སྤྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༨ དང་བོད་ཟླ་༡༠ ཚེས་ ༡༦ ཉིན་ལ་སྙིགས་དུས་བསྟན་པའི་གསལ་བྱེད། ཞྭ་སེར་རིང་ལུགས་འཛིན་པའི་སྲོག་ཤིང་། དགའ་ལྡན་ཁྲི་རབས་ ༡༠༢ པ་བོད་བཙན་པོའི་གདུང་རྒྱུད་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་རི་རྫོང་སྲས་དགའ་ལྡན་ཁྲི་ཟུར་ཐུབ་བསྟན་ཉི་མ་མཆོག་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དགུང་གྲངས ༩༦ སྟེང་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པར་ཡིད་གདུང་དྲག་པོས་མྱ་ངན་ཞུ་བ་དང་ཆབས་ཅིག་མཆེད་གྲོགས་རྣམས་ལ་གསལ་འདེབས་ཚུལ་དུ་དགེའོ།།

༄༅། །གནམ་གྱིས་ས་ཁེབས་པ་ལྟ་བུའི་སྐྱེས་ཆེན་དང་བསྟན་པའི་སྲོག་ཤིང་དུ་གྱུར་པའི་སའི་སྟེང་ན་འགྲན་ཟླ་དང་བྲལ་བ། འུ་ཅག་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་རྩ་བའི་བླ་མ་རྣམས་གཅིག་རྗེས་གཉིས་མཐུད་དུ་ཕེབས་སོང་་་

འདི་ནི་བཟོད་ཐབས་བྲལ་བའི་ཡིད་ཕངས་བ་ཅིག་མིན་ནམ་་་་་ གྲོགས་པོ་རྣམས་་་་་ སྙིང་གདོན་གྱིས་བཟུང་བའི་བདག་འདྲ་བའི་སྐྱེ་བོ་དག་ད་དུང་ཅི་ཡང་བྱུང་མ་མྱོང་བའི་ཚུལ་གྱིས་གནས་པ་འདི་ཅི་ཞིག་་་་་་་

ཀྱེ་མ་་་་

འགྲན་ཟླ་བྲལ་བའི་སྐྱབས་གཅིག་བླ་མ་ཁྱེད་ཕེབས་སོང་་་་

ད་ནི་མདོ་སྔགས་ཀྱི་བཀའ་དབང་སུ་ལ་ཞུ་་་་

སྐྱིད་སྡུག་གི་ལུང་བསྟན་སུ་ཡིས་གསུང་་་་

རྟག་འཛིན་ཅན་གྱི་སྣང་ངོར་མི་རྟག་པའི་ཚུལ་གནང་དགོས་པ་བདེན་ཀྱང་་་་་་

ངེད་ཅག་ཆེར་སྙིགས་སེམས་ཅན་རྣམས་སུ་ལ་རེ་་་

ད་དུང་བསྟན་འགྲོ་དཔུང་གཉེན་དུ་མི་བཞུགས་པར་ཞིང་དུ་གཟིགས་པ་བདེན་ནམ་་་་

སྐྱབས་བྲལ་མགོན་མེད་ཀྱི་ལས་ངན་བདག་ཅག་ཐུགས་རྗེས་འདོར་བ་ཕོད་དམ་་་

ཀྱེ་མ་ད་ནི་ཐུགས་རྗེ་ཉེ་རིང་མེད་པའི་ཕ་གཅིག་བླ་མ་དེ་ཕེབས་སོང་་་

འཁོར་བའི་རྒྱ་མཚོ་ལས་དགྲོལ་བའི་དེད་དཔོན་ཆེན་པོ་དེ་བཞུད་སོང་་་

རྨོངས་པའི་མུན་པ་སེལ་བའི་སེམས་ཁོང་གི་ཉི་མ་དེ་ནུབ་སོང་་་

ཉོན་མོངས་ཚ་གདུང་སེལ་བའི་དཀར་གསལ་ཟླ་བ་དེ་ཆས་སོང་་་

ཀྱེ་མ་བཀའ་དྲིན་འཁོར་མེད་ཀྱི་རྩ་བའི་བླ་མ་ལགས་་་་་་་་་་

ངེད་ཅག་ལས་ངན་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱིས་མ་ཐེག་པར་ཕ་གཅིག་རྡོ་རྗེ་འཆང་ཁྱེད་ད་ནི་ཚེ་འདིར་མཇལ་བའི་སྐལ་བ་མེད་སོང་་་་་

ཕྱི་མར་བདེ་བ་ཆེན་པོའི་ཞིང་དུ་མྱུར་དུ་མཇལ་ནས་ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས་ཤིག་་་་
ཀྱེ་ཀྱེ་་་་་

ད་དུང་ངེད་ཅག་རེ་ལྟོས་སེམས་ཅན་རྣམས་ཐུགས་རྗེའི་ལྕགས་ཀྱུས་མི་འདོར་བར་

ཚེ་འདིར་ཡང་་་

ཡང་སྤྲུལ་གསེར་གྱི་ཉི་གཞོན་ཞིག་མཇལ་ནུས་པར་གསོལ་བ་སྙིང་ནས་འདེབས་སོ།

སློབ་འབངས་ཐ་ཤལ་བ་མཁས་གྲུབ་འགྲན་བྲལ་གྱིས་་་་་

#每日一句藏语[超话]#
དཔེ་གཞུང་གི་སྟེང་དུ་ལངས་ན་བདག་ལྕགས་གྱང་སྐོར་ལས་ཕྱིར་འཕུར་ཐུབ་པ་ཡིན།

ཡི་གེའི་གཤོག་པ་ལ་བརྟེན་ནས་ངས་གནམ་གྱི་མཐའ་ལ་འགྲོ།
I can fly out of this place on the backs of books. I've gone to the end of the world on the wings of words.


