ལུག་རྫི་རྒན་པོ།

དབྱངས་ཅན་མ།


བྱེ་མའི་རི་བོ་སླར་ཡང་འགྲིབ་པའི་སྙིགས་ལྔའི་ཤེ་མུན་བརྡོལ་བ་ན།།
རང་ངོ་མི་ཤེས་སྤྲེལ་ཕྲུག་མགོ་སྟོང་གཞན་གྱི་གཡབ་མོའི་ལག་མགོར་འཕྱན།།
ཁྱིམ་ནོར་སྟོར་བའི་སྒོ་ཁྱི་དག་ཀྱང་སྤྱང་ཀིའི་མཇུག་མར་འཐིམ་པ་ཡིས།།
ས་འཛིན་དཀར་པོའི་སྒལ་བར་བཅིབས་ཏེ་ལུག་ཁྱུ་འཐོར་བའི་བྱེ་ཚན་དུ།།
ཀུ་ཅོའི་ཟུག་ངུས་ཡངས་པའི་རྩྭ་ཐང་མཐའ་ནས་འགམས་པའི་ཁ་ཆུ་འབྱིན།།
དེ་ཚེ་འོན་པའི་རྒྱལ་ཁམས་སྲུང་བའི་ཤེས་རབ་དམག་གི་མཐུ་བོ་ཆེ།།
དཔའ་བོའི་ཀི་སྒྲས་གཉིད་ལས་སློང་བའི་རྒྱལ་སྲས་ཁྱེད་ལ་གུས་ཕྱག་འཚལ།།


རྒུད་པ་གསོ་བའི་ཕུན་ཚོགས་བྱེད་པོ་ཧི་མཱ་ནཱི་ཡི་ནགས་ཀློང་དུ།།
རྟེན་འབྱུང་སྒྱུ་མའི་ན་རའི་ཚུལ་འཛིན་འགྲོ་བའི་མགོན་དུ་ཤར་བ་ན།།
སུམ་གཉིས་གྲོང་ཁྱེར་སླར་ཡང་རེ་བའི་སྤྲིན་དཀར་འདབ་མ་ལྡིངས་སེ་ལྡིང་།།
རེ་བའི་མེ་ཏོག་བྱམས་པའི་ཆར་གྱིས་ནོར་འཛིན་མཛེས་པའི་དཔལ་དུ་སྐྱེད།།
མུ་མེད་སྲིད་པའི་མཚོ་མོའི་རླབས་ཕྲེང་བརྩེ་བའི་ཐུགས་ཀྱིས་ཡོམ་ཡོམ་བསྒུལ།།
འབྱམས་ཀླས་ཡོན་ཏན་ནོར་བུའི་མཛོད་འཛིན་རེ་བའི་མིག་འབྲས་རྒྱལ་བའི་སྲས།།
དད་དང་གུས་པས་སྲིད་པའི་སྒོ་གསུམ་ཁྱེད་ལ་འབུལ་ལོ་ཁྱེད་ལ་མཆོད།།


ལོ་ངོ་སྟོང་གི་ངོ་མཚར་རྡོ་རིང་ཁད་ཀྱིས་འགྱིང་བའི་གཏམ་རྒྱུད་ལ།།
ཤ་དང་རུས་པའི་མགོ་རྣ་ཅན་ཚོ་ས་རྡུལ་སྨག་ལ་འདྲེས་པའི་ཚེ།།
བུ་དང་ཚ་བོའི་མགྲིན་པ་ལྐུགས་ཤིང་གྲོང་ནས་གྲོང་དུ་འཕྱན་པ་ན།།
ཏི་སེའི་དབུ་འཕང་དར་རྒུད་ཅི་ཡོང་གཡང་གི་རྫི་བོ་ཁྱེད་རང་ཡིན།།
བུ་རམ་ཤིང་པའི་མེ་རོ་སློང་བའི་ངང་ངུར་ཚོགས་ཀྱི་གཤོག་རྩལ་ལ།།
མི་འདོད་ཐལ་བས་བརླག་པར་འདོད་ཅིང་སྲེད་པའི་རླུང་བུ་གཡུག་པའི་ཚེ།།
ཐབས་ཤེས་མེ་དཔུང་ཆེས་ཆེར་རབ་འབར་ཕྱོགས་བཞིའི་ཚང་ཚིང་ནགས་ལ་མཆེད།།
ཤོང་ཆེན་ནམ་མཁར་བསྐལ་པའི་བསྐལ་པར་སེམས་ཀྱི་བསྲུང་མ་ཁྱེད་རང་ཡིན།།


