ཤད་སོགས་ཀྱི་སྦྱོར་ཚུལ་ཅུང་བཤད་པ།
                    རྩོམ་པ་པོ།   བསྟན་འཛིན་ལྷུན་གྲུབ།
ལྷུག་པའི་དོན་མང་མིང་མཚམས་དང་། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས།།
ཚིགས་བཅད་ག་མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། །
ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །དོན་ཚན་ཆེན་མོ་རྫོགས་པ་དང་། །
ལེའུའི་མཚམས་སུ་བཞི་ཤད་དགོས། །ང་ཡིག་མ་གཏོགས་ཡིག་ཤད་བར། །
ཚེག་མེད་དེ་སོགས་ཞིབ་ཏུ་འབད། །
ཅེས་བོད་ཀྱི་པར་ཁང་ཆེ་པོ་བཞི་དང་དབྱངས་ཅན་གྲུབ་པའི་རྡོ་རྗེའི་དགོངས་པ་བཞིན་ཤད་སོགས་ཀྱི་སྦྱོར་ཚུལ་ཅུང་བཤད་པར་སྤྲོ།
དེ་ཡང་ཤད་ཀྱི་བྱེད་ལས་ནི་མིང་ཚིག་བརྗོད་པ་གསུམ་གྱི་བར་མཚམས་ཁྱད་པར་འབྱེད་པའི་རྐྱེན་བྱེད་པས་རྐྱེན་གྱི་ཡི་གེ་ཞེས་ཀྱང་བྱ།
ལྗོན་དབང་གི་རྩ་ཚིག་ལྟར་ཚིག་ལྷུག་མའི་སྐབས་དོན་མང་མིང་ཚིག་བར་ལ་ཆིག་ཤད་ཐོབ་པ།   དཔེར་ན།    མིག་དང་།   སྣ་དང་།   ལྕེ་དང་།  རྣ་བ།  ལུས།བཅས་ནི་དབང་པོ་ལྔ།         ལྟ་བུ་དང་།      དོན་འབྲིང་ཙམ་འབྱེད་པ་བརྗོད་པའི་མཚམས་ལའང་ཆིག་ཤད་ཐོབ་པ།   དཔེར་ན།     ལོག་སྨྲ་ཚར་གཅོད་སྒྲ་དང་ཚད་མ། སྐལ་ལྡན་རྗེས་སུ་འཛིན་པའི་ཡན་ལག་བཟོ་དང་གསོ་བ།   
རང་ཉིད་ཆོས་ཀུན་ཤེས་པར་བྱེད་པ་ནང་དོན་རིག་པ།  ལྟ་བུའོ།།
དོན་ཉུང་ངུ་རྫོགས་པའི་སྐབས་ལ་ཡང་ཆིག་ཤད་ཐོབ་པ།  དཔེར་ན།   མཁས་པའི་བྱ་བ་རྣམ་གསུམ་ནི་འཆད་པ། རྩོད་པ།   རྩོམ་པ།     ལྟ་བུའོ།། 
ཚིགས་བཅད་སྐབས་རྐང་པའི་མཐར་ག་ཡིག་ཀ་ཡིག་ཤ་ཡིག་ལྟ་བུ་ཕྱི་རྐང་ཅན་གྱི་ཡི་གེའི་རྐང་པ་དྲང་པོར་བྱུང་བ་དག་ལ་མཐར་ཆིག་ཤད་ཐོབ་པ་དང་ཚིགས་བཅད་རྐང་པའི་མཐར་ཚིག་གཞན་ཡོད་ན་ཉིས་ཤད་ཐོབ་པ།     དཔེར་ན།    
              རྒྱལ་བའི་ཐུགས་རྗེ་རིས་མེད་ཀུན་ལ་སྙོམས།།
              རྒྱ་ཆེ་སེམས་ཅན་ཁམས་ཀྱི་རྗེས་སུ་འཇུག།
              རྒྱ་འམ་འཆིང་བ་ལས་ནི་རྣམ་གྲོལ་བྱེད།།
             རྒྱ་མཚོ་ལས་ལྷག་གཏིང་མཐའ་ཟད་མི་ཤེས།།
