࿐དེ་རིང་སྟེ་ཕྱི་ལོ་༢༠༢༢ལོའི་བོད་ཟླ་༤པའི་ཚེས་༧ཉིན་བླ་མ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་དཀར་ཟས་སྐོར་ནས་གནང་བའི་བཀའ་སློབ་གནད་བསྡུས་ཀྱི་ཟིན་བྲིས་དོད་ཙམ།



༡ གཞན་གྱི་ཚེ་སྲོག་མང་པོར་ཐད་ཀར་གནོད་པ་དང་། ༢རང་རྒྱུད་ལ་གནོད་པ།

༣དཀར་ཟས་ལ་བརྟེན་ཀྱང་འཚོ་བཅུད་མི་འདང་བའི་དོགས་པ་མི་དགོས་པ།

དང་པོ་གཞན་ལ་གནོད་པ་ནི་དམར་ཟས་ལ་བརྟེན་ན་དེང་སང་སྔར་དང་མི་འདྲ་བར་འཛམ་གླིང་གི་སེམས་ཅན་འདྲ་མིན་སྣ་ཚོགས་ཀྱི་ཚེ་སྲོག་ཐམས་ཅད་ལ་འབྲེལ་བ་ཡོང་གི་ཡོད་པས་སེམས་ཅན་མང་པོའི་ཚེ་སྲོག་ལ་ཐད་ཀར་གྱིས་གནོད་པ་བྱུང་གི་ཡོད་པ་རེད།

དེ་ཡང་སྤྱི་ལོ༢༠༡༩ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡོམས་བརྩིས་བྱས་པ་ལྟར་ན།

འཛམ་གླིང་ཡོངས་ལ།
སྐར་མ་གཅིག་ནང་སྲོག་ཆགས་༢༥༥༦རེ་བསད་ཀྱི་ཡོད། ༼ རྒྱ་མཚོའི་ནང་གི་སྲོག་ཆགས་བསད་པའི་གྲངས་ཀ་ཚུད་མེད། ༽ ཉིན་མ་གཅིག་ལ་སྲོག་ཆགས་དུང་ཕྱུར་༢དང་བྱེ་བ་༢ལྷག་གི་སྲོག་བཅད་ཀྱི་ཡོད།

ལོ་གཅིག་ལ་སྲོག་ཆགས་དུང་ཕྱུར་༨༠༦ལྷག་གི་སྲོག་ཤོར་གྱི་ཡོད།
དེ་དག་ནི་རྟ་ཟོག་ལ་སོགས་པ་ཆེན་པོའི་རིགས་ཀྱི་ཚེ་སྲོག་ཤོར་བའི་གྲངས་ཙམ་ཡིན་པས་སྲོག་ཆགས་འབྲིང་དང་ཆུང་ངུ་བརྩིས་ན་གྲངས་ཚད་མེད་པ་ཞིག་ཡིན་ངེས།

དེ་ལྟར་དུས་ཚོད་ཐུང་ཐུང་ཞིག་གི་ནང་ཚེ་སྲོག་མང་པོ་ཞིག་ཤོར་བར་བློ་གནད་དུ་ཕབ་ནས་བསམ་བློ་ཞིབ་མོར་གཏང་དགོས།


༢༽ རང་རྒྱུད་ལ་གནོད་པ།
སྤྱིར་ཤ་ཁྲག་ལ་བརྟེན་ནས་ནད་མི་འདྲ་མིན་སྣ་ཚོགས་ཤིག་བྱུང་ཚུལ་སོགས་གནོད་པ་མང་པོ་ཞིག་ཡོད་ཀྱང་། འདིར་མིའི་སེམས་ཁམས་ལ་གནོད་པ་འགྲོ་ཚུལ་ལ་བསམ་ན་ཤ་ཁྲག་ལ་བརྟེན་ན་རང་རྒྱུད་ལ་སྙིང་རྗེ་མི་སྐྱེ་བ་དང་གདུག་རྩུབ་ཇེ་ཆེ་དང་། གཏི་མུག་དང་འདོད་ཆགས་ཇེ་ཆེར་སོང་གི་ཡོད་པ་རེད།

