་སྟོད་ཀྱི་དཔེ་ཇི་བཞིན་དུ་རིག་གནས་སྣ་མང་གི་ངོ་མཚར་བའི་འཇིག་རྟེན་ལ་འཚོལ་རྟོག་བྱ་རྒྱུ་ནི། ཁོ་བོར་མཚོན་ན། དགའ་ཕྱོགས་ལྟ་བུར་གྱུར་འདུག ལྷག་པར་རང་གི་ཆེད་ལས་འབྲེལ་མེད་ཀྱི་དེབ་སྣ་ཚོགས་བཀླག་རྒྱུར་དེ་ལས་ཀྱང་སྤྲོ་བ་ཆེ་བས། དགའ་ཕྱོགས་འདི་ཉིད་ཀྱིས་རང་ལ་བགྲོད་ལམ་གསར་བ་ཞིག་དང་བློ་མིག་གསར་བ་ཞིག་སྦྱིན་ཐུབ་པའི་རེ་སྨོན་ཅི་བས་ཀྱང་ཆེ། ད་ནི་ཞལ་ཟས་རོ་བརྒྱ་ལྡན་པའི་ཤེས་རིག་གི་གསོལ་སྟོན་ཆེན་མོ་འདི་ལ་ཡུན་གྱིས་མྱོང་རོལ་དགོས་པས། སྔར་དང་མ་འདྲ་བའི་མངར་སྐྱུར་ཁ་གསུམ་འཛོམས་པའི་རོ་བཅུད་མ་འདྲ་བ་རེ་ཚོར་ཐུབ་པའི་རེ་བ་ཡང་སྙིང་ན་ལྕིའོ།།


发布     👍 0 举报 写留言 🖊   
✋热门推荐
  • (至于为什么中午会做这样的梦完全是因为看了这张表情包)#肖战最好的你[超话]##肖战斗罗大陆# ❤️#肖战唐三# 过年回家亲戚太多,你是否会默默玩手机,做一个
  • 冒着发胖危险也要吃啊~甜甜软软的很适合早上当早餐!蛋黄酱会有一点咸,[并不简单]小可爱们第一次吃的时候可以少放点,辣包也要适量哦#不可辜负的美食[超话]#问:什
  • (头条新闻)赫斯渥打量着她,感觉到了这一点.但是这并没有令他不安. 他并不因为她在这件事上表现出的同情和激动而感到烦恼.这正是她的美德之一,他对此十分欣赏.他只
  • 上了班就没心情拍照没心情更博了[笑cry][笑cry]今天晚饭吃的炸酱面,Seven爬到餐桌上去抓黄瓜条吃[笑cry][笑cry]没五分钟姥姥就发现她手上长了小
  • 再说说全网黑,上学的时候周杰伦被嘲的也不少,长辈们吃饭的时候最喜欢拿我喜欢周杰伦这件事来开玩笑,也被气哭过,但是那时候他的作品传唱度很高啊!还有就是打榜的这几天
  • 也有家长表示,在孩子刚上一年级的时候她有参与了家委会的集资送礼,可事后她才知道家委会成员的孩子作为代表上台给老师送了礼,自己交的钱不仅是为他人做嫁衣,而且还让孩
  • 癸水至弱,达于天津。得龙而运,功化斯神。 不愁火土,不论庚辛。合戊见火,化象斯真。 癸水乃至阴至弱之物。乙木虽弱,丁火柔中,己土卑湿,辛金软弱,癸水至弱。简言
  • 一、质量指标问题泾县新世界购物中心有限公司(宣城)经销、标称广东亿心食品工业有限公司生产的怪味胡豆,酸价(以脂肪计)不符合食品安全国家标准规定。三、微生物污染问
  • 要关注新冠疫情防控形势,主动了解疫情防控政策、信息,定期核酸检测,主动扫场所码,提倡就地过节休假,谨慎出行;勤洗手、戴口罩、常通风、分餐制、用公筷、保持“1米线
  • 在之前播出过的剧情中,朴昌浩知道了黑暗之王Big Mouse真实身份是鲁朴(梁炯旭 饰)这一事实,以律师的身份回归,获得了大家的关注。在无法预想的瞬间临近
  • 真的很开心看着你一步一步的走到现在,从小朋友长成了可以独当一面的大学生,从舞台的角落走到了中央,聚光灯落在你的身上,自信优秀的你真的在发光。 ​第一次在大荧幕上
  • 是啊,人生如同一局残棋,你争我夺,世世相传,输赢二字却永远也没有定论。”初学时只觉惊艳,亦只是浅浅所感,此刻才真正算是明白了苏轼词中所表露出来“有声当彻天,有泪
  • 我以前常会觉得来一场说走就走的旅行,那一定是人生乐事,但当我们真正身在旅途,才会体会到舟车劳顿的困乏,我还羡慕海子的诗歌中所写“喂马,劈柴,周游世界,做一个幸福
  • #一梦江湖[超话]#嗨,大家下午好,没什么事就是给大家看看我的小狗,虽然他不是最好看的,也不是最听话的,还瞎了一只眼睛,但是我是最爱他的,狗的寿命只有短短十几年
  • 花叶千年不相见,缘尽缘生舞翩迁,花不解语花颔首,佛度我心佛空叹。花叶千年不相见,缘尽缘生舞翩迁,花不解语花颔首,佛度我心佛空叹。
  • 衔远山,吞长江,浩浩汤汤,横无际涯,朝晖夕阴,气象万千,此则岳阳楼之大观也,前人之述备矣。衔远山,吞长江,浩浩汤汤,横无际涯,朝晖夕阴,气象万千,此则岳阳楼之大
  • 做得好的车,转向力与前轴侧向力的相关性要高,极限攻弯的时候前轴侧偏力什么时候衰减,什么方式都好,应该反馈到手上;但是昂克赛拉才刚刚接近侧向力极限,方向盘力就变模
  • 红魔死忠球迷博尔特昨晚也看了比赛直播,这心情的起伏 和我们一样一样的[允悲]比赛日(祈祷加油)—> 踢的太慢了太慢了(世界在闪电眼里都像慢动作,这曼联估计
  • 改装清单:前声场:惠威F1600MKIII两分频后声场:惠威M1600MKIII两分频功 放:惠威T-4100专业汽车功放#雷音好物# 怒喵#CYBERBLAD
  • 患难见真情的【看看】不但出品了优质的线上美育课,更是一路见证了小福的成长...今年看看童画带来的小温暖,3.15看看日不仅权益更贴心,也将孩子的快乐更放大,希望