༄༅། །ན་མོ་གུ་རུ།
ཤར་གངས་རི་དཀར་པོའི་རྩེ་མོ་ན།།
སྤྲིན་དཀར་པོ་གནམ་ལ་སྙེགས་འདྲ་བ།།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེ།།
སྤྲིན་དཀར་པོ་ལྡིང་བའི་ཤར་ཕྱོགས་ན།།
འབྲོག་དགེ་ལྡན་རྣམ་པར་རྒྱལ་བ་དེར།།
མཚན་བརྗོད་པར་དཀའ་བའི་དྲིན་པོ་ཆེ།།
ཕ་བློ་བཟང་གྲགས་པ་ཡབ་སྲས་བཞུགས།།
ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས།།
ཆོས་ཟབ་ལ་ཤིན་ཏུ་རྒྱས་པར་གསུངས།།
བོད་ཁ་བ་ཅན་གྱི་སྐལ་ལྡན་ལ།།
མགོན་ཁྱེད་ཀྱི་བཀའ་དྲིན་བསམ་མི་ཁྱབ།།

སྒོས་སྙོམས་ལས་འཛིན་པའི་དགེ་འདུན་གྲུབ།།
བློ་ཅུང་ཟད་ཆོས་ལ་ཕྱོགས་པ་འདི།།
རྗེ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ཡིན།།
དྲིན་ཆེ་བར་ངེས་སོ་ཡབ་སྲས་རྣམས།།
དུས་འདི་ནས་བྱང་ཆུབ་སྙིང་པོའི་བར།།
རྗེ་ཡབ་སྲས་ཁྱེད་རྣམས་མ་གཏོགས་པར།།
སྐྱབས་རེ་ས་གཞན་དུ་མི་འཚོལ་བས།།
ཐུགས་བརྩེ་བའི་ལྕགས་ཀྱུས་དྲང་དུ་གསོལ།།
དྲིན་ཇི་བཞིན་འཁུར་བར་མ་ནུས་ཀྱང་།།
སེམས་ཆགས་སྡང་དབང་དུ་མ་སོང་བར།།
མགོན་ཁྱེད་ཀྱི་བསྟན་པ་འཛིན་པ་ལ།།
དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན།།
ལར་ད་ལྟ་གངས་རིའི་ཁྲོད་འདི་ན།།
རང་བསྟན་པ་འཛིན་པར་ཁས་ལེན་ཞིང་།།
གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན།།
ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས།།

གཞན་ཕུང་བར་འདོད་པའི་ཀུན་སློང་དང་།།
རྒྱུད་མཚན་འཛིན་དམ་པོས་བཅིངས་ལགས་ཀྱང་།།
ལམ་མཐོན་པོར་གནས་པའི་ཁས་ལེན་བྱེད།།
འདི་བརྟག་ན་ཀུན་གྱིས་ཁྲེལ་བའི་རྒྱུ།།

ལམ་གོལ་སར་རྒས་པའི་སྡུག་ཡུས་ཀྱིས།།
ཆོས་ཚུལ་བཞིན་བྱེད་པའི་གང་ཟག་ལ།།
རྒྱུད་ཁོང་ནས་འཁྲུགས་པའི་གདུག་སེམས་ཅན།།
གདོན་ཐུགས་ལ་ཞུགས་པ་མ་ལགས་སམ།།
དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར།།
ཤགས་འགྱེད་པ་ཙམ་གྱི་འཆད་ཉན་ཡང་།།
འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།།
གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་།།
དོན་དེ་ལྟར་གོ་བའི་བཤེས་གཉེན་ང་།།
སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་བསམ།།
སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོང་།།
དགྲ་ནང་ན་འདུག་པའི་ཉོན་མོངས་འདུལ།།
མི་ཁོ་བོའི་རྗེས་འཇུག་གྲོགས་པོ་རྣམས།།
ཡིད་ཕྱོགས་སུ་ལྷུང་བས་མི་འཆིང་བར།།
བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས།།
ལམ་དྲང་པོར་ཞུགས་པ་ཅིས་ཀྱང་ལེགས།།
གཏམ་འདི་ལ་བརྟེན་ནས་འགྲོ་བ་རྣམས།།
བྱམས་སྙིང་རྗེས་དྲངས་པའི་སེམས་བསྐྱེད་དང་།།
དབྱིངས་སྤྲོས་བྲལ་རྟོགས་པའི་ལྟ་བ་ཡིས།།
དཔལ་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག།
སྐུ་ལ་མཚན་དཔེའི་དཔལ་འབར་ཞིང་།།
གསུང་དབྱངས་ཡན་ལག་དྲུག་ཅུས་བརྒྱན།།
ཐུགས་ནི་ཟབ་ཡངས་མཁྱེན་བརྩེའི་གཏེར།།
དཔལ་ལྡན་བླ་མའི་བཀྲ་ཤིས་ཤོག།

