བྱ་བཞག་གང་ཞིག་གི་ཆ་ནས་རང་གི་འདོད་བློ་དང་མཐུན་པའི་གྲུབ་འབྲས་བཟང་བོ་ལེན་པར་ཤེས་འཇོན་ནུས་གསུམ་གྱི་ཆ་རྐྱེན་ལེགས་པོ་འཛོམ་དགོས་པ་སྨོས་མ་དགོས་ལ། ད་དུང་གལ་ཆེ་བའི་མཐུན་རྐྱེན་གཞན་ཞིག་ནི། འདུ་ཤེས་འཁྱེར་སྟངས་དེ། སྔོན་དུ་བྱ་བ་དེ་ཉིད་རྒྱལ་ཁའི་ངང་ལེགས་འགྲུབ་འབྱུང་ངེས་པའི་སྣང་བརྙན་བཟང་བོ་ཞིག་ཡང་ཡང་བློས་བསླངས་བྱ་ཐུབ་དགོས་པ་དེ་ཡིན་པར་བརྗོད། རྟག་པར་རྒྱུགས་འབྲས་ཤིན་ཏུ་བཟང་བའི་སློབ་མ་ཞིག་ལ། ཁྱེད་ལ་རྒྱུགས་སྤྲོད་ཀྱི་གསང་བ་ཅི་ཞིག་ཡོད་དམ་ཞེས་དྲིས་པ་ན། ཁོས་བཤད་རྒྱུར། ཐབས་ལམ་དམིགས་བསལ་བ་གཞན་ནི་ཅི་ཡང་མེད་དེ། ཐབས་ལམ་གཅིག་ཡོད་པ་ནི། རྒྱུགས་སྤྲོད་སྐབས་རང་ཉིད་ཀྱིས་ངེས་པར་རྒྱུགས་འབྲས་བཟང་བོ་ཞིག་ལེན་ཐུབ་པར་རང་གིས་རང་ལ་ཡིད་ཆེས་དང་སྙིང་སྟོབས་བསྩལ་བ་ཡིན་ལ། རང་ཉིད་ནི་གཞན་དང་མི་མཚུངས་པ་ཞིག་ཡིན་པའི་སྣང་བརྙན་དེ་ཇི་ཙམ་སྒོམ་ཐུབ་ན། དེའི་ཚོད་ཀྱིས་སེམས་སུ་རེ་བ་དང་གདེང་ཚོད་སླེབས་ཡོང་བས། སེམས་ཁམས་དེས་ནི། རང་གི་འཇོན་ནུས་ཆ་ཚང་སྔོན་འདོན་བྱེད་པ་དང་། འཆར་སྒོ་ཇེ་ཡངས་སུ་འགྲོ་བར་ཕན་འདེགས་བླ་མེད་ཅིག་བསྐྲུན་ཐུབ་ཅིང་། མཐར་མར་རང་གི་རེ་འདུན་དང་མཐུན་པའི་གྲུབ་འབྲས་ཀྱང་གནང་ཡོང་ངོ་ཞེས་བཤད། སྐད་ཆ་དེས་ནི། འཇོན་ནུས་གལ་ཆེ་བར་མ་ཟད་འཇོན་ནུས་ཆ་ཚང་བདེ་བླག་ཏུ་སྔོན་འདོན་བྱེད་པ་ལ། དེ་ལས་ཀྱང་གདེང་ཚོད་དང་ཡིད་ཆེས་ཀྱིས་ཕྱུག་པའི་རེ་བ་གསོན་པོ་ཞིག་དང་། སྙིང་སྟོབས་དྲག་པོ་ཞིག་སྔོན་དུ་བསུ་ཐུབ་མིན་ནི། གྲུབ་འབྲས་བཟང་བོ་ཞིག་ལེན་པའི་རྩ་དོན་གལ་ཆེན་ཞིག་ཡིན་པར་བསྟན་འདུག་པ་དེ་རེད། འདི་ལྟར་དཔྱད་ན། གནད་དོན་གཞན་ཞིག་གི་དྲིས་ལན་ཡང་རྙེད་ཡོང་སྟེ། ང་ཚོ་ཕལ་ཆེ་བས་རྒྱུན་པར་རང་གི་འདོད་བློ་དང་མཐུན་པའི་གྲུབ་འབྲས་བཟང་བོ་ཞིག་མི་ལོན་པ་དེ་ཡང་། བྱ་བ་གང་ཞིག་སྒྲུབ་པའི་སྔོན་དུ་རང་ལ་ཡིད་ཆེས་དང་སྙིང་སྟོབས་བསུ་མ་ནུས་པར་འཇིགས་སྣང་དང་། རེ་དོགས། ཡི་ཆད་སོགས་ཉམ་ང་བའི་སེམས་ཁམས་འབའ་ཞིག་གིས་དབང་དུ་ཤོར་ཚར་བས་ཡིན་པ་དེ་རེད། དེ་བས་རྒྱུན་དུ་རང་གིས་རང་ལ་སྙིང་ཕུར་བརྡབ་ཏེ། ཡིད་ཆེད་དང་རེ་བ། སྙིང་སྟོབས་ཀྱིས་གང་བའི་སེམས་ཤུགས་མ་འདྲ་བ་ཞིག་བསུ་བར་འབད་རྒྱུ་ནི། རང་གིས་རང་ལ་མཐུ་དང་ནུས་སྟོབས་བསྩོལ་བའི་གདམས་ངག་དམ་པ་དེའོ།།

