བློ་མཆོག་སྤོབས་པའི་གཏེར་ཆེན་ཤེས་རབ་གྲི།
སྙན་བརྒྱུད་གསང་བའི་གན་མཛོད་སྒོ་འཕར་ཕྱེས། །
ལས་ཉོན་གདོན་གྱིས་མནར་བའི་འགྲོ་རྣམས་ལ། །
མ་ནོར་ཐར་བའི་ལམ་སྟེགས་བསྐྲུན་འདི་མཚར། །

པོ་ལོ། (སྤོ་ལོ)
༄༅།། དིང་སང་རྐང་རྩེད་པོ་ལོའི་འགྲན་བསྡུར་ལ་དོ་སྣང་ཆེ་སྒང་ཡིན་པས། བོད་སྐད་ཀྱི་པོ་ལོ་ཞེས་པའི་ཚིག་འདིའི་འབྱུང་ཁུངས་སྐོར་བཤད་ན་འཚམས་པོ་རེད་འདུག

ང་རང་ཚོས་དོ་སྣང་བྱས་ན། དབྱིན་ཇིའི་སྐད་ཀྱི་ Polo ཟེར་བ་དེ། ཡང་སྙིང་གང་ནས་བྱུང་བ་རེད་ཅེས་རྩད་གཅོད་བྱེད་དུས། དབྱིན་ཇིའི་སྐད་དུ་ཡོད་པའི་ལོ་རྒྱུས་མང་ཆེ་བའི་ནང་། པོ་ལོ་ནི་བོད་སྐད་རེད་ཟེར་བ་དང་། ཁ་ཤས་ཀྱིས་མངའ་རིས་སྐོར་གསུམ་ནང་གི་སྦལ་ཏིའི་སྐད་རེད། དོན་ནི་ཨིན་སྐད་ཀྱི་ ball རེད་ཅེས་བྲིས་འདུག ཡིད་མ་ཆེས་ན། དབྱིན་སྐད་ཀྱི་ཤེས་བྱ་ཀུན་བཏུས་ཀྱི་དེབ་དེ་ཚོར་གཟིགས་གནང་།

ཡིན་ན་ཡང་མཁྱེན་དགོས་པ་ཞིག་ལ། སྐབས་དེ་དུས་ཀྱི་པོ་ལོ་ནི་རྐང་རྩེད་པོ་ལོ་མ་རེད། རྟ་ཐོག་ནས་རྩེ་བའི་པོ་ལོ་རེད། བོད་པས་དུས་རབས་བདུན་པ་བརྒྱད་པའི་ནང་། རྒྱ་ནག་ཏུ་རྟ་ཐོག་པོ་ལོ་བརྩེས་ཏེ་རྒྱ་མི་དང་འགྲན་བསྡུར་བྱས་པའི་རི་མོ་ཡང་དེང་སང་ཡོད་པར་གྲགས། དེའི་སྐོར་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བའི་ནང་ཅུང་གསལ་ཡོད་དྲན།

དེ་ནས་ང་ཚོས་པོ་ལོ་རིམ་པས་བརྗེད་པ་རེད། ང་ཚོས་བརྗེད་འགྲོ་བའི་རིང་ལ་འཛམ་གླིང་དུ་པོ་ལོ་འདྲ་མ་འདྲ་སྣ་ཚོགས་དར་བ་རེད། དཔེར་ན། ལག་རྩེད་པོ་ལོ། རྐང་རྩེད་པོ་ལོ་སོགས་མང་པོ་ཞིག་དར་བ་རེད། ཡིན་ན་ང་ཚོས་པོ་ལོ་བརྗེད་པ་མ་ཟད། པོ་ལོ་ཞེས་པ་བོད་པ་རང་གི་ཚིག་ཅིག་ཡིན་པའང་བརྗེད་པ་རེད།