 ལྟ་བུ་དང་།   ཡིན་ཡང་ཚིགས་ལྷུག་མའི་སྐབས་སུ་ཀ་ཡིག་ག་ཡིག་ཤ་ཡིག་རྣམས་ཀྱི་རྐང་པའི་ཤད་གོ་མི་ཆོད་ཅིང་ཚིགས་བཅད་སྐབས་ལ་ཡང་ཀ་ཡིག་ག་ཡིག་ཤ་ཡིག་སོགས་ལ་དབྱངས་དང་མགོ་ཅན་འདོགས་ཅན་སོགས་ཡོད་སྐབས་ཤད་ཀྱི་གོ་མི་ཆོད་པ་ཡིན་པར་སྔོན་གྱི་པར་ཁང་ཆེན་པོ་དག་གི་ལུགས་ཡིན།
ཚིག་བཅད་ཚིག་ལྷུག་གང་རུང་ལ་རྫོགས་ཚིག་གི་ཕྲད་བྱུང་སྐབས་ཉིས་ཤད་ཐོབ་ལ་ཤད་གཉིས་བར་བར་སྟོང་ཆུང་ཙམ་དགོས་ལ་ཤད་གཞན་རྣམས་བར་སྟོང་ཆེ་ཙམ་ཡོད།  དཔེར་ན།   སུམ་ཅུ་པ་དང་།   རྟགས་ཀྱི་འཇུག་པ།  དག་ཡིག།   སྙན་ངག།    མངོན་བརྗོད།    སྡེབ་སྦྱོར།   ཟློས་གར་རྣམས་ནི་བོད་ཀྱི་སྒྲ་རིག་པའོ།།   ཀ་ལ་པ་དང་།  ཙནྡྲ་པ།  དབྱངས་ཅན་སྒྲ་མདོ།   པཎི་པ་སོགས་ནི་ལེགས་སྦྱར་གྱི་སྒྲ་རིག་པའོ།།   དོན་ཚན་ཆེན་པོ་རྫོགས་པའི་མཚམས་དང་ལེའུ་ཡི་མཚམས་སུ་བཞི་ཤད་ཐོབ་པ།        དཔེར་ན།        བོད་ཀྱི་བརྡ་སྤྲོད་པའི་རིག་གཞུང་རྫོགས་སོ།།  །།སེམས་བསྐྱེད་པའི་སྐབས་ཏེ་དང་པོའོ།།  །།ལྟ་བུ་དང་།
ང་ཡིག་དང་ཤད་བར་དུ་ངེས་པར་དུ་ཚེག་དགོས་ལ་ཡི་གེ་གཞན་དང་ཤད་བར་ལ་ཚེག་མེད་ཁོ་ནའོ།།     དཔེར་ན།     གྲུབ་མཐའ་བཞི་ནི་དབུ་མ་བ་དང་།  
སེམས་ཙམ་པ་དང་།     མདོ་སྡེ་བ་དང་།     བྱེ་བྲག་སྨྲ་བ་བཞིའོ།།ལྟ་བུ་དང་།  རྔ།  ལྔ།   སྔ་ལྟ་བུར་ཡིག་དང་ཤད་བར་ལ་ཚེག་མི་དགོས་སོ།། 
   དེ་སོགས་ཞིབ་ཏུ་འབད།  ཅེས་པའི་སོགས་སྒྲས་དབུ་འཁྱུད་དང་རིན་ཆེན་སྤུངས་ཤད།     སྦྲུལ་ཤད་རྣམས་ཀྱི་སྦྱོར་ཚུལ་བསྡུས་ཡོད་པས་ཞིབ་ཏུ་འབད་པ་འཚལ་ཞེས་བྱའོ།། 
 དེ་ཡང་དབུ་ཁྱུད་(རྒྱས་༄༅༅།  །  འབྲིང་༄༅། །  བསྡུས࿓། །)ནི་ཡི་གེ་གང་ཞིག་ཤོག་ངོས་སོགས་ཀྱི་ངོས་སུ་འབྲི་སྐབས་མགོ་འཛུགས་སམ་དབུ་འཛིན་ས་སྟོན་པས་དབུ་ཁྱུད་ཡང་ན་ཡིག་མགོ་ཞེས་ཟེར། ཡིག་མགོ་དང་ཤད་འབྲི་སྐབས།    ཤད་དང་པོ་ཡིག་མགོ་ལ་གཅར་བ་དང་གཉིས་པ་དེ་ཡི་གེ་མགོ་མ་ལ་གཅར་བ།