࿐ཚུལ་ཁྲིམས་བློ་གྲོས་མཁན་པོས་མཛད་པའི་ཞེ་འཛིན་གྱི་ཚིག་ལས།
慈诚罗珠堪布的(铭记于心)里说,

ནང་པའི་འཇིག་རྟེན་ལྟ་ཚུལ་ནི།
འཇིག་འདི་སྒྱུ་མ་རྨི་ལམ་དང་། ཆུ་བུར་ལྟ་བུའི་རྫུན་མར་མཐོང་བས།
དེ་ལ་རྨོངས་པས་མི་ཞེན་པར་རང་གི་ཉོན་མོངས་པ་སྣ་ཚོགས་ཇེ་ཉུང་དུ་བཏང་ནས།
རང་ཉིད་ཀྱི་འཚོ་བ་ལ་སྔར་ལས་རང་དབང་དང་བདེ་སྐྱིད་ལྡན་པར་བྱེད་པ་ཡིན་ལ།
དེ་བཞིན་དུ་འདི་ལྟ་བུའི་འདུ་ཤེས་སམ་བྱེད་ཐབས་དེ་གཞན་ལ་བསྟན་ནས།
གཞན་རྣམས་ཀྱང་རང་དབང་བདེ་སྐྱིད་དང་ལྡན་པར་བྱེད་དོ།།

佛教的世界观:
把世界视为梦幻泡影一样的假相,
不盲目执着,
从而减少自己的各种烦恼,
使自己生活得更加自由、更加幸福。
继而将这种理念或方法传播给他人,
让大家也自由、幸福。

འཚམ་ལམ་རེ་ཁེར་རྐྱང་གིས་བསྡད་ནས། བསམ་བཞིག་རེ་བཏང་ན། ང་འདྲ་བའི་མྱི་ཡག་ཞིག་འཇིག་རྟེན་འདི་རུ་ཡོད་པ་ཁོ་ཚོས་བསོད་ནམས་རེད་འདོད་།

ཡང་འཚམ་ལམ་རེ་ང་འདྲ་བའི་མྱི་སྐྱིད་ཞིག་ཁོ་ཚོས་ངོ་ཤེས་པ་དེའང་བསོད་ནམས་རེད་འདོད་།

ལབ་རྒྱབ་ནི་མིན།

མི་དགའ་ནི་ཡོད་ན་ཤོག་རྡ་ཡག་འགྲན་བྱེད་།[笑cry][笑cry][笑cry][笑cry]