དེ་ནས་ནུབ་ཕྱོགས་པའི་ཤུགས་རྐྱེན་འོག་ལ། བོད་ལ་པོ་ལོ་དར་བ་རེད། དེ་དུས་རབས་ཉི་ཤུ་པའི་ནང་རེད། རེད་དེ་དུས་དར་བ་དེ་རྐང་རྩེད་པོ་ལོ་རེད། རྐང་རྩེད་པོ་ལོ་ཡང་པོ་ལོ་རེད། ལྷ་ས་ལ་པོ་ལོའི་འགྲན་བསྡུར་ཆེན་པོ་ཞིག་བྱེད་དུས། གློ་བུར་དུ་ཚེར་གསེབ་ནས་རི་བོང་ཐོན་པ་དང་གནམ་གཤིས་འགྱུར་བས་མི་རྣམས་རྣམ་རྟོག་ལངས་པ་རེད། དེར་བརྟེན་བཀའ་ཤག་ལྷན་རྒྱས་ཚོགས་འདུ་ཚོགས་པ་རེད། པོ་ལོ་ལ་རྐང་པས་རྡོག་ཐོ་གཞུ་བ་དེ། སྟོན་པའི་དབུ་ལ་རྡོག་བཀྱག་གཞུ་བ་དང་ཆ་རེད། ད་ནས་བཟུང་རྐང་རྩེད་པོ་ལོ་རྩེ་མི་ཆོག་ཅེས་གསུངས་ནས་པོ་ལོ་བཀག་པ་རེད།

དེའི་རྗེས་ལ་ག་རེ་བྱུང་མིན་ཁྱེད་ཚོས་མཁྱེན་གསལ་ལྟར་རེད། མ་མཁྱེན་པ་དེ། པོ་ལོ་ཞེས་པའི་ཚིག་དེ་བོད་ནས་བྱུང་བ་དེ་རེད། ད་དེ་མཁྱེན་པ་གནང་ཨ།

རྩོམ་འདི་ཀློག་ཚར་རྗེས། བོད་སྐད་ཀྱི་པོ་ལོ་ཟེར་བ་དེ། དབྱིན་སྐད་ཀྱི་ ball ནས་བྱུང་བ་མ་རེད་ཏ། དེ་ལས་ལྡོག་སྟེ། དབྱིན་སྐད་ཀྱི་Polo ཟེར་བ་དེ་བོད་སྐད་ནས་བྱུང་བ་མ་ཟད། གཅིག་བྱས་ན། ball ཡང་བོད་སྐད་ནས་བྱུང་བ་རེད་ཅེས་ལབ་དགོས་རེད། ཨེ་གོ །
-ཆུང་ཚེ་རིང་གིས

བྱམས་སེམས་ནི་རྟོགས་རིགས་དམིག་བསལ་བ་ཞིག་ཡིན་ལ། བརྒྱ་ལ་ཁྱེད་ཀྱི་རྟོགས་རིགས་དེ་ཇེ་ལེགས་སུ་གཏོང་ཐུབ་ན་འགྲོ་བ་མིའི་རིགས་ཙམ་མ་ཡིན་པའི་སེམས་ཅན་ཡོངས་ལ་གུས་བརྩི་བྱེད་ངེས། 
悲心是一种特殊的觉性,如果你能发展这种觉性,就会尊敬所有的众生,而不只是尊敬人类。              
                  ༧ རྫོང་སར་རིན་པོ་ཆེ། 宗萨仁波切


