ཤིན་ཏུ་དུལ་བའི་ཟླ་བ།
ག་ལེར། སྤྲིན་གྱི་ཐེམ་པ་ལས་བབས།
རྩི་ཤིང་དང་མེ་ཏོག་གི་ཚོགས།
ཕྱག་སོར་གྱིས་ཤད་ཀྱིན།
ངའི་སྒེའུ་ཁུང་དུ་འཛུལ་བྱུང་།
མ་མའི་མཉེས་གཤིན་ལྟ་བུས།
གནས་མལ་ཧྲིལ་བོ་འོད་ཀྱིས་བརླན་བྱུང་།

———པད་སྡོང་འཇམ་དབྱངས། [微笑]

བལྟས་པ་འགྲིག་ཀྱང་ལས་པ་ནོར་བའི་སྣང་ཚུལ་རྒྱུན་དུ་འབྱུང་། གང་ལ་ཞིབ་ཏུ་བརྟགས་ཏེ་དེའི་འགྲིག་མིན་བལྟ་རྒྱུ་ནི་ཤེས་ཡོན་དང་བློ་རིག་གིས་ནུས་ཤིང་། འགྲིག་པར་མཐོང་བ་གང་དེ་ལག་ལེན་གྱི་སྟེང་ནས་ཡང་དག་པར་བསྒྲུབ་རྒྱུ་ནི། མི་གཤིས་ཀྱི་ཞན་ཆ་སེལ་ནུས་མིན་ལ་རག་ལས་ཡོད་ཀི
生活中看对做错的现象随处可见,在这里看对属于学识上的问题,而做对就要面临克服人性弱点的问题。

པུ་ཏོ་བའི་ཞལ་ནས།

ཆོས་གཅིག་ཏུ་བྱ་བ་ལ་མི་རྟག་པ་བསྒོམ་པ་འདི་གལ་ཆེ་སྟེ། འཆི་བ་མི་རྟག་པ་འདི་བསྒོམ་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་སྐུལ་བའི་རྐྱེན་བྱེད། ཐ་མ་ཆོས་མཉམ་པ་ཉིད་དུ་རྟོགས་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན། དང་པོ་ཚེ་འདིའི་གདོས་ཐག་ཆོད་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོག་པའི་རྐྱེན་བྱེད། ཐ་མ་མྱ་ངན་ལས་འདས་པའི་ལམ་དུ་འཇུག་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན། དང་པོ་དད་པ་སྐྱེ་བའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཤེས་རབ་སྐྱེ་བའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ཤིང་རྒྱུད་ལ་སྐྱེས་ན། དང་པོ་ཆོས་ཚོལ་བའི་རྒྱུ་བྱེད། བར་དུ་ཆོས་སྒྲུབ་པའི་རྐྱེན་བྱེད། ཐ་མ་ཆོས་མཐར་ཕྱིན་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ཤིང་རྒྱུད་ལ་སྐྱེས་ན། དང་པོ་གོ་ཆའི་བརྩོན་འགྲུས་རྩོམ་པའི་རྒྱུ་བྱེད།

བར་དུ་སྦྱོར་བའི་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད།

ཐ་མར་ཕྱིར་མི་ལྡོག་པའི་བརྩོན་འགྲུས་རྩོམ་པའི་གྲོགས་བྱེད་གསུངས།

ཕ་དམ་པའི་ཞལ་ནས།

མི་རྟག་པ་འདི་རྒྱུད་ལ་སྐྱེས་ན།

དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་ཀྱི་ལྕག་བྱེད།

མཐར་འོད་གསལ་ཆོས་སྐུ་ཐོབ་པར་བྱེད་གསུངས།

དམ་པའི་ཞལ་ནས།

བོད་ཀྱི་ཆོས་བྱེད་པ་ལ་ཤི་སྙམ་པ་ནི་གཅིག་ཀྱང་མི་སྣང་བ་ལ།

ལུས་པ་གཅིག་ཀྱང་མ་མཐོང་།

ལར་སེར་མོ་གོས་གྱོན་ནས་ནོར་བསགས་པ་ལ་དགའ་ཚད་འདིས་འཆི་བདག་གཤིན་རྗེ་ལ་ཟས་ནོར་འཇལ་བ་ཨེ་ཡིན་སྙམ། ནོར་བཟང་ཐམས་ཅད་ཚགས་བྱེད་ལུགས་ལ། དམྱལ་བ་ལ་ལྐོག་འདུན་འཇལ་བ་ཨེ་ཡིན་སྙམ།