གངས་ཀྱི་རི་ལ་གཤོག་པ་རྐྱོང་བའི་ཕ་དང་མེས་པོའི་རྐང་ལམ་དུ།།
རྡོ་དང་བྱེ་མའི་ན་བུན་སྐྱ་བོས་ལ་དང་ལུང་པར་དུ་ཞག་གིས།།
ཁུ་བྱུག་ཚོགས་ཀྱང་གསུང་སྐད་འགག་ནས་ཝ་དང་ཁ་ཏྭའི་ལད་མོ་བྱེད།།
མི་འཇིགས་སྤོབས་པའི་སེང་གེའི་ང་རོས་སྲོག་རྩ་མཐུད་ཅིང་བློ་སྤོབས་སྦྱིན།།
ཁྱུང་ཆེན་གཤོག་རྫོགས་རིགས་ཀྱི་སྲུང་མ་དུས་བཞིའི་མཁའ་ལ་ལྡིང་ན་ཡང་།།
ཞ་ལོང་ལྐུགས་པས་ར་མགོ་ལུག་སྦྱར་མེས་པོའི་དུར་བྱང་སྔོག་པའི་ཚེ།།
མིག་གིས་རིག་རིག་སེམས་ཀྱིས་ཟིན་ཟིན་རང་ཤི་རྒྱག་པར་བཟོད་གསོལ་ཞུ།།



སྐྱེ་རྒ་ན་འཆིའི་གཡང་ལ་ལྷུང་ཚེ་སྲིད་པ་གསལ་བའི་མེ་ལོང་བསྟན།།
གསར་རྙིང་ལྟ་བས་འགལ་འདུ་སློང་ཚེ་གནའ་དེང་རིག་པའི་རྣམ་བཞག་བཤད།།
འཁྲུལ་སྣང་འཁོར་བར་ལམ་ནོར་ཐེབས་ཚེ་ཤེས་རབ་སྒྲོན་མེའི་འོད་སྣང་བསྩལ།།
རང་ཕོར་ཆེད་དུ་འཚང་ཁ་སྐྱེས་ན་དེང་རབས་བསླབ་བྱའི་གདམས་པ་གནང་།།
དབྱངས་གསལ་ལུ་གུ་སྨུག་པས་བདས་ཚེ་ལུག་རྫི་རྒན་པོའི་ཀི་སྒྲ་བཏབ།།
མཐོན་པོ་སེམས་ཀྱི་རྒྱལ་ས་མན་དང་དམའ་མོ་གད་ཕུག་སྐྱ་བོ་ཡན།།
ཁྱེད་ཀྱིས་བསྲུངས་ཡོད་ཁྱེད་ཀྱིས་བསྲུང་དགོས་ཇི་སྲིད་བར་དུ་བསྲུང་དུ་གསོལ།།


