࿑རྣམ་རྟོག་ཅིག་འཇིག་རྟེན་བྱེད་པོ་བཞིན།
ཡོད་ཚད་ལ་བཀོད་འདོམས་བྱས་སོང་བ་འདྲ།
རྣམ་རྟོག་དེ་ང་ལ་སྡང་སེམས་སྐྱེས་སོང་བ་མིན་ནམ།
སད་པའི་ཚེ་ན་ང་ལ་དྲན་གདུང་དང་གཉིད་པའི་ཚེ་ན་རྨི་ལམ་ལས་ཀྱང་འཇིགས་སྣང་ཞིག་བྱིན་སོང་།
རྣམ་རྟོག་དེ་ནི་ཐ་ན་གཉིད་ཀྱང་མི་ཁུག་པའི་སེམས་རྒྱུད་ཀྱི་འདྲེ་གསོན་པོ་དེའོ།། ༢༠༢༢ སྤྱི་ཟླ་ ༡༢\ ༧\ ཆུ་ཚོད་༣:༥༩ རྨ་པྲཛྙཱ་ནས།

ཟླ་གཉིས་གསུམ་ཙམ་གྱི་ཡ་སྔོན་དུ། ངེད་གཞིས་ཁུལ་དུ་གར་ཡོང་མི་ཤེས་པའི་ཁྱི་ལྡོམ་སྐོར་ཞིག་སླེབས་འདུག་པས། གཞིས་བདག་གིས་ངེས་པར་ཅིག་ལ་བདའ་དགོས་བསམ་ནས་ཚོད་ལྟ་ཡང་ཡང་བྱས་ཀྱང་། མཇུག་མཐར་ངལ་བ་འབྲས་མེད་དུ་ལོག་སོང་བས་ཁྱི་ལྡོམ་དེ་དག་སྔར་བཞིན་གང་སར་རྒྱུ་བཞིན་འདུག་ལ། གྲངས་ཀ་ཡང་སྔོན་གྱི་གཉིས་གསུམ་ཙམ་ལས་རྗེས་ནས་ལྔ་དྲུག་ཙམ་ལ་སླེབས་འདུག དང་ཐོག་གཞིས་ཁུལ་དུ་སྡོད་པའི་འབྲོག་པ་སྐོར་ཞིག་གིས་ཀྱང་ཁྱི་ཞིག་ཡིན་ན་ཉེན་ཁ་ཆེ་ཚུལ་གྱི་སྒྲུབ་བྱེད་མང་པོ་བཀོད་ནས་སང་ཉིན་གཞན་ཞིག་ལ་བདའ་དགོས་པ་དང་། ལྷག་པར་བྱིས་པ་དག་གི་བདེ་འཇགས་ལ་ཉེན་ཁ་ཧ་ཅང་ཆེ་བའི་ད་ལྟ་ཉིད་དུ་ཅིག་ལ་བདའ་དགོས་པའི་བསམ་ཚུལ་མང་པོ་བཏོན་བྱུང་ལ། གང་ལ་བདའ་དགོས་པའི་སྐོར་ལའང་གྲོས་ཁ་ཡང་ཡང་བསྡུར། འོན་ཀྱང་མཇུག་མཐར་བསམ་ཚུལ་དེ་དག་ཀྱང་ཆུ་ནང་ལ་