བོད་ཀྱི་ཆོས་པ་འདི་ཚོ་མཐོང་ན་དགོད་རེ་བྲོ་ཧ་ཧ། །ཐོས་པ་སུ་ཆེ་ང་རྒྱལ་ཆེ། །སྒོམ་པ་སུ་བཟང་ཟས་ནོར་གསོག །དབེན་པ་སུ་བརྟེན་འདུ་འཛི་མང་། ། རང་ཡུལ་གང་སྤངས་ངོ་ཚ་མེད། །དེ་ཚོ་ཆོས་ལ་དྲེད་པ་ཡིན།

།དེ་ཚེ་སྡིག་ལ་དགའ་བ་ཡིན། །ཕ་རོལ་པོ་ཤི་བ་མཐོང་ཡང་རང་འཆི་བ་མི་ཤེས་པས་ལེ་ལན་དང་པོ་དེ་ལ་ཐུག་ཅེས་གསུངས།

པུ་ཏོ་བའི་ཞལ་ནས།

ཁྱོད་ཀྱིས་འཆི་བ་མི་རྟག་པ་མང་དུ་སོམས་དང་།

དེར་འཆི་ངེས་པའི་བློ་གཅིག་བྱུང་ན།

སྡིག་པ་སྤོང་བ་ལ་དཀའ་རྒྱུ་མེད། དགེ་བ་བསྒྲུབ་པ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི

དེའི་སྟེང་དུ་བྱམས་པ་སྙིང་རྗེ་མང་དུ་སྒོམས་དང་།

དེ་རྒྱུད་ལ་སྐྱེས་ན། སེམས་ཅན་གྱི་དོན་བྱེད་པ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི

དེའི་སྟེང་དུ་ཁྱོད་ཀྱིས་ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་མང་དུ་སྒོམས་དང་།

དེ་རྒྱུད་ལ་སྐྱེས་ན། འཁྲུལ་པ་སྦྱོང་བ་ལ་དཀའ་རྒྱུ་མེད་པ་འོང་གི

ཞེས་གསུངས། རྗེ་བླ་མའི་ཞལ་ནས་ཀྱང་།

ངས་འཇིག་རྟེན་འདིའི་མཐོན་པོ་དང་བཙན་པོ་ཕྱུག་པོ་དང་མལ་འཕྱོར་པོ་ཇི་ལྟ་བུ་ཞིག་མཐོང་ཡང་དེ་ཡིད་སྨོན་མི་འཆོར་བར་དམ་པ་གོང་མའི་རྣམ་ཐར་ལ་ལྟ་བ་འདི་མི་རྟག་པ་ཅུང་ཟད་རེ་རྒྱུད་ལ་སྐྱེས་པའི་དོན་གྱིས་ཡིན།

