རབ་ཏུ་བྱུང་ནས་ཇི་སྲིད་འཚོ་ཡི་བར། །


མཁན་སློབ་སྤྱན་སྔར་ཇི་ལྟར་ཁས་བླངས་བཞིན། །


བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །
ཉེས་པས་ནམ་ཡང་གོས་པར་མ་གྱུར་ཅིག།

བསམ་གཏན་ཀློག་པའི་ལས་དག་གིས།།
ལུས་ལ་སྙིང་བོ་བླང་པར་བྱ།།
ངུར་སྨུག་གྱོན་ཙམ་གྱིས་ཆོག་པའི།།


བསམ་པ་ནམ་ཡང་མི་བྱའོ།།

ཉོན་མོངས་གསུམ་པོ་སྐྱེ་བའི་ཚེ། །
ཆུ་ལ་རལ་གྲི་བཏབ་པ་ལྟར། །
སེམས་ཀྱི་མདུད་པ་གྲོལ་ནས་ཀྱང། །
འོད་གསལ་ངང་ལ་གནས་པར་ ཤོག །

གང་ཚེ་ཤིན་ཏུ་ཟབ་པའི་ཆོས་ཚུལ་ལ། །
བསམ་བྱུང་བློ་ཡིས་ངེས་ཤེས་རྙེད་པའི་ཚེ། །
ཚེ་འདིའི་འཁྲི་བ་ཆོད་པའི་བརྩོན་འགྲུས་ཀྱིས། །
དབེན་པ་བསྟེན་ནས་ཚུལ་བཞིན་སྒྲུབ་པར་ ཤོག ། [合十][合十][合十]

རྣམ་དག་ཚུ༵ལ་ཁྲི༵མས་གཙང་མའི་ཡོན་ཏན་དང་།།
གཞན་ཕན་བྱང་ཆུབ་སེམས་ཀྱི་བློ༵་གྲོ༵ས་རྒྱས།།
འཆད་རྩོད་རྩོམ་ལ་ཐོག་མེད་གཉིས་པ་ཞེས།།
བསྟན་དང་བསྟན་པའི་བདག་པོ་མངའ་གསོལ་ལོ།།

རྒྱལ་བསྟན་སྤྱི་དང་ནང་རྒྱུད་ཡོ་ག་གསུམ།།
འཛིན་སྐྱོང་སྤེལ་ལ་གསང་བདག་གཉིས་པ་ཞེས།།
སྙན་པས་ས་སྟེང་ཁྱོན་ཀུན་ཡོངས་གང་བའི།།
རྒྱུད་སྡེ་རྒྱ་མཚོའི་བདག་པོར་མངའ་གསོལ་ལོ།།

དེ་ལྟར་བདག་གི་བསམ་པ་རྣམ་དག་གིས།།
མངའ་གསོལ་གཟེངས་བསྟོད་ཇི་བཞིན་སྨོན་པའི་མཐུས།།
མི་མངོན་དབྱིངས་ནས་སྲས་བཅས་རྒྱལ་ཀུན་གྱིས།།
མཐུན་གྱུར་བྱིན་རླབས་མཆོག་ཏུ་ད་སྩོལ་ཅིག།


༧ཆོས་རྗེ་འཇིགས་མེད་བླ་མས་གསུངས།


ང་དང་དགོན་པ།

སྤྲིན་དཀར་རས་ཡུག་འདྲ་བའི་མ་འོག་གི །
རྩི་མེ་བགྲང་ཡས་འདུས་པའི་ཡངས་སྟེང་དུ། །
མདོ་སྔགས་ཆོས་ཀྱི་བསྟན་པ་རྒྱས་པའི་ཞིང་། །
བཤད་སྒྲུབ་ཉི་ཟླ་ཁ་སྤྲོད་ཡུན་དུ་བརྟན། །

ལྷ་ས་ལྷ་ཡུལ་འདྲ་བའི་མར་ནང་ནས། །
མདོ་སྨད་སྨད་མོ་ལྗོངས་ཀྱི་ཡར་ནང་ན། །
ཤྭཀྱའི་བསྟན་དོན་བསྐྱོད་པའི་དཔའ་བོ་ཆེ། །
མཁན་སྤྲུལ་ཉི་ཟླ་ཁ་སྤྲོད་ཡུན་དུ་བརྟན། །

རྒྱབ་རི་སྐལ་ལྡན་དབལ་རྩེའི་མ་ཤོད་གན། །
རྨ་སྲས་འཛི་རྒྱལ་དཀར་ཡག་ཚུར་ཟུར་དུ། །
ཆོས་རིགས་བང་མཛོད་གླིང་གའི་དམར་སེར་སྡེས། །
འཆད་རྩོད་རྩོམ་པའི་ལས་སུ་འབད་འདིར་མཚར། ། https://t.cn/RqUdkM5