གཡག་བཏང་བ་ལྟར་གར་སོང་ཆ་མེད་དུ་གྱུར་སོང་བས། ཁ་སང་དེ་རིང་ལ། ཁྱི་ལྡོམ་དེ་དག་གི་གྲངས་ཀ་ནི་སྔར་ལས་ཀྱང་མང་པོ་ཅིག་ལ་སླེབས་འདུག་ཀྱང་། དེ་དག་ལ་དོ་སྣང་བྱེད་མཁན་གྱི་མི་ནི་ད་ལྟ་ཉིན་མོའི་སྐར་མ་བཞིན་གཅིག་ཀྱང་མི་འདུག་པས་ཁྱི་ལྡོམ་དེ་དག་ཀྱང་གང་འདོད་དུ་རྒྱུགས་བཞིན་འདུག དོན་ལ་ཁྱི་ཟེར་དགོས་པའང་མིན་པ་འདྲ། དེ་དག་ལ་ཧྭ་པ་ཟེར་བའི་ཐ་སྙད་དེ་འབྱར་ན་སྔོན་ལས་ཀྱང་འཕྲོད་པོ་འདུག ཧྭ་པ་ཟེར་བའི་ཐ་སྙད་དེ་འབྱར་ན་དོན་ལའང་གནས་པ་འདྲ། འོན་ཀྱང་། ཧྭ་པ་དེ་དག་གི་ཟུག་སྐད་ནི་འབྲོག་ཁྱི་ཞིག་དང་ཁྱད་པར་ཆེན་པོ་མི་འདུག་པས། མཚན་མོ་སླེབས་ཐེངས་རེ་རེར་ངས་ནི་ཁོ་ཚོའི་ཟུག་སྐད་ཐོས་ཡོང་། ཁོ་ཚོའི་ཟུག་སྐད་ནི་ཏག་ཏག་མཚན་མོར་ཐོས་ཡོང་པའི་མཚན་མོ་ནི་ཁོ་ཚོ་ལ་དབང་བའི་དུས་ཚོད་ཡིན་པ་འདྲ། མཚན་མོར་ཐོས་ཡོང་བའི་ཟུག་སྐད་ལ་ང་རང་ཅུང་དགའ་པོ་འདུག སྙིང་ཉེ་བོ་ཞིག་ཀྱང་འདུག ངའི་བསམ་པའི་ནང་དུ་ཁྱིའི་ཟུག་སྐད་དེ་མཚན་མོར་ཐོས་ཡོང་པ་ནི་རེ་བ་གང་ཞིག་སླར་སོས་པ་ལྟར་ཡག་པོ་མཐོང་གི་འདུག་པས། ད་ནུབ་ཀྱང་ཁྱིའི་ཟུག་སྐད་ཁྲོད་ནས་གཉིད་དུ་ཡར། བསྲུང་བྱ་གང་ཞིག་བསྲུང་དགོས་པའི་རྣམ་འགྱུར་ཆེས་ལེགས་ཤས་ནི་འགན་འཁྲི་གང་ཞིག་འབོར་མ་མྱོང་བའི་མཚན་མོ་དེ་དག་གི་ཟུག་སྐད་རེ་རེ་ཡིན། [鲜花]