ཅེས་པ་འདི་ནི་ཐམས་ཅད་མཁྱེན་པ་ཆེན་པོ་དགེ་འདུན་གྲུབ་པ་དཔལ་བཟང་པོས་གདུང་དབྱངས་སུ་མཛད་པའོ།། https://t.cn/ELkCGDg

དེ་རིང་ནི་བོད་རྒྱལ་ལོ་2149ལོའི་ཟླ་བཅུ་བའི་ཚེ་ཉེར་ལྔ་ཉིན།

༄༅།། རྗེ་བདག་ཉིད་ཆེན་པོ་ནི་རབ་བྱུང་དྲུག་པའི་བགྲང་བྱ་བྱའི་ཉག་མ་སོ་གཅིག་པ་མེ་མོ་བྱའི་ལོ་1357ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་ཤིང་། ཁོང་དགུང་ལོ་སོ་དྲུག་པར་འོལ་ཁ་རྫིང་ཕྱིའི་བྱམས་པ་རྟེན་དང་བརྟེན་པ་བཅས་ལ་ཞིག་གསོ་དང་། དགུ་ལོ་སོ་དགུ་པར་གཉལ་གྱི་ལུང་རར་ཆོས་འཁོར་རྒྱ་ཆེར་བསྐོར་བ། དགུང་ལོ་ང་གསུམ་པར་ཇོ་ཤཱཀ་རྣམ་གཉིས་ལ་དབུ་རྒྱན་ཕུལ་ཏེ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས། དགུང་ལོ་ང་དགུ་པར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྒྲུབ་མཆོད་ཆེན་མོ་བཙུགས་པ་སྟེ་མཛད་ཆེན་བཞི་དང་། ཁྱད་པར་དུ་རྗེ་བླ་མས་ཚད་མ་རིག་པ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་མངོན་པའི་བསྟན་བཅོས་ཡིན་པའི་ལྟ་བ་ཡང་དག་ཐོག་མར་བསྟན་ཅིང་། སྡེ་བདུན་སོགས་ཚད་མ་རིག་པའི་བསྟན་བཅོས་དེ་དག་ཏུ་བདེན་བཞིའི་བླང་དོར་ཐབས་དང་བཅས་པ་སྟོན་པས་ན་དེ་ནི་གྲོལ་བ་དོན་གཉེར་ལ་ཉེ་བར་མཁོ་འི་བསྟན་བཅོས་ཤིག་ཡིན་པར་གཏན་ལ་ཕབ་སྟེ། དེའི་ལོག་ཕྱོགས་འཛིན་པའི་ལྟ་ངན་སྣ་ཚོགས་ལ་དགག་པར་མཛད་དེ། ཚད་མ་རིག་པ་ནི་ནང་བསྟན་རིག་པ་བསླབ་པའི་ཡན་ལན་ཞིག་ཏུ་ཐོག་མར་བསྒྱུར་མཁན་ཏེ་ཡིན།
མཐར་དགུང་ལོ་རེ་གསུམ་སྟེང་སྤྱི་ལོ་1419ལོའི་ཟླ་བཅུ་བའི་ཚེ་ཉེར་ལྔ་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ།།




