དོ་དགོང་ལྷ་གཡག་འགན་འཛིན་པ་རྒན་མི་འགྱུར་ལགས་དང་། ཡོ་གའམ་རླུང་སྦྱོར་ཁྲིད་སྟོན་པ་གྲགས་ཅན་པདྨ་བཀྲ་ཤིས་ཞུ་བ་ཁོང་རྣམ་པ་གཉིས་ཀྱི་ཐད་གཏོང་ལམ་གྱི་བགྲོ་གླེང་ཞིག་ལ་བལྟས་ནས་བསྡད་བཞག ཧ་ཅང་ལྟ་རིན་འདུག་པའི་ཚོར་བ་བྱུང་། བརྗོད་བྱ་གཙོ་བོ་བདེ་ཐང་གཞི་རྩ་བྱས་ནས་གླེང་གི་འདུག་ལ། ཞོར་འཕྲོས་སུ་སྐྱེས་པ་ཞིག་ཡིན་ན། རང་གི་ཆུང་མར་བྱམས་སྐྱོང་དང་འདྲ་མཉམ་གྱི་ལྟ་བ་ལེགས་པོ་འཛིན་དགོས་པའི་གལ་གནད་དེ། ཁོང་གཉིས་ཀྱི་ལག་ལེན་དངོས་ཀྱི་ཉམས་མྱོང་དང་སྦྱར་ནས་ཧ་ཅང་ཞིབ་ཅིང་རྒྱས་པ་ཞིག་བཤད་སོང་། ཐ་ན་ཁ་ཟས་གཡོས་སྦྱོར་བྱེད་པ་དང་། ཀར་ཡོལ་བཀྲུ་བ་ཚུན་ཆད་ཆུང་མ་དང་འདྲ་མཉམ་གྱིས་དང་དུ་ལེན་དགོས་པའི་གལ་ཆེན་རང་བཞིན་དེ། ཁ་གསལ་གོ་བདེའི་ལམ་ནས་བཤད་སོང་ལ། བརྗོད་བྱ་དེའི་རིགས་ནི་བོད་ཀྱི་སྤྱི་ཚོགས་ནང་ཁ་ཚ་དགོས་གཏུགས་ཀྱིས་ཤུགས་ཆེར་གླེང་དགོས་པ་ཞིག་ཏུ་ཡང་མཐོང་ངོ་།། ཁོ་བོ་ནི་གྲྭ་བཙུན་ཞིག་ཡིན་པས་བརྗོད་བྱ་དེའི་རིགས་ལ་འབྲེལ་བ་གང་ཡང་མེད་ནའང་། བོད་ཀྱི་བུད་མེད་ཚོས་འདྲ་མཉམ་གྱི་ཐོབ་ཐང་མ་རག་པའི་དཀའ་སྡུག་གི་འོག་ན་ལུས་སེམས་གཉིས་ཀྱིས་གཉན་གནོན་མང་བོ་མྱོང་བཞིན་པའི་སྣང་ཚུལ་དེ། ཤིན་ཏུ་སེམས་ཀྱིས་མི་བཟོད་པ་ཞིག་འདུག་པས། མི་རྣ་འཇོན་ཐང་ཅན་ཁོང་རྣམ་པ་ཚོས་སྣེ་ཁྲིད་དེ། གནད་དོན་དེ་ཉིད་སེལ་ཐབས་སུ་ཅི་ནུས་ཀྱིས་འབད་བཞིན་པའི་ངང་ཚུལ་དེ། ཇི་འདྲའི་དགའ་འོས་པའི་དོན་བཟང་ཞིག་གོ།། གཞན་ཁོང་རྣམ་པ་གཉིས་ཀྱིས་འཚོ་བར་བདེ་སྐྱིད་འབྱུང་མིན་དང་། ལུས་སེམས་ལ་བདེ་ཐང་ལེགས་པོ་འབྱུང་མིན་ཡང་སྒོམ་གྱི་ཉམས་ལེན་དང་འབྲེལ་བ་ཧ་ཅང་ཆེ་བའི་ཚུལ་དེ། ལོ་མང་བོའི་རིང་ལ་སྒོམ་བརྒྱབ་པའི་ཉམས་མྱོང་དངོས་དང་སྦྲགས་ནས་འགྲེལ་བཤད་གྱ་ནོམ་པ་གནང་སོང་བས། སྐྱ་བོ་ཚོས་ཀྱང་སྒོམ་གྱི་ཉམས་ལེན་ལ་འདི་འདྲའི་དོ་སྣང་ཤུགས་ཆེན་པོ་སླེབས་ཀྱིན་ཡོད་པའི་དུས་འདིར། ཁོ་བོས་ནི་གྲྭ་བའི་གཟུགས་བརྙན་ཙམ་འཆང་ཁུལ་བྱས་ཡོད་ནའང་། ད་དུང་སྒོམ་དང་ཁ་ཐག་རིང་བོར་གནས་ཡོད་པའི་སྣང་ཚུལ་འདི་ཐབས་སྐྱོ་བ་ལ་སྙམ་སྟེ། རང་ལ་ངོ་གནོང་བ་དགོས་ཞིག་ཀྱང་ཆགས་སོང་།