ཚན་རིག་པས་ཞིབ་འཇུག་བྱས་པ་ལྟར་ན། ཤ་ཁྲག་རྣམས་ལུས་ཀྱི་ཕྲ་ཕུང་རྣམས་བརྒྱུད་ནས་སོང་བས་དེས་ཤུགས་རྐྱེན་ཐེབས་ནས་མིའི་སེམས་ཁམས་དེ་གདུག་རྩུབ་དང་གཏི་མུག་འདོད་ཆགས་སོགས་ཇེ་ཆེར་འགྲོ་བས་ཤ་ཟས་པ་དང་མི་ཟ་བ་གཉིས་ཀྱི་སེམས་ཁམས་ལ་གདུག་རྩུབ་ཆེ་ཆུང་ཁྱད་པར་ཡོད་པ་བཤད་ཡོད།

དེས་ན་ནང་པ་བ་དང་ལྷག་ཏུ་ཐེན་ཆེན་པ་ཞིག་ལ་མཚོན་ན་སྙིང་རྗེ་མི་སྐྱེ་བ་དང་གདུག་རྩུབ་ཇེ་ཆེར་འགྲོ་ན་ཧ་ཅང་གིས་ཕམ་ཁ་ཆེན་ཞིག་དང་། ཐེག་ཆེན་པ་ཡིན་ཟེར་རུང་དཀའ་མོ་ཡིན་པ་རེད།



༣༽ དཀར་ཟས་བརྟེན་ཀྱང་འཚོ་བཅུད་འདང་ངེས་ཀྱི་ཟས་རིགས་པ་ཡོད་པ་རེད།

མི་མང་པོ་ཞིག་གིས་སྨན་པས་ཤ་ཟ་དགོས་ཚུལ་བཤད་པ་དང་། རང་ལའང་དོགས་པ་ཞིག་གིས་རྐྱེན་པས་ལུས་ཟུངས་གསོ་ཆེད་དུ་ཤ་བརྟེན་གྱི་ཡོད།

སྤྱིར་ན་དམིགས་བསལ་རེ་གཉིས་ལ་འཚོ་བཅུད་མི་འདང་བས་གནད་དོན་གྱིས་མི་ཟ་ཀ་མེད་དེ་འདྲ་ཡོད་སྲིད་པ་རེད།

ཡིན་ཡང་ལུས་ཟུངས་གསོ་བའི་ཟས་རིགས་འཚོ་བཅུད་འདང་ངེས་ཤིག་དཀར་ཟས་རིགས་ལའང་ཡོད་པ་རེད།

སྤྱི་ལོ2009ནས་འཚོ་བཅུད་རིག་པ་ལ་བརྟེན་ནས་ཤེས་རྟོགས་བྱས་པ་ལྟར་ན། འཕྲོད་བསྟེན་རང་བཞིན་གྱི་སྡེར་ཟས།

༡ ཤིང་ཏོག ༡ འབྲུ་རིགས།

༣སྔོ་ཚོད། ༤ སྤྲི་དཀར་བཞི་པོ་ལ་བརྟེན་ན་འཚོ་བཅུད་འདང་ངེས་ཡིན་པ་གཏན་འབེབས་བྱས་ཡོད་པ་དང་། སྤྲི་དཀར་དེ་ལ་སྲོག་ཆགས་ཀྱི་ཐོག་ནས་ཡོང་བའི་སྤྲི་དཀར་རྫས་དང་། སྲན་མའི་རིགས་ཀྱི་ཐོག་ནས་ཡོང་བའི་སྤྲི་དཀར་རྫས་གཉིས་ཡོད་པ་ལས་སེམས་ཅན་གྱི་ཤ་ཁྲག་ཐོག་གི་སྤྲིན་དཀར་དེར་ལྡོག་ཕྱོགས་ནས་ནད་མང་པོ་འདྲེན་པའི་གནད་དོན་ཡོད་པ་དང་། སྲན་ཐུད་ཐོག་ཡོད་པའི་སྤྲི་དཀར་དེར་ཕན་པ་འབའ་ཞིག་པ་ཡིན་པར་ར་སྤྲོད་གསལ་པོ་བྱས་ཡོད།