རྣམ་དག་ཚུ༷ལ་ཁྲི༷མས་གཙང་མས་ཐུགས་རྒྱུད་མཛེས།།
བཅུ་ཕྲག་རིག་པའི་གནས་ལ་བློ༷་གྲོ༷ས་ཡངས།།
ཉམ་ཐག་སྐྱེ་དགུའི་མགོན་གྱུར་དགེ་བའི་བཤེས།།
ལྷོ་གླིང་འཛིན་མའི་རྒྱན་ཏུ་འཚོ་བཞེས་གསོལ།།
[蛋糕]

ᴛ[蛋糕][蜡烛][鲜花]

[月亮][太阳][烟花]


发布     👍 0 举报 写留言 🖊   
✋热门推荐
  • 骑骆驼上课”:比阿联酋更古老的迪拜学校迪拜英语学校在迪拜河岸边的一座别墅里开始了生活 - 现在这段历史正在被记录下来阿联酋只有少数学校可以谈论早于阿联酋的遗产,
  • 《海内经》言叔均乃帝俊之孙,《大荒西经》又言乃黄帝之孙,则知黄帝即是帝俊,《天中记》卷十一引路氏(疑是《路史》)曰:“帝俊是黄帝字”也认为帝俊就是黄帝,陈耀文说
  • 나의 대답 To. 유태양 2021년은 너에겐 너무 바쁜 한 해였지만 점점 무대에서 당당해지는 너의 모습을 보니 요즘 좋아하는 일 많이 하고 있
  • 但是如果天空布满繁星,又会有那么多的人观赏。保留在这里最初的样子,依旧是有爱的大家庭,不深入细想,唐晶说的对:那说明公司还需要你啊,等找到替代品了任你低三下四地
  • #想見你# 從頭到尾,都只是喜歡黃雨萱的李子維,和喜歡李子維的黃雨萱。有些喜歡能夠穿越時空,來到你身邊。
  • 感謝KK和非常好心的櫻花阿姨,讓我能就為兩年地看到了冬婚[抱一抱]在東蛋只用一台鋼琴伴奏來開con非常地奢侈到最後突如其來的管弦樂隊來伴奏又是另一種奢侈還有ke
  • 东湖那么大,一定要到这个停车场才是坐摆渡车进去的地方✔️冬日去玩一定要挑个好天气,白天有阳光真的一点都不冷,能自在地在沙滩上玩耍✔️日落后温度还没有很快降下来,
  • 这是一份基于客观、公正、人文精神,联合粤港澳饮食名人、顺德星级名厨、粤菜学府等制定评选标准,并全程进行匿名探店而形成的第三方非商业的评选榜单!#寻味顺德##潮玩
  • !また、デザートや中国茶もそろっているので、食事ではなくティータイムも利用できます。
  • 均线在炒股中的实际运用说之前先要明确一个观点:1、任何技术指标若脱离趋势载体,在实际操作中毫无盈利的可能,2、理论上指标使用的人越多,获得的合力效果越好,合力是
  • 我们飞往大加那利岛拍摄“sofia”的封面。最后我们没有用这个照片(作为封面),但我们度过了一段美好的时光(“sofia”的封面最终被柏林吉吉的一家酒吧拍摄)#
  • 4.VC泡腾片:VC泡腾片表面上补充的是VC,实际上因为工艺需求添加了大量碳酸氢钠导致钠含量极高,可以找营养成分表看看,一定会吓到你。2.果脯蜜饯:吃的时候没觉
  • #爱家非同食趣# 伪减脂餐6️⃣2️⃣5️⃣Day周6️⃣好♥️2️⃣0️⃣2️⃣2️⃣♥️你好呀请多多关照哦♥️新年打卡午餐NO.1必须红红火火♥️烤羊排
  • 阿漫物语&果汁奇想19年开始和知岛合作21年尾牙带着阿漫第一次亮相虽然累到腰疼到现在还起不来床但有老朋友也有新伙伴,被认同,欣赏被路过的小伙伴们鼓励说一
  • 作为美妆博主又需要经常拍照出镜,真的超认真的在护理皮肤,最近你们也感受到了叭hh勤快的我#完美新年计划##护肤品推荐#THE GINZA·御银座粉晶按摩精华露单
  • 【用修改液变造核酸报告企图进京 一女子在天津站被查处】近日,天津站工作人员在进站口查验核酸检测证明时,发现一女子修改了核酸检测报告单的时间试图乘坐京津城际列车。
  • 是的,为了避免结束,你避免了一切开始——顾城《避免》所有随风而逝的都是属于昨天的,所有历经风雨留下来的才是面向未来的生命是闪耀的此刻, 不是过程, 就像芳香不需
  • 日照海洋公园这里是要收费的,我们当时选的是网上买票,这样会稍微便宜一点 。6、特斯拉删除了网站上的配置参数和价格,据说是在为涨价做准备。
  • #微观天下# 据美国趣味科学网站8日报道,荷兰科学家或许发现了一种没有暗物质的星系[打call][打call][打call]而现有星系形成理论认为,暗物质是星系
  • 除了科学家们,民间也在试图解释这一现象,佛教的《地藏经》中谈到托梦是过去已经陷入恶道的亲戚们希望活着的人能够超度他们,所以才会托梦告知,如果多念几遍《地藏经》便