࿐སེམས་ཀྱི་དགུ་སྒྲིལ།

སྐྱི་གཡའ་བའི་རྨི་ལམ་གྱིས་མཚན་མོ་དཀྲུགས་ཉིན
ཡན་ཤོར་བའི་རི་སྤྱང་གིས་ལུག་ཁྱུ་གཏོར་དུས
ད་དུང་གཙང་པོར་རྡོ་ཟམ་དང
རི་རབ་ཞགས་ཀྱིས་དཀྲིས་ཚེ
སྐེ་ནས་འབོར་མྱོང་མེད་པའི་དགུ་སྒྲིལ

ཁ་བ་བྱེ་རླུང་གིས་རྨས་ཤིང་གླེག་བམ་རྡུལ་དུ་བབས་དུས
གཡུང་དྭགས་འབྲོང་གིས་འཚོས་ཤིང་རྟ་ཁྱུ་རྐྱང་དང་འདྲེས་ཉིན
སྟོང་སྐུད་ཀྱི་ཛར་ཛར་ཆད་མྱོང་མེད་པའི་དགུ་སྒྲིལ
བྱིན་རླབས་ཀྱི་སྲོག་རྫོང་ཞིགས་མྱོང་མེད་པའི་དགུ་སྒྲིལ

མདོར་དེད་ན་དགུ་སྒྲིལ་འདི་འུ་ཚང་གི་གཞིས་སྲུང་ཡིན་ལ
དགུ་སྒྲིལ་འདི་འུ་ཚང་གི་སྦྲ་ཐིག་ཡིན

ཨ་བྱིན་རླབས་ཅན་གྱི་དགུ་སྒྲིལ་ལགས
མགུལ་ཐག་སྲིན་གྱིས་རྨུག་པའི་མཚན་གུང་དེར་ཡང
ཁ་བའི་རི་ཚོམས་སུ་ཁྱོད་གཟི་འོད་ཀྱིས་འཚོ་དགོས

གོ་བྲག་པདྨ་བསམ་འགྲུབ།

2022/12/1/༡༠/༨/

ད་ལོར། ལན་རེར་ཁུ་སིམ་མེར། ལན་རེར་འུར་ཆིལ་ལེར།

ད་ལོར། འདི་ལྟར་སློབ་འགོ་ཚུགས་ཏེ་སྤྱི་ཟླ་བཅུ་གཉིས་པར་སླེབས། སློབ་སྐབས་འདི་རྫོགས་པར་ཟླ་གཅིག་ཙམ་མཆིས། དོན་དུ་རྩིས་འཁོར་གྱི་བརྙན་མིག་ལ་ཅེར་ནས་ཟླ་གསུམ་ཙམ་འདས། དུས་ཚོད་ཀྱི་གསང་བ་ཡོད་དོ་ཅོག་སྒེའུ་ཁུང་ལས་ཟད། བརྙན་མིག་ལས་རྫོགས། གསར་འགྱུར་གྱི་བསླུ་བྲིད་འདི་དག་ཟ་འཕྲུག་ཅིག་དང་འདྲ་བར། ག་དུས་ཀྱང་སོས་དལ་དུ་མི་འཇུག གཉིད་བདེ་རུ་མི་འཇུག ཁམས་དྭངས་སུ་མི་འཇུག མིག་ཟུང་རིག་རིག་གིས། རྣ་གཤོག་ཀྲོང་ཀྲོང་གིས། རིག་པ་བསྒྲིམས་དྲགས་པས། དམིགས་པ་གཏད་དྲགས་པས། ལུས་སེམས་ཀྱི་སྟོབས་ཟད། མདངས་ཉམས། ་་་ ་་་