ང་ལ་འདི་ལས་ལྷག་པའི་གདམས་ངག་གང་ཡང་སྟོན་རྒྱུ་མེད་། ཅེས་ཡང་ཡང་གསུངས།


发布     👍 0 举报 写留言 🖊   
✋热门推荐
  • 随着医美的普及,越来越多的爱美人士开始选择通过医美的方式来改变自己这既是机会也是坑,行业乱象不可忽视选择正规有资质有口碑的医院医生显得尤为重要全国医美/医生信息
  • 图片2013年“东伊运”组织了一个会议,号召维吾尔族学生参加“圣战”培训班,还要派一部分人参加IS组织,让他们在战争中熏陶、训练,以成为未来“东突厥斯坦伊斯兰运
  • 雪霁天晴朗,干警扫雪忙“立春”后的首场降雪如约而至,银装素裹的环境给人们带来惊喜的同时,也带来了出行上的不便。冷了,大家就搓搓手,跺跺脚,再次投入到扫雪的行动中
  • 因敬茶而兴茶礼、知茶仪规、熟悉茶汤的表现;因茶而吸纳更多门类的知识,并把传统文化融和与现代生活的日常中;静可一人体己独饮,群可举众设茶席、举雅会,在茶事实践中体
  • 【#北京疾控再发提醒有以下情况人员请立即报备#】当前,全球疫情呈高发态势,国内多地报告本土确诊病例,全市疫情防控面临境外境内双重风险,疫情防控一刻也不能放松,要
  • 事实上,“阿波罗”任务取回的样品也有类似发现,但美苏检测到月壤中水的含量都很低,更重要的是,都无法排除月壤返回地面后接触水蒸气的可能性,也就导致不能肯定地宣布月
  • 于心有愧的是,我伤心的原因是想起世界上真正爱我的人就这样,真的少了一个——身边的人会被时间带走,而我还要继续往前走。我当时一直在想如果爷爷把我忘记了会怎么样,但
  • (来源:广东自然资源)早上好,今天是2022年4月28日星期四,黄埔区的热点资讯有:● 近日,“湾区建设 青年强国 全面开启知识产权强国建设新征程”知识产权宣传
  • 成为你粉丝的契机有许多,我也不知道别人是为什么我只知道,我是因为喜欢你们的风格而喜欢你们顺带吐槽一下:我要是真是业务粉估计也不会补你们直播,把你跟朱老师伪科普写
  • 三.免費上门估价:苏州搬家公司苏州大力士搬家苏州运输管理处批准和工商局注册成立的一家具有独立法人资格的专业搬家公司,同时拥有一批搬运技术精湛的专业人员和搬运吊装
  • 太爱这个味道了,和咖啡融合的很妙口感好丰富闲聊小师父:一个追我朋友的男的,最近跟别人很好,朋友就很烦,觉得他怎么跟别人好了…我:所以你朋友知道这个男的追她吗(吃
  • yyds!小时候不爱喝热牛奶 长大了不爱喝热奶茶 热咖啡☕️也不太行(是一直被妈妈念的毛病➕可是这一个半月也吃了蛮多面包蛋糕啥的诶奶制品是戒不掉的了 戒糖更不可
  • 听后摇爵士,不是诗和远方,但你加班到深夜,回家淘到的碟,听几首后摇,偷几分钟闲适,这才是诗和远方。大冬天吃火锅,吃得满脸加冒汗,不是诗和远方,但你身上只有50块
  • 春光易逝但时光不会停下脚步拥有过好每一刻的心情和你爱的人好好生活❤️#潮流生活##超能新星汇##我的绿色生活# ❤️一个关于“爱”的小书,《爱的艺术书 My
  • 这无量多的辟支佛和阿罗汉,与初发心学“声闻、缘觉”的人,都一齐来到佛的精舍,特地来参加楞严法会,配合“比丘”“休夏自恣”。】参加法会的这些严净毗尼、弘范三界,度
  • 桃之夭夭,惊艳整个春天,让我们一起赏读古诗词里的桃花名句吧 春天是桃花盛开的季节 点点飞红,艳如少女 看诗词人的笔下 盛开的桃花早已绚烂了春天 眼下正
  • 那一年,辽宁队无奈再次收获亚军,但也算奏响了“辽粤争霸”的序曲…… 辽宁队再一次闯进总决赛已是14-15赛季,当年的“辽小虎”中除了杨鸣、晓旭和大韩外,其余球
  • 沉默[耶],是一种负重的坚强,是一种韬光养晦的低调。沉默,是一种负重的坚强,是一种韬光养晦的低调。
  • 田坤道把绿色有机食品进行整合,客户可以一店多种销售模式进行销售,期待大家的了解田坤道:www.tiankundao.com开米面粮油店技巧:田坤道为您普及现如今
  • 真的太有魅力了大家都觉得为什么她运气超级好 会不会也是因为吸引力法则哇 一个每天都快乐地生活的人会吸引越来越多的美好事物向她考近 从而就是一个良性循环了就像叔本