༄༅།། མདོར་ན་ཐུབ་བསྟན་མཐའ་དག་མ་ལུས་པ།།

བཤད་སྒྲུབ་གཉིས་ཀྱིས་ཆེས་ཆེར་གསལ་མཛད་པ།།

གངས་ཅན་འདི་ན་བསྟན་འཛིན་མཐའ་དག་གིས།།

རྟག་ཏུ་བསྔགས་པར་འོས་པ་ཁྱོད་ལ་འདུད།།


发布     👍 0 举报 写留言 🖊   
✋热门推荐
  • 其中京东方在报告期内一直是公司的第一大客户,在2020年度和2021年1-9月占比达到33%。第六,减分项:对大客户依赖较大。
  • 你们想快速了解学校的建筑布局吗?你们想快速了解学校的建筑布局吗?
  • 崇启大桥管理处负责人吴继森告诉记者,崇启大桥是沪崇苏跨江通道的重要组成部分,大桥的建成通车,不仅为沿线地区提供了一条便捷的出行通道,同时也促进了南通与上海的经济
  • “我心上的人在草原等我,我用一生兑现对你的承诺…”新晋民歌小天后罗丽珊2018年开春单曲《心上人在草原》用歌声传递一段美好的爱情…心上人在草原等着我,沉浸月色中
  • 记住,力的反作用力,你的心为众生,把功德都回向给受苦受难的众生,不出三年,你一定非常非常富贵!没事的时候就念,虔诚心念,真的会有钱的。  我们每次念完咒,一定要
  • 三粮液作为陕西传统的浓香型白酒,以传统的窖香味令人印象深刻,而酒水中的绵甜感也十分充足,所以在关中是很多关中子弟的日常口粮酒,虽然这款酒在陕西已经停产,但是很多
  • 网络上很多心灵鸡汤,也有很多大道理,但是人非圣贤,况且就算是圣贤也得吃饭,所以人为财死,鸟为食亡,此乃天经地义的事,我们努力工作,努力赚钱这是最自然不过的事情。
  • 所以说:“立秋黄昏后,热到寒露头”也就是说从今日开始,之后的六十日就是金气缓慢增长的过程,也就是凉气逐渐从黑夜往白天延伸的过程。这个过程贯穿整个秋季,一直到戌月
  • 中国极致美景德天瀑布像模特表演时装秀,早、午、晚各展现出不同的美景。©视觉中国中国极致美景德天瀑布像模特表演时装秀,早、午、晚各展现出不同的美景。
  • #王源[超话]##王源[超话]##美年达代言人王源##王源2022时和岁暖##得力品牌代言人王源##环球人物专栏王源说# “长大并不意味着一定要去探究每件事情的
  • 在徒步前往九子海一路上可以看到,宁静的高山牧场、原始的杜鹃花林、狰狞的岩石滩、云雾缥缈的山峰、终年不化的积雪……当这一切呈现在眼前,令人叹为观止,是一次非凡的视
  • 然后睡到差不多几点来着我忘记了,好像是九点左右吧,我有醒了,不知道为什么我点进了淘宝,然后买了个防晒霜都不带犹豫的那种,直接买,整个操作一分钟不到,等我真的完完
  • 李诚与老蔡不同,因为自己开公司多年,一直都是被别人捧着的老板,再加上对音乐十分认真,他不知道怎么圆滑处事,如果不是老蔡的提醒,李诚很有可能让公司丢掉一位网红歌手
  • 据此说,古代郫县地处卑洼之地,蒲草丛生,故称卑邑,合写为“郫”。历史学家任乃强先生所说,明白道出了其中的缘由:“蜀王所治郫邑,在今彭县(州)西北二十余里,属九陇
  • 书中想要缝制出美好新衣的安娜,帮助想要飞上天的巨人鸟实现愿望,同时也成就了自己,故事在诠释梦想主题的同时,也将互帮互助的处世观传递给小读者,并启迪小读者思考与身
  • ) 4『¥ 29.00』 【日本品牌】隅田川 美式咖啡280ml*6瓶+可乐1瓶(拍第1项) 5『¥ 39.00』 【149大券】加拿大进口:nordivik
  • 秋天快乐肖战@X玖少年团肖战DAYTOY老薛,首先谢谢你,曾经的我以为明星可能就是高高在上、为了赚钱,你的存在打破了我的观念,别人用音乐赚钱,你赚钱养音乐,然后
  • ”沉思前事,竟生出“往事已成空,还如一梦中”的情绪来,不免“泪湿春衫袖”正如秦观词云,“多少蓬莱旧事,空回首、烟霭纷纷。#中华好诗词##这就是中国风##陋室铭#
  • 平凡如我,独守着残缺的孤傲,在高耸的山崖吹风。平凡如我,独守着残缺的孤傲,在高耸的山崖吹风。
  • 高出生不胜寒,不知道,但记得在我能到达的最高处,为抢夺拍照点的男女大打出手,然后劝架的人一激动高反了…广阔水资源的远处,却未曾和水有更多接触…七岁上幼儿园,还有