发布     👍 0 举报 写留言 🖊   
✋热门推荐
  • 果汁含量35%瓶身所有滴图案都是国内新锐插画师定制,属于olinda的独一无二✏️除了树莓口味接下来还会有更多口味推出,一起期待(⁎⁍̴̛ᴗ⁍̴̛⁎)️️️《天
  • #2020年4月19日周日晚八点上新#〓SD12003〓PE。法式风情棉质泡泡中袖连衣裙。Emerald。这款小裙子的新色也给它赋予了全新的感觉,相比较粉色蓝色
  • 想起四年前的这时,我生完小孩有三个小时了,那是我饿着肚子用了三个小时生到呕才生出来的七斤半的孩子,生完后又观察一小时喝水排尿两小时后终于可以有空吃东西,可惜太晚
  • 剧致敬中国传统文化—京剧,商老板的扮相,台词,身段真的一绝。。
  • 那么这所谓的ZF究竟是什么人,现在就来看一看。这个只手遮天、翻云覆雨的所谓“Z粉”究竟是怎样工作的?
  • 形式主义的仪式终于结束了我真是疲于应付这些人情礼往这种形式真够有病的赔钱还累人今天差点没气死我我婆婆的婆婆也就是我对象的奶奶九十多了 连路都走不稳了 还非要抱
  • !!
  • “我有幸在耐克工作一段时间,和勒布朗-詹姆斯那样的球员共事,真的教会我关系的价值,品牌的价值。 有些女生会在失恋之后自嘲:“我现在才知道,原来我是个情绪那么不稳
  • 就是特别的相信相信你。只能让自己足够强大和优秀,才能堵住他们的嘴。
  • 恭喜大婷婷团队省代sunny️发布会名额恭喜大婷婷团队省代漫宝️发布会名额恭喜大婷婷团队省代双双️发布会名额恭喜大婷婷团队省代菲大️发布会名额恭喜大婷婷团队省代
  • 坚持自己所选择的,相信自己所坚持的,才是属于你自己的正确道路。 断联,其实也是调动情绪的一种,原本在一起的两个人突然不见面不联系了,任何一方都会有情绪上的波动,
  • 没错,又是我.[嘻嘻]我又来...晚啦,前面在不停地验证修改上传[允悲]然后,在2.14节日结束前还是郑重宣布下,今天的情人节特别企划是—【你说什么JI桑唱/跳
  • 假如我们再相遇,肯定一眼就认得出彼此…#你的名字[超话]#新一:喜欢你,我比任何人都喜欢你…小兰:你没事就好,怕你出了什么事…有些人,从相遇那天起,“命运”就紧
  • #任嘉伦[超话]# rjl#任嘉伦秋蝉# 几经独行,尽舞人间,蝉鸣之时,填满狂欢[威武] 为庆祝5月4日@任嘉伦Allen 主演电视剧《秋蝉》 将在江苏卫视、
  • ”赵锦的爸爸在北京工作,为了不耽误她工作,他都是给赵锦的妈妈打电话询问情况。“说实话,这是我阔别了十年的地方,因为我曾在这里工作了15年,所以当我看到那熟悉的人
  • 3.不可以只用自己喜欢的人。希望我们都别被别人牵着走,因为想要牵你的不一定是人是鬼。
  • 【「意法美食节」隆重登场】不能去旅行,就在家里煮个意/法大餐犒劳下自己吧! ​​​#熊猫去旅行# ,#带着微博去旅行##敦煌旅游张掖西宁青海湖旅游包车##敦煌
  • 女刑警队长这个饼不错,花太弱吃不下,不是指花不抗剧,是指这种设定花去变成偶像剧,咋看都是偏青衣类的饼,这个人设让我想到任长霞和麻辣女兵里边旅长,刘佳马丽和这类型
  • 根据省新冠肺炎疫情防控指挥部3月17号通告要求,结合我市实际,自3月1日以来所有境外返襄入襄的人员均应主动向居住地社区(村)报告相关情况,并按规定实施医学隔离观
  • [太阳]人生海海:每一个人都不可避免地要活在别人的嘴里,我们虽然安慰自己不要在意别人的看法,却还是忍不住暗自努力,妄图成为别人嘴里最体面的那一句。我当时真的有一