ཕྱི་རུ་ཕེབས་ཚེ་ཤེས་རབ་རལ་གྲིས་རྨོངས་པའི་མགོ་བོ་ཁྱེད་ཀྱིས་བཅད།།
ནང་དུ་སྡོད་ཚེ་འཇམ་པོའི་ཐབས་མཁས་གཉོམ་ཆུང་ལུ་གུའི་སེམས་ཀྱི་རྟེན།།
འཛིན་མའི་ཁྱོན་ཀུན་སྙན་པའི་བ་དན་སྲིད་ན་རྒྱལ་བའི་གཟི་བྱིན་མཐོ།།
བྱམས་བརྩེའི་དཔལ་གྱུར་མཐོང་ན་རབ་མཛེས་ཡིད་འཕྲོག་ཟླ་བ་འཛུམ་པ་ལ།།
སྲིད་པའི་མཆོད་སྡོང་ཙིནྟ་མ་ཎིར་མི་ཕྱེད་དད་དང་གུས་པ་ཡིས།།
དམ་ཆོས་འོ་མའི་ཉིང་ཁུ་འཐུང་ཞིང་མི་ཤིགས་རིག་པའི་ཐིག་ལེ་བརྐུས།།
ཁྱེད་ཀྱི་གསང་གསུམ་ཉི་ཟླའི་སྐ་རག་དགའ་དད་སྤྲོ་བས་ཡི་རངས་ཞུ།།


རྩྭ་ཐང་ཞིག་ནས་ལང་ཚོ་འབུས་ཤིང་གངས་དང་ནགས་ཀྱི་འདབ་རོལ་དུ།།
ལུ་གུ་ཞིག་གི་སྐྱེ་བ་བླངས་ཤིང་ཨ་ཕོ་ལུག་རྫིས་སེམས་ཀྱིས་བསྲུངས།།
འོ་ཞོའི་སྤྲིན་དཀར་ཞྭ་མོ་བསླས་ཤིང་རྩྭ་དང་རྩི་ཐོག་ལྭ་བ་གྱོན།།
ཅང་ཤེས་རྟ་ཕོས་འཚེར་སྐད་ལྷང་ལྷང་ཀ་ཁའི་ཁ་ཆུ་འཇོལ་ལོ་ལོ།།
དཔྱིད་ཀྱི་ཕོ་ཉས་གསུང་སྙན་ལྷང་ལྷང་དཀར་དམར་མེ་ཏོག་ཕྲ་ཚོམ་ཚོམ།།
ཉི་ཟླའི་རི་བོར་སྦྲང་ཆར་སིམ་སིམ་འཇའ་དང་འོད་ཀྱི་གུར་ཁང་དུ།།
དབྱངས་གསལ་མཚོ་ཁར་ལིང་ལིང་ལྡིང་བའི་ལུ་གུ་དེ་ནི་ང་རང་ཡིན།།

བོད་རྒྱལ་ལོ་༢༡༤༩
ཡེ་ལོ་2022

མིག་བཙུམས་རྗེས་སླར་ཡང་ས་ཆ་ཞིག་བསུབ་ཐུབ་མི་འདུག
ཞེན་ཆགས་ཀྱི་བརྒྱུད་རིམ་དེ
ལྕེ་ཐོག་ལ་བྲིས་པའི་སྨོན་ཚིག་ཐུང་ངུ་ཞིག
སྡོད་ཁང་ནང་གི་ས་རྡུལ་དང་ནམ་མཁའ་ཡིན

如果你因为想念上师而掉了一滴眼泪
那这滴眼泪将是所有善业中最大的善业。
གལ་ཏེ་ཁྱོད་ཀྱིས་བླ་མ་དྲན་ནས་མིག་ཆུ་ཞིག་ཤོར་ན།
མིག་ཆུ་དེ་ནི་དགེ་བ་ཐམས་ཅད་ཀྱི་ནང་ནས་ཆེས་ཆེ་བའི་དགེ་བ་དེའོ
#——འཕགས་པ་ཀླུ་སྒྲུབ 龙树菩萨#