发布     👍 0 举报 写留言 🖊   
✋热门推荐
  • 如果拿不出一点点实绩,就不要来碰瓷[太开心][太开心] 带几张照片来逛逛皇太子西西公主章昊的后花园[挤眼]#艾芙花园[超话]#避雷闲鱼用户:韩流艺术家滋滋(现
  • 他们说我在感动自己,或者说看到就累,还不如怎么样怎么样……其实我做起来不累,可在其中,可是有些话让我听起来很累很气馁今天是瑶宝的8岁生日,长寿面、零食蛋糕、晚上
  • 作为此次马拉松的东道主,我市众多职工、劳模工匠主动报名参加,并提前做好各项准备工作,将日照的城市之美、日照人的热情好客与“最美赛道”一起打包,为全国职工留下属于
  • #宋粉最高# 出自《齐东野语·卷十五》看完无言以对! 曲壮闵本末   曲端字平甫,镇戎军人,知书善属文,作字奇伟,长于兵略,屡战有声。知延安府时,王庶节制陕
  • 实际上这是一个误区,全自?动机械表不用手动去上发条,但是需要保持机械表在手上佩戴的时间至少要超过8小时,因为全自动机械表是利用自动陀的任意摆动上紧发条的,而自动
  • 又环顾左右说:;我死后好好招待此施主,饭后将他送回,如有半语嗔咎,逆天悖道,则非我弟子。比丘见已,就问佛陀:;迦留陀夷过去造何恶业,今生被婆罗门妇所杀。
  • #我和理想ONE的日常#乳腺结节不过了肝郁了,疏肝就没事了分享你一个“消结方”✅其实很多乳腺结节都是肝气郁结导致的。2. 不断填充,把思考的结果,遇到挫折时处理
  • 抖音热推小说‼《阮娇娇荣善》(全集完整版大结局)全文阅读笔趣阁R.yf`t: ‼书名:《阮娇娇荣善》 ‼主角:阮娇娇荣善 ‼小说全文阅读到公#众#号【岁月书摘】
  • 你的坚持带来了你的!放弃自己真的是一件简单的不能再简单的事情了,给我一秒钟,给我一分钟,秒秒分分钟就能做到走火入魔!
  • 1️⃣tree tree的西瓜2️⃣好难吃的菠萝蜜核‍↕️ 谁说的这个味道和差不多 3️⃣水培小葱 下次就可以随吃随剪了吧 我爱葱花4️⃣菠萝蜜 又香又甜的菠萝
  • 真的好喜欢你啊,签完之后倒在沙发上满脑子只有这一个想法,完全无法不喜欢你。身材管理很好,气质很独特(一眼就觉得哥有那种话不多云淡风轻的大佬气质):妈妈他好会说话
  • 城投下属各基层单位都隶属于市总工会范畴,申阿姨在过往的岁月里参加过市总工会的很多活动:摄影培训、微视频大赛培训及比赛、2015年投稿过上海市总工会,有一作品《我
  • #福泉亲子鉴定多少钱无创##福泉无创亲子鉴定多少钱一次##福泉亲子鉴定多少钱202无创4#2024福泉无创亲子鉴定价格:4500元-5000元一次亲子鉴定收费标
  • 我是苏苏,尽管18岁但身怀双重绝技,是在座武力值的天花板[偷笑R]尧和苍生选择了我的阵营,两个高大威猛的男生一左一右守着我,让我过足了瘾哈哈哈 我的老公尧,为
  • “前几天来取餐的时候还好好的,他们家小女儿很可爱的……”小哥说,不知道一家人的名字,但他们来取餐时,在这家店里的感觉蛮好。“刚刚去他们店里,发现人不在,一问才知
  • #刘宇宁开始推理吧# #刘宇宁南珩离十六# #摩登兄弟[超话]# ​明天就是520,在这个特殊的日子里,愿你的每一天都充满阳光和欢笑,每一步都走得坚定而有力,
  • 人生,随心而走,让生命获得自由,随缘而活,让生活淡化繁杂在这喧嚣的人间,我们时常会被岁月的波涛所裹挟,感受到生活的起伏与无奈。但无论未来有多少未知与挑战,只要我
  • #韩圈扩关[超话]#中午好~一辆【昼含量100%】的小车向你驶来大家都是很好的小女孩 来️我们车主@_Honeul 昼19芙14爻2 ❌昼21⃣️@拯救卷卷包
  • 3、提升免疫力:因为蕲艾精油属性温阳,每周用1-2次蕲艾精油在尾椎及脊椎两侧按摩舒缓10分钟,或取蕲艾精油泡脚泡澡,都能有效地提升免疫力!#蕲艾精油##艾草##
  • 人物塑造 ,点击查看> #QQ阅读##文化晋宁#【晋宁区第八届学生艺术节闭幕,获奖名单全在这里】5月11日,晋宁区第八届“童心向党,阳光下成长”学生艺术节