发布     👍 0 举报 写留言 🖊   
✋热门推荐
  • 999days我能想到最浪漫的事情 就是带着我最喜欢的人去看我从小就喜欢的人仿佛就像带你去参与了我整个青春有个人因为我喜欢Pakho把自己的名字从Jaidon
  • 当你在无尽用2000金币触发开局暴走的同时,结算的时候也会把消耗500金币的任务也顺带完成。大家都知道,神庙每2个月会更新一次荣耀勋章,这也是大家非常期待的一项
  • 很期待来着 但因为前一阵的瓜多少有点膈应 安慰自己120买个享受吧 现场真的稳 很有自己的风格 看到最后还是很快乐/ 结束后樊老师带我去一个爵士酒吧 定了最中间
  • 我觉得有句话说得好:“成年人最体面的告别方式就是,你的最后一条消息,我没有回复,而你也很有默契地没有再发,彼此留下的最后那条信息,成了挥别感情无声的仪式。6、盼
  • p13终于到了正常的价格的季节p14穿上我心爱的小鲨鱼去取快递喽p15不发疯的日子里都是在强撑罢了aa日记之七夕特辑和double一起去做,是谁偷懒只刻L&am
  • #巨齿鲨2# 郭达这一刺太帅了,特地上网找枪版截个图,各方面展示我国侠之大者那致命一剑(头要向下,不能有表情,眼睛闭起来,姿势要帅[doge])但我还是喜欢第一
  • 说白了就是一个顶尖中单往世界级中单这条路上,上不去啊就一线之隔卡住他了,真的让人无力FOFO假如去中游队伍可以打一打的,配置如果正常比较好,季后赛肯定随便打,有
  • 而孙女士认为,对方摸车的动作一看就不简单,虽然看不清楚手里有没有拿东西,但是从孙先生老婆摸车开始,到她的手离开车子,和车上的划痕吻合,难道天下有这么巧的事?自己
  • 居然问什么“如果真是这样作者在文中贬而暗讽刺黛玉又娇弱,又妒那写她干嘛”。最喜欢 寒塘渡鹤影,冷月葬花魂,从某种程度来说也昭示了史湘云和林黛玉的结局吧。
  • 只要老板不傻,他应该就不会这样,毕竟有籽西瓜比无籽西瓜便宜那么多,也有网友认为,如果顾客确实记错了购买的西瓜品种,那么应该尽快与老板协商解决问题,而不是将事情闹
  • 他们通常是那些《洛书》二元欲·望较少,无意中与自身“泰卦直觉”真空装置达成了同频共振,启动了自身《河图》乾坤合一认知意识的人;所谓开悟,更多体现在对生命、宇宙
  •   将军向宠,性行淑均,晓畅军事,试用于昔日,先帝称之曰能,是以众议举宠为督。愚以为宫中之事,事无大小,悉以咨之,然后施行,必能裨补阙漏,有所广益。
  • 我没有办法那么浪漫,在你听不到的地方唱歌。我这么说,你可能会误以为我是个非常温柔的人,但实际上只是因为对于现在的我来说…没有什么比你更重要的了。
  • 03回到老刘和傅首尔的婚姻,老刘属于那种自己有想法,但是不怎么表达的人。04可是人到中年,他慢慢发现不是这样的,在温和的背后,有他不曾表达的“阴影”。
  • 每次看到他们的笑容,超级治愈!之前粉上BP的时候,就对自己说,想要成为更加优秀及美好的人。
  • 麦瑞克绝影one的不插电功能是最吸引到我的点,不需要累赘的外挂电线,全智能自发电,一边骑车一边发电,这让我想起来小时候看过的心灵鸡汤,你们记得不?不多说,反正这
  • 因为俩人已经体重相近了,那个十岁小孩儿也已经133斤了_我俩差不到二斤了_这将来稳稳也是个小胖子,跟他爹一样,肥胖体质还贪吃,哎我超级能干的 情商超高的 公司没
  • 6去买酱香拿铁的时候说卖光了,买的碧螺知春拿铁,也不错,挺香的,不知道是不是年纪大了,开始喜欢喝茶了。7瘦了真好,穿啥都很酷。
  • 当大家都在水就完全不会尴尬啦~(夸夸大家的猫)这样的氛围可能不会永久持续,但它存在的这段时间会成为一段很好的回忆,所以欢迎大伙互关啦~#FF14[超话]##贝果
  • 。。