发布     👍 0 举报 写留言 🖊   
✋热门推荐
  • #网配圈的精彩互动# 2022.03.20伤羞(逆鳞无伤&卡修)微博互动被疫情居家封控好几天的壮壮,根据现况改词翻唱了一首歌,引来了羞羞……壮壮:《我封
  • (emm不对不对 好像格式就是被套用的吧……可可可可可是我看着不舒服啊……)我不在乎粉丝数量 怎么随心怎么来 本来在微博写这些东西也就仅仅是记录我的生活 有人喜
  • #西南交通大学希望学院[超话]##单招准考证准备发放# 伴随着清晨的第一缕霞光,工作人员已经早早的来到了场地,等待着同学们来领取自己的准考证。早早起床,等待着
  • 【#历史冷知识# 牙疼不是病,疼起来也要命!古人是怎么进行牙齿护理的?】 自古以来牙齿洁白整齐一直都被列为提升颜值的加分项。对于咱们现代人来说保持牙齿健康是一件
  • 今天po一下最近在用的定妆粉饼,是丽扬家新出的粉饼,还是老规矩从转➕评中抽四个姐妹每人一块~ 包装:一如既往的莫兰迪色系,颜值一直在线~ 粉质:轻薄
  • ——辛弃疾《摸鱼儿》尊前拟把归期说,未语春容先惨咽。——卢仝《楼上女儿曲》相恨不如潮有信,相思始觉海非深。
  • 《小小安妮》也治愈了我的内心,总是有种身临其境的感受[抱一抱]仿佛绿山墙就在我们身边 03/April/2022 最近在一节外国文学课上听到某位同学讲解《
  • 【聚焦315 | 惠州市公安机关全力打击涉食药知识产权违法犯罪】近年来,我市各级公安机关在省公安厅及市委、市政府和市公安局党委的领导下,立足公安职能,以坚定的决
  • 比如:楼下的玉兰花在第一次全员核酸的时候开的正盛,路过时又千篇一律的“生机勃勃”。可能生活本来就没有意义,但因为生命的鲜活与四季的鲜明,赋予了它价值。
  • 7、腮骨横张耳后见腮,心胸狭窄,报复心强。或许久而久之他俩会在一起,但是风本身性格所致就不太会有特别特别强烈的情感输出,然后盆等着等着那么多年也会累,他累了追不
  • 可惜他22岁就英年早逝,要不然汉王朝的历史估计会有更大的变化。7岁的时候成了人们称颂的神童,问的问题孔圣人无言以对。
  • 需要口罩,赶紧来这,江西日报社南昌分社、江西新闻客户端、南昌市英雄基金会携手免费送口罩!江西日报携南昌市英雄基金会免费送口罩】日前,南昌疫情防控形势持续向好,但
  • #刘宇宁鲜厨100# [酷]#刘宇宁新歌一座岛# [酷]#摩登兄弟[超话]# 摩登兄弟 [酷] mdxd [酷] 刘宇宁 [酷] lyn [酷]宁哥 我们的最
  • 当我听到这对父母这么说的时候,我心里1万个不愿意,因为我好不容易计划好我的晚年生活,我不想被父母打乱,但是父母非要回来我也不好拒绝,然后也只能让他们回来这边。如
  • 我嫉妒[悲伤])…以前的师徒我还是当兄弟情,这一季师徒两代人的感觉一下子就强烈了…算了,不嘚嘚了,睡觉,我要像咩逆生长,好困…(其实,这几张胖胖的老图,有类哲)
  • ”丁磊笑着回道:“在中国做手机最火爆的时候,有很多人找我说,丁总我们一起做手机吧,后来我想了想,但是我其实已经感觉到,有一个竞争对手,我们根本打不过他,就是华为
  • 对于温度裂缝,考虑到混凝土建筑对气温的"滞后效应",一般选择在混凝土体温度的低点进行灌浆堵渗漏水处 理,效果较好。 b.高分子注浆材料固化后
  • #李大辉# #李大辉优质主唱# 新扒动图~ 大辉呀~披萨好吃吗? 대휘야~피자 맛있엌ㅋㅋㅋㅋㅋ? 别只看披萨,也看一眼镜头呀~ 피자만 보지 말고 카메라도
  • 愿我在北方的冬天为你披件衣裳,愿我在一贫如洗能有你在身旁。愿我在北方的冬天为你披件衣裳,愿我在一贫如洗能有你在身旁。
  • 江川农场有限公司党委领导检查指导当前重点工作本网讯(王宏宇)7月27日上午,江川农场有限公司党委领导何军、鄢建宾、武玉刚,一行深入公司各作业站对当前农业重点工作