རིན་ཆེན་སྤུངས་ཤད་(༑)ནི་རིན་པོ་ཆེ་སྤུངས་པ་ལྟ་བུས་སྤུངས་དང་རྐང་པ་དྲང་ཞིང་ཤར་མོར་ཡོད་པས་རིན་ཆེན་སྤུངས་ཤད་(རྒྱས ༑   འབྲིང་༐  བསྡུས ༏ )ཅེས་བྱའོ།།      རིན་ཆེན་སྤུངས་ཤད་ནི་ཡིག་འཕྲེང་གོང་མའི་ནང་གི་ཡིག་འབྲུ་གཅིག་ནས་གསུམ་ཡིག་འཕྲེང་གོང་མ་ནང་མ་རྫོགས་པར་ཡིག་འཕྲེང་འོག་མར་ཤོར་སྐབས་ཤད་དགོས་ཚེ་རིན་ཆེན་སྤུངས་ཤད་ཐོབ་པ།    
སྦྲུལ་ཤད་(༈)ནི་དོན་ཚན་གཞན་ཞིག་གི་དབུ་འཛིན་པ་མཚོན་ཏེ་དོན་ཚན་སྔ་མ་རྫོགས་པ་དང་དོན་ཚན་ཕྱི་མ་གཞན་ཞིག་མགོ་འཛིན་ནས་འབྲི་བའི་་སྐབས་ལ་བཞི་ཤད་དང་ཉིས་ཤད་ཀྱི་བར་དུ་སྦྲུལ་ཤད་ཐོབ་པ།     ཞིབ་པར་འོག་བཞིན་ཡིན་ནོ།།
༄༅། །ཡི་གེའི་མདོ་བཞུགས་སོ།  །ཀ་ཁ་ག་ང་། ཅ་ཆ་ཇ་ཉ།  ཏ་ཐ་ད་ན། པ་ཕ་བ་མ།  ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། གསལ་བྱེད་ཀྱི་ལེའུའོ།། ༈ །།ཨི་ཨུ་ཨེ་ཨོ། དབྱངས་ཀྱི་ལེའུའོ།། །།ཡི་གེའི་མདོ་རྫོགས་སོ།། །།

༸འཇམ་མགོན་བླ་མ་ཙོང་ཁ་པའི་ཞལ་ནས།
ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ།།
ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ།།
ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས།།
གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས།།[强][强][强][爱心][太阳][玫瑰][玫瑰][合十][合十][合十][合十][烟花][烟花][烟花][爆竹][爆竹][礼物][红包]

རྗེ་ཚེ་འཛིན་མ།持寿宗喀巴这个来历是扎贡仁宝切在净相当中见到宗大师,由宗大师亲自传的,作用主要消除寿命短暂横死夭折等魔难,加持增长寿命。
དམིགས་མེད་བརྩེ་བའི་གཏེར་ཆེན་སྦྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།
དུས་མིན་འཆི་བ་འཇོམས་མཛད་ཚེ་དཔག་མེད།།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
无缘大悲宝库观世音
无垢大智涌泉妙吉祥
摧毁非时横死无量寿
雪域智者顶严宗喀巴
善慧名称足前呈祈请
[合十][合十][合十]


发布     👍 0 举报 写留言 🖊   
✋热门推荐
  • ​​​#八字算命婚姻感情合婚#【平常语·甘露味】心中没有过分的贪求,自然苦就少,口里不说多余的话,自然祸就少,腹内的食物能减少,自然病就少,思绪中没有过分欲,
  • 成交量分析:当前的成交量为3277.58亿美元,相较于前几天的成交量有增加,表明市场上买盘力量增强,进一步支持了价格的上涨。综上所述,BNB 的历史新高不仅停留