发布     👍 0 举报 写留言 🖊   
✋热门推荐
  • 今天才有时间看新一期的德云斗笑社 前期笑点密集,后期哭的跟狗一样 张立民写的遗书 栾博放飞鸽子后就义 秦凯旋意识到因为行侠仗义毁了别人的计划自曝 孟祥辉对着窗户
  • 【唐山市召开《唐山市集中式饮用水水源地保护管理条例》实施新闻发布会】(一) 9月1日,唐山召开《唐山市集中式饮用水水源地保护管理条例》实施新闻发布会,发布会全
  • 这里是夜蚀 男。20岁。新疆伊犁人,中度游戏宅,游戏平台包括但不限于steam:838153714/NS:SW-3929-6634-4389/origin:ML
  • 【抵港印尼货船15人中招 船长涉提供虚假资料 警登船搜证】警方上月28日接获卫生署转介个案,指一艘在8月24日由印尼抵港的货船(Thor Monadic)船长,
  • 本来今年生日什么都不打算做 (我本来就不过生日的。。) 没想到,居然临时收到了这个惊喜礼物 (自己付钱买的) 我人生的第一个爱马仕康康包, 而且是限量的镭射镜面
  • 拿完外卖发现少了只猫 找半天没找到 小区也跑了一圈 拿着化毛膏一直叫它 还把小区门口那条马路也看了一遍 一直找不到 急死我了 然后出门之前把它哥圈起来了 笼子里
  • 本来今年生日什么都不打算做 (我本来就不过生日的。。) 没想到,居然临时收到了这个惊喜礼物 (自己付钱买的) 我人生的第一个爱马仕康康包, 而且是限量的镭射镜面
  • 本来今年生日什么都不打算做 (我本来就不过生日的。。) 没想到,居然临时收到了这个惊喜礼物 (自己付钱买的) 我人生的第一个爱马仕康康包, 而且是限量的镭射镜面
  • #济宁# #济宁大小事# 涉及6个街道29个村居!任城区发布最新拟征地公告 搜狐新闻·搜狐焦点济宁小编相关部门获悉:为提供任城区建设用地需要,根据《中华人
  • #双眼皮#长沙眼鼻肖琦|人到中年还要继续追求美吗? [小红花]这位姐姐自述:“在#中年危机# 下,哪有时间去学年轻人的#容貌焦虑# ,平时连镜子都懒得照,由着它
  • 【7家高质量养老院建设任务已完成6家】本报讯(记者陆征 葛淑霞 通讯员杨新磊 杨瀰)建设一批高质量养老院是今年我市32项民生实事之一。昨日记者从市民政局获悉,此
  • #粤姐姐话你知# 【不甘心原地踏步,那就放下焦虑去行动】人生在世,谁都逃不开低谷时的焦虑、迷茫。但一味焦虑而不去行动,只会让你止步不前。如果你不甘心原地踏步,那
  • 想法产生感觉,感觉产生行动,行动产生结果。想要改变看得见的结果,最重要的是改变看不见的根,也就是你的思维、信念、想法、甚至潜意识。如果你抱有受害者心态,既不能接
  • 可气死我了,阳台的玻璃碎了,楼上装修的不承认说因为没有拍到是他们砸的??啊难道还有家会在阳台顶上安监控?还是我故意往我们家玻璃上嘣一枪污蔑你? 可能我对楼上的装
  • 【几毛钱在商场停一天车?有白领“薅羊毛”获刑】仅需几毛钱,就能在上海五角场商圈的某商场车库里停上一天车?今年,这起“薅羊毛”案曾在上海引起不小的关注。记者近日获
  • #花花聊贵阳# 之【2021版贵阳乌当区美食共攻略】 很多人天气好的时候都会选择,去乌当区游玩。那今天就让花花来告诉你,在乌当区要吃什么吧 1️⃣铺子市井老火
  • 【重磅规划官宣!临沂,机遇来了!】 新时代新征程,新目标新作为 近日,山东省发展和改革委员会印发 鲁南经济圈“十四五”一体化发展规划 鲁南经济圈 鲁南经济圈
  • 随心粉丝,又名p事别烦我粉丝,宗旨是【离真实的小偶像远一点】快乐追星の秘诀 不混饭圈不站队,单推也可以为西皮流泪。不当爹不bp,不报任何期待,都是打工人互相尊重
  • 手上有田字纹,钱财无忧,家中有良田万亩! 一个人这辈子命中有没有房产,有没有不动产,可以通过手相中的一个部位来观看。手掌中食指下方的巽宫这个部位,如果出现田字
  • 在一线工地上奋斗,很快就可以完工了。 年轻人挣钱不容易,白天干活,下班后吃饭、喝酒吹牛。 到了晚上,这群哥们还开个视频看看老婆孩子,逗小孩子玩。 还有和小