དེས་ནས་དཀར་ཟས་ངོ་བོར་གནས་པའི་ཟས་རིགས་བཞི་པོ་དེ་དག་ལ་བརྟེན་ནས་འཚོ་བ་བསྐྱལ་ན་ལུས་ཟུངས་མི་ཟད་པ་དང་བདེ་ཐང་གི་ལུས་པོ་ཞིག་ཡོང་ཐུབ་ངེས་ཡིན་པས་རྒྱུ་མཚན་དེ་དག་ལ་བསམ་ན་མང་པོ་ཞིག་ཤ་ཟས་དོན་ནི་སྲེད་པ་ཁོ་ནས་དབང་དུ་སོང་ནས་ཁ་གཡར་བ་ཙམ་རེད། དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དང་ཐོག་ཟས་རིགས་གསར་བརྗེ་སྐབས་གོང་སྨོས་བཞི་པོ་དེ་ནང་ཤ་བཞག་ཡོད་རྗེས་སུ་ཞིབ་འཇུག་བྱས་པས་ཤ་ལས་གཟུགས་པོར་གོང་དུ་བཤད་པའི་དཀར་ཟས་ལྡན་པའི་བཞི་པོ་དེར་ཕན་ནུས་ཆེ་བས་རྗེས་སུ་ཤ་མར་ལེན་ནས་སྔོ་རིགས་བཞག་ཡོད།

ཅེས་གསུངས།

ཀོང་སད་ནས།

࿐སྟོན་པ་རྗེས་དྲན་གྱི་ཟླ་བ།

རྒྱལ་བུའི་དོན་འགྲུབ་བྱམས་སེམས་མཆོག་གྱུར་པ།།
སེམས་ཅན་ཡོངས་ལ་བརྩེ་བའི་མ་ལྟར་བསྐྱངས།།
ཐོག་མའི་སེམས་ཅན་ལམ་སྟོན་མཛད་པ་པོ།།
སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།།

སྟོན་མཆོག་ཐུབ་པའི་དབང་པོར་བཀའ་དྲིན་ཅན།།
སྙིང་ཁ་པད་མའི་ཟེའུ་འབྲུ་སྟོན་པ་མཆོག།
འགྲོ་བ་ཡོངས་ཀྱི་ལམ་སྟོན་བདེ་གཤེགས་ཉིད།།
ཚེ་རབས་དུ་མར་རྗེས་སུ་འཛིན་པར་གསོལ།།

࿐མཁས་དགའ་ལས། འདམ་ཤོད་དཀར་མོ་ཕྱྭ་དང་རྭ་ཡི་ཡུལ་ཞེས་དང་། ལྡེའུ་ཆོས་འབྱུང་རྒྱས་པ་ལས། འདམ་ཤོད་དཀར་མོ་ལྕོག་རོའི་ཡུལ་དུ་བཅད། ཅེས་པའི་འདམ་གྱི་ས་ཡི་ལྗོངས། [鲜花] https://t.cn/Rp7W8xr