  • 其次就是红豆的核心,想让还漂泊在外的英雄魂归故里,编织了一个个团圆的梦,也许,我们的英雄此刻正在回家的路上落叶归根 魂归故里 徽州有一句古话: “笑着说再见
  • 谁懂‼️好有富家千金质感✨ 喷对香水真的会直接让你整个人的lever提升好几个度, ✅这瓶自我无界挚爱香,真的是妥妥的温婉气质香~ - 一款颠覆传统的木质花香调
  • 本来前几局一直在猛玩副奶【平时都不咋玩然后咖啡选T拿出大锤那这个重担属实就是落在我身上了[看书]P4对面和尚忙着嘲讽自家托比昂对面安娜不管直接激素麦克雷 我也激
  • 单词讲解cheese un.奶酪a piece of cheese一片奶酪bread un. 面包a piece of bread一片面包 a loaf of
  • 是早起体检的乖bb[比耶]等餐时候mm给的镜头我发现bq送的手机壳跟我的衣服很搭[哇]我们四个(mm&xy&wxl&qcccc)的打卡照
  • 父子二人战功赫赫,满朝敬之,饽饼的秘密也被公布于世,因此被元尚食局(元宫廷里管理皇帝膳食的机构)赐名“御麦”。#老照片[超话]##河大特色寒假作业#我是家乡宣传
  • 今日金句:1.不给青春留下遗憾 2.你是我的神[彩虹屁][心]第二站济南,来都来了就还是打算去看看天下第一泉趵突泉,其实就是个大花园,水突突且清澈,带着疲惫的身
  • 每回发雄心跟妈说我要学做饭都是因为看昀做饭的vlog,看他把生肉切片装盘,洗红的黄的胖胖的椒,切块过水,剥洋葱的时候为了不流眼泪而仰头闭眼,洋葱肉掰成晶莹的薄片
  • 从2017年9月份无意中在我的引路人昝影老大微信陌生朋友圈接触巴比兔,一个简单的减肥成功减脂1⃣️6⃣️斤,当时自己受益了认可产品,爱上了巴比兔,看懂了未来大健
  • 岐阜駅内のアクティブGの献血ルーム、前にお邪魔したけれどまた近々行きたいな☺︎一緒に、未来に向けて取り組んでいきましょう!世界観が拡がる1/144ガンダムワール
  • “不忍心告诉你,世界是一场梦,你一辈子执着的人,只是你的一个缘分;你一辈子放不下的家庭,只是你的一个驿站;你追求的感情和名利,只不过是你的意识幻影。人生只有一次
  • #打卡日记# Day102我打算这段时间看日本推理小说作家乙一的(失踪假日)恐怖又暖心的治愈故事,真的好久没看这种恐怖小说,以前看都睡不着,太爱胡思乱想了[do
  • 如果这世间不公我也能忍,这圣贤书不就成了废纸一堆,所以这世上总要有人撞个头破血流。大人,我也想见见,这传说中的王法。
  • 这节气是农事耕种的时机的分界点,由于天气炎热,进入典型的夏季,农事播种以这时节为界,过了这一节气,农作物的成活率就越来越低了。芒种的气象谚语有很多,如“芒种夏至
  • 很满足现在的工作生活状态,虽然跟很多人只是短暂的相遇,但也能从细碎的相处中窥探他们是怎样生长成现在样子的,现在有什么烦恼什么快乐,小时候吃的看的玩的和我有什么一
  • 人生之路崎岖不平,感恩遇见砺砺前行 人生之路,亦非坦途。或有险峰,需得攀援而上;或有深谷,需得小心跨越。 昨日之友,可能已经沦为今日之敌,昨日之敌,亦可能早已
  • #情感[超话]##6000级天梯背后隐藏的爱#隔绝尘俗只想要跟你可终老,来跨出那地图不需好报都只想你好能共你沿途来爬天梯不用忌讳,中伤流言全悍卫留住你旁人如何话
  • ✍.շօշ4第❶❸❾天 晨光里一口蛋黄酥金黄诱人,层层酥香给今天加满元气#辰颐物语生鲜果园[超话]##辰颐美好时光##辰颐物语好好麻麻##辰颐物语ai奇果果战队