发布     👍 0 举报 写留言 🖊   
✋热门推荐
  • 『前途K50』在来一台新能源电动车[月亮代表我的心]和上台白色的差不多,两台都是19年的,这台公里数比那台多5000公里这次我拍了一下塑料感满满的车钥匙目前开价
  • 血块排不出去,越积越多,淤积成瘤…朵女郎私护内裤,解决你的一切困扰[酷][酷][酷]其实你想改善痛经就差一条朵女郎[鼓掌][鼓掌][鼓掌]#朵女郎##健康#细雨
  • 今天早间7点54分左右,维州紧急救援中心接到消息称Belgravia St发生火灾,距离墨尔本公园和AAMI体育场非常近,数十名消防员和紧急救护人员到场后立刻疏
  • !!
  • #梦想生活 值得追觅# @追觅科技 让我觉得很温馨印象很深刻的一个画面是大人陪着小孩子走路的那个画面,小孩子从不会走路到踉踉跄跄的走,这个过程真的很打动到我,
  • 如果真只是为了逃避,那还请三思,佛门清净,却也规矩林立,绝不是清闲享乐之地,没有一颗为众生奉献的心,还是不要轻易去尝试。惭愧羞愧婚姻,孩子,现实确实改造了许许多
  • 你看看这个          我感觉挺适合你的:兰州大名城实景现房建筑面积79-116㎡ 单价5288元/㎡一口价 即买即住现在买房还能送五年暖气费抵房款
  • 我们真是一个胸怀世界的民族,每天关心欧洲人这个冬天冷不冷,暖气够不够,电费贵不贵,也不知道给自己添件衣服我们家正式开始卖茶具了,现在货还不多,都是吃吃款订制的,
  • 冷酷文学看小说 《宋兰诗傅封渊》(热门推荐小说) 《晏妤东方煜箫》(热门推荐小说) 《丛容温少卿姜瑾》(热门推荐小说) 《林嘉因时傅姜梓》(热门推荐小说) 《苏
  •  ⁠⁠洗过 ≠⁠洗⁠干 净‼️ ⁠⁠不⁠知 道⁠用什么⁠, ⁠早上就用 这款⁠吧⁠ ⁠#海⁠星支⁠ 管⁠藻成⁠分⁠# ⁠
  • #佛山找房租房[超话]##佛山找房租房[超话]##佛山找房租房[超话]##佛山找房租房[超话]#近天安数码城|南舜怡海港风景街单间出租 拎包入住 房间空间虽然不
  • 此外,在北京、上海等地,透明、梦幻的星空房也在多场景落地,或化身商场露台上的网红餐厅,或扎根于公园营地,作为人们仰望星空的打卡地。观星,年轻人净化心灵的“良方”
  • 学着把生活的苦酒当成饮料一样慢慢品尝,不论生命经过多少委屈和艰辛, 我们总是以一个朝气蓬勃的面孔, 醒来在每一个早上。学着从容而冷静地面对世事沧桑,‘猝然临死
  • 实际上周已经分析过了,昨天也给出明确的提示,正如刚才发的微博,市场当下的诱空手法就是这样,前面横几天,你觉得没事了,甚至再来个阳线,让你更深信不疑一追,今天就D
  • 河北银保监局强化组织领导,制定工作方案,成立工作专班,引领河北银行业率先行动,创新信贷融资方式,优先配置信贷规模,大力支持产业、生态、交通三个重点领域率先突破,
  • 我图省地方 有的颠倒放了,浪费了一些T T 感觉……可以废物利用冒充环氧树脂 还挺仙儿的233 最终用了二十几瓶,小玻璃瓶拿去回收,透明固体和白K色小钢珠,
  • 穷人并不是去指身无分文的人,而是指那些没有梦想的人。穷人并不是去指身无分文的人,而是指那些没有梦想的人。
  • 为了庆祝预售开启,【关注#Hobbymax#】并【转发 并@ 一位好友 】我们将于9月12日 21:00 抽取几名小伙伴获得:渚薰 Ver.RADIO EVA
  • 可以说,赫尔松市是俄军在乌境内首先控制的大城市和州首府,不仅鼓舞俄军士气,也极大影响着外界对这场冲突的观感和评估。如果乌军能将俄军驱赶至东岸,并夺取第聂伯河的控
  • 如果再要求高一点的话,可以自己种出来的更好吧,当然还要没有被污染的土地,没有一些因为科技而改变的原生态。希望可以不受疫情困扰,有个短暂的时光,一点浅尝辄止的快乐