发布     👍 0 举报 写留言 🖊   
✋热门推荐
  • 善良是一种修养,善待他人就是善待自己,要想得到别人的爱,首先要学会爱别人,一个善良的人一定是温暖的人,乐于助人的人,懂得珍惜和感恩的人。每一个不曾起舞的日子,都
  • 博奕淫遊,盜之萌也,禁而不止,黥之則可。兄弟愧懼,更相推讓,卒為善士。
  • 以前觉得生活会有很多惊喜和机遇,现在觉得,能过好平凡的每一天已经是生命对我们的恩赐。最近这两年,“旅行”一词总会触动人们的敏感神经,但好在我们生来有乐观自信的基
  • 他们不是怨天尤人,就是抱怨自己生而不幸,他们总是哀叹无数麻烦、压力、困难与其为伴,他们认为自己是世界上最不幸的人,命运偏偏让他们自己、他们的家人、他们的部落、他
  • 这一年过的很恍惚也很迷茫,一些方面我大概成功了,更多的一些方面我想我大概失败的很彻底。所以我们得出一个结论,没事儿少发朋友圈,尤其是生活上的,自己过好就行了,或
  • 新娘穿上NICOLE + FELICIA SS22高级订制系列,薄纱打褶塑型而成的渐层花绽,由匠师一朵朵缝至立体剪裁的长拖尾裙廓,优雅浪漫随心演绎。 Nico
  • 最重要的是在自己付出的过程中,我不曾想过回报,只要你好,我就好。最重要的是在自己付出的过程中,我不曾想过回报,只要你好,我就好。
  • 你是惊鸿一-面一骑绝尘亦是- 一眼万年风尘仆仆烟雨归尘星月归你我归山川湖海也归你眉眼笑意.世间的温柔皆如干净的云朵和你.拨雪寻春,烧灯续昼。苍山负雪,明烛天南。
  • 虽趣舍万殊,静躁不同,当其欣于所遇,暂得于己,快然自足,不知老之将至;及其所之既倦,情随事迁,感慨系之矣。凡此等等,皆浮世众生之相,其所处所感,皆有来处;其所言
  •   后二句写“没石饮羽”的奇迹,把时间推迟到翌日清晨,将军搜寻猎物,发现中箭者并非猛虎,而是蹲石,令人读之,始而惊异,既而嗟叹,原来箭杆尾部装置着白色羽毛的箭,
  • :Vsco KK1亮度:-0.5饱和度+3高光+2暗角+3#斛珠夫人开虐总在下雨天#太原探店 | 一秒穿越韩剧现场 拍照hin出片‼️◡̈ 刚刷到这个烤肉店的时
  • 193抽 7人ssr图鉴顺利毕业 (出6人7张 剩下一人398自选强娶)看上去掉率还算小欧 但是总氪条过500了[苦涩][苦涩]不算开服那两天浪up池 应该这次
  • 人生有得必有所放弃,放弃是为了更好的获得。岁月不居,时节如流,光阴终究有期转眼,一年的时光已经匆匆走到了尽头日升日暮,花谢花开遇见的,离去的,记住的,忘却的转
  • 下次画一下她在里面的眼妆嘻嘻 张柏芝出来的时候真的有被惊艳到真的是很美 美得很清透 感觉她的皮肤会呼吸p4新画的logo最近Megan Fox和男友Machin
  • 但拥有独立办公室的我,长时间观察自己后,发现我真的是需要社交的,每次和不同的朋友聊天都能获得很多能量。好吧我发完之后在发抖说个事吧 挺好笑的我从初中就开始长痘痘
  • Yoyo說:「不會,我知道就算沒有入選女團的其他參賽者,也有很好的發展機會,女團只是其中一個可發展的機會,(你比女團更早拍劇喎!#微博星专访#【葛綽瑤早過COL
  • 同样,在你走向成功的途中,必须面对的绕行与改变也许能使你得到意外的收获。同样,在你走向成功的途中,必须面对的绕行与改变也许能使你得到意外的收获。
  • 她穿着一件运动的衣服,配了一条黑色的裤子,整个人气质还是比较得落落大方,根本不希望说把自己打扮的有多么的像花蝴蝶一样。妈妈林心如看起来有认真装扮过自己,穿着露肩
  • #算命八字合婚看姻缘财运##算八字婚姻感情##生辰八字命理姻缘##婚姻感情##事业财运#八字全阳的女命 五行八字算命八字全阳的女性,也就是阳年,阳月,阳日,阳
  • #每日一善# 早安 #阳光信用# 清净的眼光看待人生,你将少掉许多莫名的烦恼;用踏实的脚丈量生活,你的步履会轻盈洒脱;用感恩的心去面对帮你的人,你会发现人间真的